Events: རྒྱལ་ཡོངས་བགྲོ་གླེང་ཚོགས་ཆེན་གསལ་བསྒྲགས།

15 September - 17 September 2017 — 8:15am to 5:30pm

སྐྱབས་བཅོལ་བོད་མིའི་ངོ་བོ་ངོས་འཛིན། རང་ཉིད་བོད་རིགས་ཤིག་ཡིན་པའི་ཆ་ནས་མི་རིགས་ཀྱི་འདས་དོན་ལ་བརྩི་མཐོང་དང་། ད་ལྟའི་གནས་བབ་ལ་ཤུགས་རྐྱེན། མ་འོངས་འབྱུང་འགྱུར་གྱི་མི་རབས་རྣམས་ལ་བསམ་བློའི་ཁ་ཕྱོགས་གསར་པ་རེ་བསྐྲུན་ཐབས་བྱ་རྒྱུ།

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གིས་གྲོ་སྒྲིག་འོག་སྤྱི་ལོ་ ༢༠༡༧ ཟླ་བ་ ༩ ཚེས་ ༡༥ ནས་ ༡༧ བར།

བོད་མི་ཟེར་ན་གང་འདྲ་ཞིག་ལ་ངོས་འཛིན་དགོས་སམ། བོད་མི་ཟེར་ན་རིག་གཞུང་དང་སྐད་ཡིག་གོམས་གཤིས་སོགས་གཅིག་གྱུར་གྱི་མི་རིགས་ཤིག་ལ་ཟེར། ང་ཚོ་ཁག་གཅིག་ལ་རང་གི་རིག་གཞུང་དང་འཚོ་བའི་གོམས་གཤིས་གཞན་དང་མ་འདྲེས་པར་ཉིན་རེའི་འཚོ་བའི་ཁྲོད་དུ་ལག་བསྟར་བྱེད་ཀྱིན་ཡོད་ཀྱང་། འགའ་ཞིག་ཡུལ་གྱར་དུ་གྱུར་ནས་གཞན་དབང་སྟབས་བསྟུན་གྱི་རྐྱེན་པས་རང་ཉིད་ཀྱི་ཕ་ཡུལ་ཇི་ལྟ་བུ་ཞིག་ཡིན་པ་དང་རང་ཡུལ་གྱི་ཐུན་མོང་མ་ཡིན་པའི་འཚོ་བའི་གོམས་གཤིས་ལོངས་སུ་སྤྱོད་རྒྱུའི་གོ་སྐབས་དངོས་སུ་བྱུང་མེད། འོན་ཀྱང་ང་ཚོའི་ཆོས་དང་རིག་གཞུང་། སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས་ཚང་མ་གཅིག་གྱུར་ཡིན་པའི་ཆ་ནས་ཚང་མ་རྡོག་རྩ་གཅིག་སྒྲིལ་ངང་མཉམ་གནས་ཐུབ་པ་བྱུང་ཡོད།

རང་རེ་བོད་མི་རྣམས་འཛམ་གླིང་ཡུལ་གྲུ་སོ་སོར་ཁ་གྱེས་ནས་གནས་ཡོད་ཀྱང་བརྡ་འཕྲིན་གྱི་དུས་རབས་འདི་ལ་མི་རིགས་གཞན་དག་ལྟར་བརྒྱུད་ལམ་འདྲ་མིན་ཐོག་ཉིན་རེའི་གནས་ཚུལ་དང་བསམ་ཚུལ་བརྗེ་རེས་ཀྱིས་འབྲེལ་ལམ་དམ་དུ་གནས་ཡོད། འབྲེལ་ལམ་འདིས་རྐྱེན་གྱིས་མི་རིགས་ཀྱི་ངོ་བོ་གསར་བརྟན་ཡོང་བར་ཕན་ནུས་ངེས་ཅན་ལྡན་ཡོད།

རང་ཉིད་བོད་རིགས་ཤིག་ཡིན་པའི་ཆ་ནས་བོད་ཀྱི་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་དང་བོད་མི་རིགས་ཀྱི་ངོ་བོ་མཚོན་ཐུབ་པ་ཞིག་བྱེད་དགོས།

