ངོ་སྤྲོད།
སྡེ་ཚན་འདི་ཕྱི་ལོ་ ༢༠༠༡༢ ལོར་གསར་འཛུགས་བྱས། ཐོག་མའི་འཛིན་གྲྭ་དེ་ལ་སློབ་ཕྲུག་ཉི་ཤུ་རྩ་བརྒྱད་དང་རྒྱའི་སྐད་ཡིག་སློབ་ཁྲིད་གནང་མཁན་བཞི་ཡོད།
རྒྱུགས་དུས་ཀྱི་སྒྲོམ་གཞི།
- རྒྱུགས་དུས་དང་པོར་སློབ་ཚན་ལྔ་ཡོད་པའི་ཁོངས་ནས། རྒྱའི་སྐད་ཡིག་ཐོག་སློབ་ཚན་གཙོ་བོ་གསུམ་དང་། དབྱིན་ཡིག་སྐད་ཡིག་ཕལ་བ་དང་།བོད་ཡིག་ལྷན་ཐབས་སྐད་ཡིག་གི་ཚུལ་དུ་སྦྱོང་བ་ཡིན།
- རྒྱུགས་དུས་གཉིས་པར་སློབ་ཚན་ལྔ་ཡོད་པའི་ཁོངས་ནས།གཙོ་བོ་གསུམ་རྒྱ་ཡིག་དང་། དབྱིན་ཡིག་སྐད་ཡིག་ཕལ་བ་དང་།བོད་ཡིག་ལྷན་ཐབས་སྐད་ཡིག་ཡིན།
- རྒྱུགས་དུས་གསུམ་པར་སློབ་ཚན་གསུམ་ཡོད་ཁོངས་ནས་གཙོ་བོ་གསུམ་རྒྱ་ཡིག་དང་།དབྱིན་ཡིག་སློབ་ཚན་ཕལ་བ།བོད་ཡིག་ལྷན་ཐབས་སྐད་ཡིག་གི་ཚུལ་དུ་སློབ་རྒྱུ།
- རྒྱུགས་དུས་བཞི་པར་སློབ་ཚན་ལྔ་ཡོད་ཁོངས་ནས་གཙོ་བོ་གསུམ་རྒྱ་ཡིག་དང་། དབྱིན་ཡིག་སྐད་ཡིག་ཕལ་བ་དང་།བོད་ཡིག་ལྷན་ཐབས་སྐད་ཡིག་ཏུ་སློབ་རྒྱུ།
- རྒྱུགས་དུས་ལྔ་པའི་སློབ་ཚན་ཁོངས་ནས་གཙོ་བོ་གསུམ་རྒྱ་ཡིག་དང་།དབྱིན་ཡིག་སློབ་ཚན་ཕལ་བ་དང་། ཁོར་ཡུག་རིག་པ་དང་།མང་གཙོ་དང་རྩ་ཁྲིམས་བཅས་གཉིས་སྤྱིེར་བཏང་སློབ་ཚན་ཡིན།
- རྒྱུགས་དུས་དྲུག་པར་སློབ་ཚན་གཙོ་བོ་གསུམ་རྒྱའི་སྐད་ཡིག་དང་། སློབ་ཚན་ཕལ་བར་དབྱིན་ཡིག་དང་།གློག་ཀླད་ཀྱི་རྨང་གཞིའི་ཤེས་བྱ་སྤྱིེར་བཏང་སློབ་ཚན་དུ་སློབ་དགོས།
- རྒྱུགས་དུས་བདུན་པར་སློབ་ཚན་གཙོ་བོ་གསུམ་རྒྱའི་སྐད་ཡིག་དང་། སློབ་ཚན་ཕལ་བར་དབྱིན་ཡིག་དང་། སྤྱིེར་བཏང་སློབ་ཚན་དུ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སློབ་དགོས།
- རྒྱུགས་དུས་བརྒྱད་པར་གཙོ་བོར་ལས་འཆར་གཅིག་དང་དངོས་སྦྱོང་གཅིག ཕལ་བར་དབྱིན་ཡིག་སློབ་ཚན་བཅས་ཡིན།
ལས་འཆར་འདི་ཉིད་སློབ་གླིང་འདིེར་འཛུགས་པའི་དགོས་དོན་ནི།
- རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་དང་འབྲེལ་བའི་རྒྱའི་སྐད་ཡིག་འདི་ཉིད་འཛམ་གླིང་གི་སྐད་ཡིག་ཁྲོད་གནས་བབ་མཐོན་པོ་བཟུང་ཡོད།
- ཆབ་སྲིད་ཀྱི་ཐོག་ནས་བཤད་ན་༸གོང་ས་སྐྱབས་མགོན་ཆེན་པོའི་ཡང་དག་པའི་དབུ་ཁྲིད་ལྟར་བོད་དོན་ཐག་གཅོད་ལ་བོད་མི་ཚོས་རྒྱ་རིགས་དང་མཉམ་དུ་ཞི་བའི་གྲོས་མོལ་བྱེད་པར་རྒྱའི་སྐད་ཡིག་ཤེས་རྒྱུ་གལ་ཆེའི་རིན་ཐང་ལྡན་ཡོད།
- སྡེ་ཚན་འདིའི་དམིགས་ཡུལ་གཞན་ཞིག་ནི། སྔ་མུས་ནས་རྒྱའི་སྐད་ཡིག་ཐོག་ཤེས་རྟོགས་ཟབ་མོ་ལྡན་པའི་བོད་ནས་གསར་དུ་འབྱོར་བའི་བོད་ཕྲུག་རྣམས་ཀྱི་རྒྱའི་སྐད་ཡིག་གི་ཤེས་ཚད་གོང་མཐོར་བཏང་སྟེ། མཐར་རྒྱའི་སྐད་ཡིག་འདི་ཉིད་བོད་དོན་འཐབ་རྩོད་ནང་བེད་སྤྱོད་སྔར་ལྷག་གཏོང་ཐུབ་པ་ཡིན།
རྒྱའི་སྐད་ཡིག་དང་རྩོམ་རིག་སྡེ་ཚན་ངོས་ནས་ཁག་ཐེག་བྱེད་ཐུབ་པ་ཁག་ནི།
- སྐད་ཡིག་གི་གནས་རིམ་ཐད།རྒྱའི་སྐད་ཡིག་ཐོག་རྩོམ་བྲིས་དང་དཔྱད་ཞིབ་བཅས་བྱེད་ཐུབ་པའི་ཚད་དུ་སོན་དགོས་པ།
- རྩོམ་རིག་གི་གནས་རིམ་ཐད། རྒྱའི་རྩོམ་རིག་ལ་སྤྲོ་སྣང་དང་མྱོང་རོལ་བྱེད་ཐུབ་པ།
- རིག་གཞུང་གི་གནས་རིམ་ཐད།མི་ཚེའི་སྙིང་བོ་འཚོལ་སྙེག་དང་མཉམ་དུ་མི་ཚེའི་འབྱུང་སྤུས་གོང་མཐོར་གཏོང་བ།
- ཞིབ་དཔྱོད་ནུས་རྩལ་ཐད།སློབ་ཕྲུག་ཚོའི་རིག་པའི་གཞུང་ལུགས་ཀྱི་རིན་ཐང་གི་ལྟ་བའི་སྒྲོམ་གཞི་ཚུགས་པར་རོགས་རམ་བྱེད་ཐུབ་པ།
སློབ་སྦྱོང་གི་ཁྱབ་ཁོངས
སློབ་ཚན་གཙོ་བོ།
- དེང་རབས་རྒྱ་ཡིག
- སློབ་མའི་ཤེས་ཡོན་གྱི་སྤུས་ཚད།
- གནའ་རབས་ཀྱི་རྒྱ་ཡིག
- འབྲི་རྩོམ་གྱི་སྦྱོང་བརྡར།
- གཞུང་ལས་ཟུར་སྦྱོང་།
- དེང་རབས་སམ་ད་ལྟའི་དུས་ཀྱི་རྒྱའི་རྩོམ་རིག
- རྒྱ་ནག་གི་དེང་རབས་རྩོམ་རིག
- རྒྱ་ནག་གི་སྲོལ་རྒྱུན་རིག་གཞུང་གི་སྤྱི་དོན།
- གསར་འགྱུར་འབྲི་རྩོམ་སྦྱོང་བརྡར།
- གནའ་རྩོམ།
- རྒྱའི་སྐད་ཡིག་གི་བརྡ་སྤྲོད།
- རྒྱའི་ཁ་སྐད།
- གཙུག་ལག་རིམ་པའི་སྐད་ཡིག
