སློབ་བསྡུའི་དུས་བཀག་འཕར་འགྱངས།

སློབ་བསྡུའི་དུས་བཀག་འཕར་འགྱངས། 
ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་བོད་ཀྱི་རིག་གནས་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་གཙུག་ལག་རབ་འབྱམས་པའི་སློབ་མ་གསར་བསྡུའི་གསལ་བསྒྲགས།

སློབ་དུས་ཕྱི་ལོ་ ༢༠༢༡ ནས་ ༢༠༢༢།

༄༅།།སྦེང་ལོར་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་བོད་ཀྱི་རིག་གནས་ཉེ་བའི་གཙུག་ལག་རབ་འབྱམས་པ་(BA in Tibetan Studies)དང་གཙུག་ལག་རབ་འབྱམས་པའི་སློབ་མ་(MA in Tibetan Studies)གསར་འཇུག་གནང་གཏན་འཁེལ་བའི་གསལ་བསྒྲགས་དེ་སྔོན་ཕྱི་ཟླ་ ༦ ཚེས་ ༥ ཉིན་ཕུལ་ཟིན་ཀྱང་། ཡུལ་དུས་གནས་སྟངས་ལ་གཞིགས་ནས་ཕྱི་ཟླ་ ༧ པའི་ཚེས་ ༢༠ བར་འཕར་འགྱངས་བྱ་རྒྱུ་དང་། ཉེ་བའི་གཙུག་ལག་རབ་འབྱམས་པའི་ནང་བོད་ཁྱིམ་སློབ་མ་གང་ཞིག་ཆ་སྙོམས་བརྒྱ་ཆ་ ༥༠ ལོན་ཞིང་བོད་ཡིག་བརྒྱ་ཆ་ ༦༠ ་ལོན་པ་དག་ལའང་དམིགས་བསལ་སློབ་ཡོན་གྱི་བཀའ་འཁྲོལ་ཐོབ་ཅིང། བོད་ཁྱིམ་ཁྱབ་ཁོངས་མིན་ན་ཡང་། ཆ་རྐྱེན་ཚང་བའི་དོན་གཉེར་ཅན་བོད་ཡིག་ཆེད་སྦྱོང་སྡེ་ཚན་ཁོངས་སུ་འཛུལ་ཞུགས་བྱེད་མཁན་དག་ལའང་སློབ་ཡོན་དགོངས་བཞེས་གནང་བའི་བཀའ་འཁྲོལ་ཐོབ་པ་ལགས་ན། བོད་ཀྱི་རིག་གནས་ཐོག་ཉེ་བའི་བའི་གཙུག་ལག་རབ་འབྱམས་དང་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་གནང་འདོད་ཡོད་རིགས་ནས་གཤམ་གསལ་བརྒྱུད་ལམ་ལྟར་ཞུ་སྙན་འབུལ་འཐུས། སློབ་འཇུག་ས་མིག་གི་གྲངས་ཚད་དང་ཆ་རྐྱེན་གཞན་དེ་སྔོན་གསལ་བསྒྲགས་སྔོན་སོང་ལྟར་རང་སོར་གནས་ཡོད།

སྙན་ཞུ་འབུལ་ཕྱོགས་དང་དུས་བཀག
  • འཛུལ་ཞུགས་སྙན་ཞུའི་འགེང་ཤོག (Google Form) གྱི་དྲ་རྟགས་ཟུར་སྦྱར་བརྒྱུད་སོ་སོའི་གློག་འཕྲིན་དང་ད་ལྟའི་སྡོད་གནསཁ་བྱང་། ཁ་པར་ཨང་གྲངས་སོགས་དགོས་ངེས་ལོ་རྒྱུས་ཁ་གསལ་བཀོད་དེ་ཕྱི་ཟླ་ ༧ པའི་ཚེས་ ༢༠ འགྱང་མེད་འབུལ་ཐུབ་པ་དགོས།
  • དོགས་འདྲི་གནང་དགོས་ཚེ་ཆེད་སྦྱོང་སྡེ་ཚན་གྱི་སློབ་སྤྱི་གཞོན་པའི་གློག་འཕྲིན་ཁ་བྱང་། སྙན་ཞུ་འགེང་ཤོག་བརྒྱུད་འབུལ་མ་ཐུབ་ན་གཤམ་གསལ་ཀློག་འཕྲིན་ཐོག་ཡིག་འབྲེལ་བརྒྱུད་སློབ་འཇུག་སྙན་ཞུ་འབུལ་འཐུས། [email protected] དང་ཁ་པར་ཨང་། 8318168863 ཐོག་འབྲེལ་བ་གནང་རོགས་ཞུ།
༸ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་ཡིག་ཚང་ནས་ ༢༠༢༡ ཟླ་ ༦ ཚེས་ ༢༣ ཉིན།

 

Related Posts

No results found.

Menu