དེར་བརྟེན་འདི་ག་༧ཏཱ་ལའིོ་བླ་མ་མཐོ་རིམ་སློབ་གཉེར་ཁང་གིས་དབྱིན་བོད་གཉིས་ཀྱི་སྐད་ཡིག་གི་ཐོག་ནས་རྒྱལ་ཡོངས་བགྲོ་གླེང་ཚོགས་ཆེན་ཞིག་སྤྱི་ལོ་༢༠༡༧ཟླ༩ཚེས༡༥ནས༡༧བར་ཉིན་གསུམ་གྱི་རིང་ལ་འཚོགས་འཆར་ཡོད་པ་དང་། ད་ལན་གྱི་ཚོགས་འདུ་འདི་ནི་སྐྱབས་བཅོལ་བོད་མིའི་ངོ་བོ་ངོས་འཛིན་ཐད་ལ་མཁས་པའི་རང་བཞིན་གྱི་དཔྱད་བརྗོད་བགྲོ་གླེང་ཞིག་ཡིན། བགྲོ་གླེང་འདིར་བོད་རྒྱ་དབྱིན་གསུམ་གྱི་མཁས་པ་དང་ན་གཞོན་ཤེས་ཡོན་ཅན་དུ་མ་ལྷན་འཛོམས་ཐོག་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གི་ངོ་བོ་དང་། ད་ལྟའི་བོད་ཀྱི་གནས་བབ་དང་ཐོབ་ཐང་སོགས་ལ་འབྲེལ་བ་ཡོད་པའི་བགྲོ་གླེང་བྱ་རྒྱུ་དང་། མ་འོངས་པར་ཞིབ་འཇུག་པ་དང་ཆེད་ལས་པ་སོགས་སྐྱེད་སྲིང་བྱེད་དེ་མཁས་པའི་སྤྱི་ཚོགས་ཤིག་བསྐྲུན་ཐུབ་པའི་རེ་བ་བྱེད་བཞིན་ཡོད།

༧ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་འདི་བཞིན་བོད་ཕྲུག་ཁྱིམ་སྡེའི་ཁྱབ་ཁོངས་དང་ལམ་སྟོན་འོག་གསར་འཛུགས་བྱས་པ་ཞིག་ཡིན། བོད་ཕྲུག་ཁྱིམ་སྡེ་ནི་རང་རེའི་ན་གཞོན་རྣམས་ལ་ལྟ་སྐྱོང་དང་ཤེས་ཡོན་སློབ་སྦྱོང་སྤྲོད་མཁན་གྱི་ཚོགས་སྡེ་ཞིག་ཡིན།བོད་ཕྲུག་ཁྱིམ་སྡེ་འདིའི་ཐོག་མའི་དམིགས་ཡུལ་ནི་༧གོང་ས་མཆོག་གི་དགོངས་གཞི་ལྟར་བོད་ཀྱི་ན་གཞོན་རྣམས་ལ་ལྟ་སྐྱོང་གང་ལེགས་དང་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་སྤྲད་ཐབས་དང་། མ་འོངས་བོད་ཀྱི་སོན་རྩ་རྣམས་རང་ཚུགས་ཐུབ་ཅིང་སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་མཁན་གྱི་མི་བཟང་པོ་ཞིག་ཡོང་བར་བྱ་རྒྱུ།

