༸ ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་བོད་ཀྱི་རིག་གནས་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་གཙུག་ལག་རབ་འབྱམས་པའི་སློབ་མ་གསར་བསྡུའི་གསལ་བསྒྲགས། སློབ་དུས་ཕྱི་ལོ་ ༢༠༢༡ ནས་ ༢༠༢༢། 

༄༅།།སྦེང་ལོར་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་བོད་ཀྱི་རིག་གནས་ཉེ་བའི་གཙུག་ལག་རབ་འབྱམས་པ་(BA in Tibetan Studies)དང་གཙུག་ལག་རབ་འབྱམས་པའི་སློབ་མ་(MA in Tibetan Studies)གསར་འཇུག་གནང་གཏན་འཁེལ་བ་ལགས་ན།ཞུགས་བློ་ཡོད་རིགས་ནས་གཤམ་འཁོད་གནད་དོན་ཁག་དགོངས་པར་བཅངས་ཏེ་འཚང་སྙན་འབུལ་གནང་ཡོང་བར་ཞུ།

ཀ༽ བོད་ཀྱི་རིག་གནས་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པའི་ (BA in Tibetan Studies) ནང་སློབ་མ་ ༦༠ ལ་ས་མིག་ཡོད།འཚུད་རྒྱུགས་དང་འབྲེལ་བའི་གསལ་བཤད་གཤམ་གསལ།

༡༽ རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཆ་སྙོམས་བརྒྱ་ཆ ༦༠ དང་བོད་ཡིག་ལ་བརྒྱ་ཆ་༦༠ལོན་པའི་སློབ་མ་རྣམས་འཚུད་རྒྱུགས་མི་དགོས་པར་ཐད་ཀར་སློབ་འཇུག་གནང་རྒྱུ།

༢༽ ལག་འཁྱེར་མེད་ཀྱང་འཛིན་རིམ་བཅུ་གཉིས་ཀྱི་ཤེས་ཚད་མཉམ་པ་ཡོད་ན་འཚུད་རྒྱུགས་ཀྱི་ལམ་ནས་སློབ་འཇུག་གནང་རྒྱུ་ཡིན།

༣༽ འཚུད་རྒྱུགས་ལ་བོད་ཡིག་དང་དབྱིན་ཇིའི་སྐད་ཡིག་གི་འབྲི་རྒྱུགས་དང་།དེ་བཞིན་ངག་རྒྱུགས་བཅས་ཡོད།

ཁ༽ བོད་ཀྱི་རིག་གནས་ཐོག་གཙུག་ལག་རབ་འབྱམས་པའི་ནང་སློབ་མ་༤༠ལ་ས་མིག་ཡོད། རིག་ཚན་རེར་སློབ་མ་བཅུ་རེ་ཞུགས་ཆོག།

༡༽ བོད་ཀྱི་སྐད་ཡིག་གཙུག་ལག་རབ་འབྱམས་པའི་ས་མིག། (MA in Tibetan Language) ༡༠།

༢༽ བོད་ཀྱི་རྩོམ་རིག་གཙུག་ལག་རབ་འབྱམས་པའི་ས་མིག། (MA in Tibetan Literature) ༡༠།

༢༽ ནང་པའི་ལྟ་གྲུབ་གཙུག་ལག་རབ་འབྱམས་པའི་ས་མིག (MA in Buddhist Philosophy) ༡༠།

༢༽ བོད་ཀྱི་ལོ་རྒྱུས་གཙུག་ལག་རབ་འབྱམས་པའི་ས་མིག (MA in Tibetan History) ༡༠།

ག༽ གཙུག་ལག་རབ་འབྱམས་པའི་གསར་ཞུགས་སློབ་མའི་ཤེས་ཚད་ཆ་རྐྱེན།

༡༽འདི་ག་མཐོ་རིམ་སློབ་གཉེར་ཁང་ནས་ཆེད་སྦྱོང་ཉེ་བའི་གཙུག་ལག་རབ་འབྱམས་ཐོན་པ་དང་། ཝཱཎ་གཙུག་ལག་སློབ་གཉེར་ཁང་ནས་ཤསྟཱི་ཐོན་པ།ཡང་ན་སཱ་ར་དང་ནོར་གླིང་མཐོ་སློབ་ནས་རིག་གནས་རབ་འབྱམས་པ་ཐོན་པ།

༢༽ རིས་མེད་ཆོས་བརྒྱུད་ཁག་གི་བཤད་གྲྭ་ནས་དབུ་མ་རབ་འབྱམས་ཐོན་པའམ་དེ་དང་ཚད་མཉམ་པའི་ཤེས་ཚད་ཀྱི་ལག་འཁྱེར་ཡོད་པ་རྣམས་ནས་འཚུད་རྒྱུགས་ནང་ཞུགས་པའི་གོ་སྐབས་ཡོད།

