- His Holiness the 14th Dalai Lama "The most important use of knowledge and
education is to help us understand the importance of
engaging in more wholesome actions and bringing about
discipline within our minds."
COURSES ABOUT US Education, Cultural identity and self-reliance

NEWS

ANNOUNCEMENTS

Dalai Lama Quotes

EVENTS

ON CAMPUS

The Dalai Lama Institute for Higher Education
The Dalai Lama Institute for Higher Education
མཐོ་སློབ་ཀྱི་གསར་གནས།
ཁ་སང་ཕྱི་ཚེས་གཅིག་དང་དེ་རིང་ཕྱི་ཚེས་གཉིས་སོ་སོར། འདི་ག་མཐོ་སློབ་ཀྱི་ཆེད་སྦྱོང་སྡེ་ཚན་གྱི་ལོ་འདིའི་རྒྱུགས་དུས་གཉིས་པའི་སློབ་མགོ་གསར་འཛུགས་དང་འབྲེལ་དགེ་སློབ་འདུ་འཛོམས་གནང་།
དེ་ཡང་བར་བརྒལ་སློབ་སྤྱི་འབུམ་རམས་པ་བསྟན་འཛིན་དགེ་རྒྱས་མཆོག་དབུ་བཞུགས་ཐོག འདི་གའི་འཛིན་སྐྱོང་དང་ཉམས་ཞིབ་སྡེ་ཚན་གྱི་འགན་འགན་འཛིན་དགེ་བཤེས་བློ་བཟང་རྒྱལ་མཚན་དང། ཉེ་བའི་གཙུག་ལག་རབ་འབྱམས་པའི་སྡེ་ཚན་འགན་འཛིན་ཨཱཙཱརྱ་ཆོས་རྒྱལ་བཀྲ་ཤིས་གཙོས་ཆེད་སྦྱོང་སྡེ་ཚན་གྱི་སློབ་དཔོན་རྣམ་པ་དང་། སློབ་གཉེར་པ་བཅས་མཉམ་འཛོམས་ཀྱིས་གསར་ཞུགས་སློབ་གཉེར་པ་དག་ལ་མཐོ་སློབ་འདི་གའི་བསླབ་གཞི་དང་། སློབ་ཚན་ཆ་བགོས། རྒྱུགས་སྤྲོད་ལམ་ལུགས་སོགས་ངོ་སྤྲོད་དང་། དམིགས་བསལ་ཆེད་སྦྱོང་སྡེ་ཚན་གྱི་སློབ་གཉེར་པ་དག་གིས། སློབ་སྦྱོང་ལ་བརྩོན་འགྲུས་དང་། དུས་ཚོད་དང་གོ་སྐབས་དམ་འཛིན། དུས་རྒྱུན་དཔེ་ཀློག་དང་རྩོམ་བྲིས་སོགས་རང་ལ་དོན་ལྡན་ཞིང་གཞན་ལ་དཔེ་འོས་པ་མཛད་གལ་ཆེ་ཚུལ་འབྲེལ་ཡོད་སློབ་སྤྱི་དང་དང་འགན་འཛིན་རྣམ་པས་གསུང་གླེང་ནན་མོ་གནང་།
ད་ཐེངས་ཀྱི་ལྷན་འཛོམས་འདི་ནི་ཏོག་དབྱིབས་ནད་ཡམས་ཁྱབ་བརྡལ་རྗེས་སུ་ཆེད་སྦྱོང་སྡེ་ཚན་གྱི་དགེ་སློབ་མཉམ་འཛོམས་ཐོག་མ་དེ་གྱུར་ཡོད་ཅིང་། འདི་ལོ་ཕྱི་ཟླ་གསུམ་པ་ནས་བཟུང་ཏོག་ནད་སྔོན༌འགོག་གི་བྱ་ཐབས་ལག་བསྟར་འོག འཛིན་ཁང་དུ་འཛིན་གྲྭ་སྔར་རྒྱུན་བཞིན་འཚོགས་རྒྱུ་རེད།

TIBETAN RESEARCH CENTER: Advance research into all dimensions of the Tibetan Language, Culture..

Explore DLIHE

The Institute is the first of its kind in the Tibetan community in India and as well as the world – filled with Inspiration, Innovation and countless opportunities to explore.

Visit DLIHE

DLIHE Social                   

Menu