བོད་ཕྲུག་ཁྱིམ་སྡེ་ནི་བཙན་བྱོལ་ནང་གི་གཞུང་འབྲེལ་མ་ཡིན་པའི་ཤེས་ཡོན་གྱི་བསྟི་གནས་ཆེ་ཤོས་ཤིག་ཆགས་ཡོད་པ་དང་སློབ་མའི་ཤེས་ཡོན་གྱི་གནས་ཚད་གོང་མཐོ་གཏོང་རྒྱུའི་ནུས་ཤུགས་བཏོན་དང་འདོན་མུས་ཡིན། དེ་བཞིན་བགྲོ་གླེང་འདི་ནི་རྒྱ་གར་རྒྱལ་ཡོངས་གང་སར་ཡོད་པའི་བོད་རིགས་གཙུག་ལག་སློབ་ཐོན་པ་རྣམས་ཀྱི་གཏམ་བཤད་ཀྱི་ནུས་རྩལ་དང་། ཤེས་ཡོན་གྱི་གནས་ཚད། ཉམས་ཞིབ་ཀྱི་ཐབས་ལམ་སོགས་ཡར་རྒྱས་ཡོང་སླད་དང་། བསམ་བློའི་དཔྱད་ཞིབ་དང་ལྟ་ཕྱོགས་བཅས་ཀྱིས་འཛམ་གླིང་སྤྱིའི་འགྱུར་འགྲོས་ལ་ཤུགས་རྐྱེན་ཐེབས་ཐུབ་པར་ཡིད་ཆེས་བྱེད་ཀྱིན་ཡོད། སྤྱིར་བོད་ཀྱི་ཤེས་ཡོན་དང་འབྲེལ་བའི་ལས་འགུལ་གང་མང་ཞིག་ལ་མཉམ་ཞུགས་བྱེད་རྒྱུའི་གོ་སྐབས་ཡོད་ཀྱང་བོད་ཀྱི་ད་ལྟའི་ངོ་བོ་དང་གནས་བབ་ཇི་ལྟར་ཡིན་མིན་ལ་དཔྱད་པ་གཏོང་རྒྱུའི་གོ་སྐབས་ཤིན་ཏུ་ཉུང་ཉུང་ཡིན་པས་བགྲོ་གླེང་འདི་ཆེད་དུ་གོ་སྒྲིག་ཞུས་པ་ཡིན། རང་ཉིད་བོད་རིགས་ཤིག་ཡིན་པའི་ཆ་ནས་མི་རིགས་ཀྱི་འདས་དོན་ལ་བརྩི་མཐོང་དང་། ད་ལྟའི་གནས་བབ་ལ་ཤུགས་རྐྱེན། མ་འོངས་འབྱུང་འགྱུར་གྱི་མི་རབས་རྣམས་ལ་བསམ་བློའི་ཁ་ཕྱོགས་གསར་པ་རེ་བསྐྲུན་ཐབས་བྱ་རྒྱུའི་ཐད་ལ་དཔྱད་བསྡུར་དང་། བགྲོ་གླེང་། བསམ་ཚུལ་བརྗེ་རེས་བཅས་ཀྱིས་བློ་བསྐྱེད་ཡོང་ཐབས་བྱ་རྒྱུ།,

གལ་ཏེ་ཁྱེད་རང་བསམ་བློ་བ་ཞིག་དང་། གསར་གཏོད་པ།ཡང་ན་འཁྲབ་སྟོན་པ་དང་། དཔྱད་ཞིབ་པ་གང་ཡིན་ཀྱང་རུང་ང་ཚོས་ཁྱེད་རྣམས་བགྲོ་གླེང་འདིར་མཉམ་ཞུགས་བྱ་རྒྱུའི་རེ་བ་བྱེད་བཞིན་ཡོད།