༣༽ གོང་གསལ་སློབ་ཐོན་པ་ཁོངས་ནས་བརྒྱ་ཆ་༦༠དང་དེ་ཡན་ལོན་པ་དག་འཚུད་རྒྱུགས་ནང་ཞུགས་ཆོག

  • གོང་གསལ་རིག་ཚན་ཁག་ནང་ཞུགས་འདོད་ཡོད་པའི་སློབ་གཉེར་བ་རྣམས་ནས་རིག་ཚན་གང་གི་ཁོངས་སུ་ཞུགས་མིན་སྙན་ཞུའི་འགེང་ཤོག་ནང་ཁ་གསལ་འགོད་དགོས།

ང༽ འཚུད་རྒྱུགས་གཏོང་ཕྱོགས།

འཚུད་རྒྱུགས་གཏོང་ཡུལ་དང་དུས་ཚེས་ཁ་གསལ་བཅས་༢༠༢༡ཟླ་༦ཚེས་༣༠རྗེས་སྙན་ཞུ་འབྱོར་འབུལ་མཁན་གྱི་གྲངས་འབོར་དང་ས་གནས་ཀྱི་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་ལ་གཞིགས་ནས་གསལ་སྒྲགས་བྱེད་ངེས་ཡིན་པས་དེ་དོན་དགོངས་འཇགས་ཞུ།ཏོག་དབྱིབས་རིམས་ནད་རྐྱེན་གྱིས་མཐོ་སློབ་ཁག་གི་རྒྱུགས་སྤྲོད་མཐའ་མའི་ནང་ཞུགས་མ་ཐུབ་ཡོད་པ་རྣམས་ཀྱི་ལག་འཁྱེར་རྗེས་སུ་འཚུད་རྒྱུགས་སྐབས་གནང་འཐུས་ཆོག

ཅ༽ སློབ་ཡོན།

འདི་ལོ་ཤེས་རིག་ལས་ཁུངས་ནས་ཏཱ་ལའི་བླ་མ་མཐོ་སློབ་ཆེད་གཙུག་ལག་རབ་འབྱམས་པའི་ཟུར་བཅད་སློབ་ཡོན་གྲངས་༥གནང་བ་དེ་དག་གསར་ཞུགས་སློབ་གཉེར་བའི་འཚུད་རྒྱུགས་གྲུབ་འབྲས་རྩེ་ཕུད་ལྔ་ལ་འབུལ་རྒྱུ་ཡིན། བོད་ཁྱིམ་ཁྱབ་ཁོངས་སློབ་ཡོན་ཡོད་རིགས་ཕུད།གཞན་གསར་ཞུགས་སློབ་གཉེར་བ་རྣམས་ནས་སློབ་ཡོན་རང་ངོས་ནས་འཚོལ་དགོས།

ཆ༽ དགོས་མཁོའི་ཡིག་ཆ།

༡༽ སློབ་ཐོན་ལག་འཁྱེར་ངོ་བཤུས་དང་དབང་ལྡན་མི་སྣས་དག་མཆན་མཚན་རྟགས་འཁོད་པ། ཁོངས་སོ་སོའི་རྒྱབ་གཉེར་བཅས་དགོས།

༢༽ ཉེ་བའི་གཙུག་ལག་རབ་འབྱམས་པར་འཛུལ་ཞུགས་གནང་མཁན་ཡིན་ན་གོང་གི་དོན་ཚན་དང་པོའི་དགོས་མཁོའི་ཡིག་ཆ་ལ་ཐུགས་སྣང་གནང་མི་དགོས།

༣༽ བོད་པ་ཡིན་ན་བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་གཙང་ཕུལ་ཟིན་པའི་དག་མཆན་འཁོད་པའི་དཔྱ་དེབ་ངོ་བཤུས།

༤༽ རྒྱ་གར་གནས་སྡོད་ཆོག་པའི་ལག་འཁྱེར་ (R.C) ངོ་བཤུས་བཅས་ཞུ་སྙན་ལྷན་འབུལ་ཐུབ་པ་དགོས།

ཇ༽ སྙན་ཞུ་འབུལ་ཕྱོགས་དང་དུས་བཀག

  • འཛུལ་ཞུགས་སྙན་ཞུའི་འགེང་ཤོག (Google Form)གྱི་དྲ་རྟགས་ཟུར་སྦྱར་བརྒྱུད་སོ་སོའི་གློག་འཕྲིན་དང་ད་ལྟའི་སྡོད་གནསཁ་བྱང་། ཁ་པར་ཨང་གྲངས་སོགས་དགོས་ངེས་ལོ་རྒྱུས་ཁ་གསལ་འགོད་དེ་ཕྱི་ཟླ་༦པའི་ཚེས་༣༠འགྱང་མེད་འབུལ་ཐུབ་པ་དགོས། Click on the link to Open Admission Form

  • དོགས་འདྲི་གནང་དགོས་ཚེ་ཆེད་སྦྱོང་སྡེ་ཚན་གྱི་སློབ་སྤྱི་གཞོན་པའི་གློག་འཕྲིན་ཁ་བྱང་། [email protected] དང་ཁ་པར་ཨང་། 8318168863 ཐོག་འབྲེལ་བ་གནང་རོགས་ཞུ།

༸ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་ཡིག་ཚང་ནས་ ༢༠༢༡ ཟླ་ ༦ ཚེས་ ༥ ཉིན།

Menu