News

Middle Way Approach Awareness Talk

༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༤ ཚེས་ ༠༦ རྒྱལ་སྤྱིའི་དབུ་མའི་ལམ་མི་མང་གི་ལས་འགུལ་ཁང་གི་ཚོགས་གཙོ་དགེ་བཤེས་བློ་བཟང་ཆོས་འཕེལ་དང་། དྲུང་ཆེ་བསྟན་འཛིན་བཤེས་གཉེན་རྣམ་གཉིས་འདི་ག་ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་དུ་ཕེབས་ཏེ་ཨ་ཀ་མའི་ཚོགས་ཁང་དུ་ཕྱག་ཚོད་ ༡༢་༠༠ ནས་ ༠༡་༣༠ བར་ལས་སློབ་ཡོངས་ལ། བརྗོད་གཞི་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོའི་དགོངས་གཞི་དང་ལམ་སྟོན་གནང་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་བྱུང་རིམ་དང་། གྲུབ་འབྲས། ངོ་བོ། ཁྱད་ཆོས་ཀྱི་སྐོར་ངོ་སྤྲོད་གཏམ་བཤད། དེ་བཞིན་དྲི་བ་དྲི་ལན་བཅས་ཀྱི་ལས་རིམ་གནང་། ལས་རིམ་འདིའི་བརྒྱུད་དམངས་ལ་དབུ་མའི་ལམ་གྱི་བགྲོ་གླེང་དང་གོ་རྟོགས་ཡག་པོ་ཐོབ་པའི་གོ་སྐབས་རྩ་ཆེན་ཞིག་བྱུང་།

On April 6, 2024, Director Venerable Geshe Lobsang Choephel and Secretary Ms. Tenzin Shinyi of the Global Tibetan Movement for Middle Way Approach Association addressed faculty members and students at the Aa Ka Ma Seminal Hall at the Dalai Lama Institute for Higher Education. Their presentation focused on the evolution, introduction, definition, and outcome of the Middle Way Approach policy, originally introduced by His Holiness the 14th Dalai Lama. During the session, they provided insights into the principles and significance of the Middle Way Approach and its relevance in contemporary contexts. Following their presentation, they engaged with the audience in a Q&A session, answering questions and further discussing the topic. This event provided an invaluable opportunity for dialogue and exploration of the Middle Way Approach within the academic community.

keyboard_arrow_up