Events, News

འབུམ་རམས་པ་སྐབས་དང་པོ།

ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༢༨-༢༩ ཉིན་གཉིས་རིང་། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་ཆེས་ཐོག་མའི་སྐབས་དང་པོའི། འབུམ་རམས་པའི་མཐའ་མའི་ངག་རྒྱུགས་དམ་འཇོག་ (VIVA-VOICE EXAM) ལེགས་པར་གྲུབ་ནས།
གཤམ་གསལ་འབུམ་རམས་པའི་སློབ་གཉེར་བ་རྣམས་ལ། དཔལ་ལྡན་སློབ་སྤྱི་འབུམ་རམས་པ་བསྟན་འཛིན་པ་སངས་མཆོག་ནས། བྷེང་ལོར་ཆེས་མཐོའི་གཙུག་ལག་ཁང་གི་ངོས་འཛིན་ཡོད་པའི། ལེགས་ཐོན་ཚད་འཛིན་བྱུང་བའི་ཡོངས་ཁྱབ་གསལ་བསྒྲགས་གནང་ཞིང་།
དེ་རིང་་ཚེས་ ༢༠༢༣ ཟླ་ ༡༡ ཚེས་ ༣༠ སྔ་དྲོ་ཚོུད་བཅིུག་ཐོག སྐུ་མགྲོན་མགྲོན་གཙོ་བོ། བྷེང་ལོར་ཆེས་མཐོའི་གཙུག་ལག་ཁང་གི་རྒྱུགས་ཞིབ་ཁང་གི་རིག་དྲུང་ཆེན་མོ་སྐུ་ཞབས། Prof. Srinivas Chowdapa མཆོག་དང་། དམིགས་བསལ་སྐུ་མགྲོན། བྷེང་ལོར་ཆེས་མཐོའི་གཙུག་ལག་ཁང་གི ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་ཆེད་སྦྱོང་སྡེ་ཚན་གྱི་ལམ་སྟོན་པ་སྐུ་ཞབས། Prof. C.S. Karigar མཆོག
ཆེད་ཕེབས་སྐུ་མགྲོན་བོད་ཁྱིམ་སྤྱི་ཁྱབ་གཙོ་འཛིན་རྒན་བསོད་ནམས་སྲིད་གཅོད་ལགས། ཝཱ་ན་དང་སཱ་ར་་མཐོ་སློབ་ཀྱི་འབུམ་རམས་པར་རྒྱུགས་བཞེས་གནང་མཁན་གྱི་བཀུར་འོས་སློབ་དཔོན་ཆེན་མོ་རྣམ་པ། དགེ་ལས་སློབ་གཉེར་དང་། ནང་མི་གཉེན་སྤུན་འཁོར་བཅས་ལྷན་འཛོམས་ཐོག
སྐབས་དང་པོའི་སློབ་ཐོན་སློབ་མ་བདུན་ལ། འཕྲལ་སེལ་འབུམ་རམས་ཕྱག་འཁྱེར་ (PROVISIONAL CERTIFICATE) གནང་རྒྱུའི་དམིགས་བསལ་བསླབ་པ་མཐར་སོན་གྱི་དགའ་སྟོན་མཛད་སྒོ་གནང་ཡོད། 

འདི་ནི་ལྷ་སྐུ་ཨ་མ་རྗེ་བཙུན་པདྨ་མཆོག་དང་། བོད་ཕྲུག་ཁྱིམ་སྡེའི་རིང་ནས་བརྣག་པའི་རྨི་ལམ་སྟེ། བོད་རིག་པའི་སྐད་ཡིག་ཐོག སྔོན་འགྲོ་ནས་འབུམ་རམས་བར་གྱི་དགོངས་གཞི་མངོན་འགྱུར་བྱུང་བའི་གཏམ་བཟང་ངོ་།།