གཤམ་གསལ་བརྗོད་གཞི་གང་རུང་དང་འབྲེལ་བའི་རྩོམ་ཤོག་བསྐུར་གནང་ཡོང་པར་མཁྱེན།

བོད་ཀྱི་སྤྱི་ཚོགས་དང་། ཆབ་སྲིད། དཔལ་འབྱོར། ནང་མིའི་རྒྱུན་ཤེས་ཀྱི་ཐོག་ནས་བོད་མིའི་ངོ་བོ་མཚོན་ཐུབ་པའི་བརྗོད་གཞི་གང་ཡིན་ཀྱང་ཆོག བོད་མི་ཚོ། ནམ་ཡང་མ་བརྗེད། ང་ཚོ་བོད་ཀྱི་གནས་བབ་དེ་འཛམ་གླིང་སྟེང་ཆེ་མཐོང་ཡོད་པའི་གསར་ལམ་ཁག་ཏུ་ཁྱབ་ཡོད་པར་དྲན་པར་གྱིས། འཛམ་གླིང་སྟེང་གི་སྐྱབས་བཅོལ་བ།པེ་ལི་སི་ཏྲན།སི་རི་ཡ། བོད་བཅས་ཀྱིས། རང་ཉིད་ཀྱི་སྐྱོ་གར་གྱི་གནས་བབ་ལ་རང་ཉིད་ཀྱིས་དྲི་བ་གཏོང་དགོས། པཱ་ལགས་དང་། ཨ་མ་ལགས་ལ། ང་ནི་རྩ་མེད་དུ་འགྲོ་བཞིན་པའི་མི་རིགས་ཤིག་ལ་བརྩེ་དུང་ཆགས་སོང་། ཡོ་རོབ་དང་ཨ་རིར་ཡོད་པའི་བོད་མི་རྣམས་སྐྱབས་བཅོལ་བ་རེད་དམ་ཡུལ་གྱར་བ་རེད། རྒྱལ་ཁབ་གཞན་གྱི་མི་སེར་གྱི་ཐོབ་ཐང་བླང་བར་རང་མི་རིགས་ཀྱི་རྩ་དོན་ལ་གནོད་དམ། རོགས་ཚོགས་དང་མཐུན་འགྱུར། བོད་པ་ཚོས་ད་དུང་ཡང་རྒྱལ་ཁབ་གཞན་གྱི་རོགས་རམ་ལ་བརྟེན་ནས་འཚོ་དགོས་སམ། ང་ཚོར་ལམ་ལྷོངས་ཡོང་བར་བོད་ཀྱི་སྣེ་ཁྲིད་མི་སྣ་རྣམས་གལ་ཆེན་ཡིན། གལ་སྲིད་ཁྱེད་ཀྱིས་ཡ་ང་བའི་བོད་ཀྱི་འཕོ་འགྱུར་ལ་དོ་ཁུར་མ་བྱས་ཚེ་མི་རབས་ཀྱི་གནོད་འགྱོད་ཡིན། ང་དང་།ཁྱེད།ང་ཚོ་ཚང་མ་བོད་པ་ཞིག་ཡིན། ང་ཚོའི་བར་ལ་འདྲ་བའི་ཆ་དང་མི་འདྲ་བའི་ཆ་གང་ཞིག་ཡོད་དམ། ང་ཚོའི་རང་སྲིད་རང་སྐྱོང་རྩོད་ལན། (རྒྱ་ནག་)སྲིད་གཞུང་གིས་ང་ཚོར་ངེས་པར་དུ་སྤྲད་དགོས་པ་དེ་གང་ཡིན་ནམ། ཤེས་ཡོན་གྱིས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་སྐད་ཡིག་རྒྱུན་འཛིན་ཐུབ་བམ། སྐྱབས་བཅོལ་བ་མིག་དཔེ་ལྟ་འོས་པ་ཞིག་འགྱུར་ཐུབ་ཆེད། སྣེ་ཁྲིད་དང་། ཆོས་ལུགས།དྲང་བདེན། དཀའ་སྤྱད་བཅས་ཚང་དགོས། ཡར་རྒྱས་ཀྱིས་ཁེར་ལས་པ་དང་གསར་གཏོད་པ་བཅས་སྐྱེད་སྲིང་བྱེད་ཐུབ། བོད་པ་ཚོ་ལ་ཆོས་དད་རང་དབང་ཡོད་དམ། ང་ཚོ་མི་རིགས་གཞན་གྱི་ཆ་ཤས་སུ་འགྱུར་རམ། བསྲེ་སླད་ཅན་དང་། ཡང་ན་མཉམ་གནས་ཅན་དུ་འགྱུར་རམ།

འདི་ག་༧ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གིས་རེ་བ་ཆེན་པོའི་སྒོ་ནས་གྲོས་འཆར་ཁག་གིས་གཞན་ལ་ཚོར་ཤུགས་དང་། བསམ་བློའི་གོ་རྟོགས་མཐོ་རུ་གཏོང་བ།དེ་བཞིན་ཆབ་དཔལ་རིག་གསུམ་གྱི་བརྗོད་གཞི་ཁག་ལ་ཞིབ་འཇུག་གི་ཐབས་ལམ་སྤྱད་ནས་དཔྱད་བརྗོད་སྤེལ་གནང་ཡོང་བའི་བསྐུལ་མ་དང་། གཞུང་དང་རོགས་སྐྱོར་གནང་མཁན་ཚོར་ལ་སེམས་འགུལ་ཐེབས་ཐུབ་པ་ཞིག་ཡོང་བ་བྱ་རྒྱུ། ལྷག་པར་དུ་ཞིབ་འཇུག་གི་ལམ་ནས་མི་རིགས་ཀྱི་འདས་དོན་ལ་བརྩི་མཐོང་དང་། ད་ལྟའི་གནས་བབ་ལ་ཤུགས་རྐྱེན། མ་འོངས་འབྱུང་འགྱུར་གྱི་མི་རབས་རྣམས་ལ་བསམ་བློའི་ཁ་ཕྱོགས་གསར་པ་རེ་བསྐྲུན་ཐབས་བྱ་རྒྱུ།

Registration and Accommodation :

Registration Fee: Rs 1500/- Observer: Rs 1000/- Lodging and Boarding: Rs 800/- per day

Transfers directly to the following account in favor of The Dalai Lama Institute for Higher Education:

Account no: 4624000100005529

IFSC Code: PUNB0462400

Branch Name: Bidadi

REGISTERE HERE (Call for Proposals)

REGISTERE HERE (Event Observer )

For further information, contact:

E-mail: [email protected]

Ph: +91 9611655599, 9964407670, 9990480514, 9741620025