- བོད་ཡིག་དང་རྒྱ་ཡིག་གི་ཡིག་སྒྱུར་བྱེད་ཕྱོགས་ཐད་ཀྱི་རྣམ་གཞག་དང་སྦྱོང་བརྡར་དངོས།
སློབ་ཚན་ཕལ་བ།
- བོད་ཀྱི་སྐད་ཡིག
- བོད་ཀྱི་ནང་བསྟན།
- དབྱིན་ཡིག
- གློག་ཀླད་ཀྱི་རྨང་གཞི་ཤེས་བྱ།
སློབ་ཡུན།།
ཟླ་བ་གསུམ་གྱི་དངོས་སྦྱོང་ཚུད་པའི་སྦྱོང་ཚན་འདི་དག་ལོ་བཞིའམ་རྒྱུགས་དུས་བརྒྱད་ཀྱི་དུས་ཡུན་ནང་སློབ་དགོས།
རྒྱའི་སྐད་ཡིག་དང་རྩོམ་རིག་ཆེད་སྦྱོང་རབ་འབྱམས་སྐོར་ཞིབ་གནས་དགོས་ན་འདི་ལ་ནོན།
དམིགས་ཡུལ་དང་ནུས་པ།
སྡེ་ཚན་འདིའི་ཤེས་ཡོན་རང་བཞིན་གྱི་དམིགས་ཚད་ཁག་གཤམ་གསལ།
- རྒྱའི་སྐད་ཡིག་ཐོག་ཆེད་ལས་རང་བཞིན་ལྡན་པ་དེས་འཛམ་གླིང་ཁྱོན་ལ་བོད་ཀྱི་གནས་སྟངས་སྐོར་གོ་རྟོགས་སྤེལ་བའི་མཐུན་རྐྱེན་དུ་འགྲོ་དགོས་པ།
- རྒྱའི་སྐད་ཡིག་གི་བེད་སྤྱོད་སྣ་ཚོགས་པ་དག་ལག་ལེན་དུ་བསྟར་བ།
- སློབ་མའི་རྩོམ་རིག་གི་མཛེས་རྟོག་རིག་སྟོབས་གོང་འཕེལ་གཏོང་བ།
- སློབ་མའི་རིག་གཞུང་གི་གོ་རྟོགས་དང་མི་སྤུས་ཕྱོགས་ཡོངས་ནས་གོང་མཐོར་གཏོང་བ།
སློབ་མ་དག་གིས་གཤམ་གསལ་གྱི་ནུས་འཇོན་བརྒྱད་རྣམས་བདག་གིེར་གཟུང་ཡོང་།
- རྩོམ་རིག་ཀློག་པ་དང་མྱོང་རོལ་བྱེད་པ།
- སྤུས་ཚད་མཐོ་བའི་རྩོམ་བྲིས་དང་འཆད་རྩལ།
- དགོས་ངེས་རྒྱུ་ཆ་ཁག་བསྡུ་སྒྲིག་བྱེད་ནུས་པ་དང་།རྒྱུ་ཆ་རྙོག་འཛིང་ཅན་རྣམས་ཤེས་རྟོགས་ནུས་པ།དེ་བཞིན་བྲིས་རྩོམ་དག་ལ་དག་བཅོས་བྱེད་ནུས་པ།
- ངག་ཐོག་དང་མི་སྒེར་ཕན་ཚུན་དབར་གཏམ་མོལ་བྱེད་པའི་བཤད་རྩལ་ལེགས་པ།
- ཚད་མཐོ་བའི་བཟང་སྤྱོད་དང་སྒྲིག་ཁྲིམས་སློབ་གཉེར་གྱི་ནུས་པ།
- གནའ་རབས་ལུགས་ཀྱི་ཤེས་ཡོན་ལ་རྒྱ་མངའ་ལྡན་ཞིང་།དེ་ཉིད་ཉིན་རེའི་འཚོ་བ་ནང་གསར་གཏོད་དང་བེད་སྤྱོད་བྱེད་ནུས་པ།
- རུ་ཁག་གམ་ཚོགས་པའི་ནང་ལས་ཀ་བྱེད་ནུས་པ་དང་།དཀའ་རྙོག་དང་ལས་ཀ་འདྲ་མིན་གྱི་གནད་དོན་བསལ་ནུས་པ།
- རང་དབང་ཐོག་ནས་གནས་ཚུལ་ཅི་ཡང་སྟངས་འཛིན་བྱེད་ནུས་པ་གང་ཞིང་།དོན་ཕན་ལྡན་པའི་སྐྱོན་བརྗོད་བགྱི་ནུས་པ།

