DLIHE received Professors/assistant professors from Bangalore University

DLIHE received 75 visitors including 73 professors/assistant professors in the discipline of Arts from 30 different BU(Bangalore University) affiliated colleges and 2 program cordinators on an official visit as part of BU’s BA faculty workshop.

Apart from our BA faculty members receiving an orientation on the syllabus and curriculum of Bangalore University, Vice Principal Dawa Tsering la briefed our guests on the achievements and the goals of our college and HOD of BA, Karma Sither la spoke on the Tibet issue and the chain of events that led to our current status in exile and ultimately, the very birth of this institute.

Related Posts

No results found.

ཏཱ་ལའི་བླ་མ་མཐོ་སློབ་ཏུ་རྒྱ་གར་གཞུང་གི་སློབ་དཔོན་ཆེན་མོ་བདུན་ཅུ་དོན་གསུམ་ཐེངས་གཅིག་ཏུ་ཕེབས་སོང་།

བོད་རྒྱལ་ལོ་ ༢༡༤༥ ཕྱི་ལོ་ ༢༠༡༨ ༩ ༡༢ སྔ་དྲོ་ཚོུད་བཅུ་པར་བྷེང་ལོར་ཆེས་མཐོའི་གཙུག་ལག་ཁང་གི་ཁྱབ་ཁོངས་སུ་ཡོད་པའི་ཀར་ཎ་ཊ་ཀའི་མཐོ་སློབ་མི་འདྲ་བ་སུམ་ཅུ་ནས་སྒྱུ་རྩལ་གཙུག་ལག་རིག་པའི་སྡེ་ཚན་གྱི་སློབ་དཔོན་དོན་བཅུ་དོན་གསུམ་དང་འབྲེལ་མཐུད་པ་གཉིས་བཅས་དེ་གར་གཞུང་འབྲེལ་ཟབ་སྦྱོང་བསྒྲུབས་རྗེས་ཤེས་ཡོན་ལྟ་སྐོར་གྱི་ལས་རིམ་དང་འབྲེལ་ནས་ཏཱ་ལའི་བླ་མ་མཐོ་སློབ་ཏུ་གཟིགས་སྐོར་དུ་ཆེད་ཕེབས་གནང་སོང་།
ཚོུད་ ༡༠:༡༥ ཐོག་མཐོ་སློབ་ཀྱི་བགྲོ་གླེང་ཚོགས་ཁང་དུ་སློབ་སྤྱི་གཞོན་པ་རྒན་ཟླ་བ་ཚེ་རིང་ལགས་ནས་ཁོང་རྣམ་པར་ཕེབས་བསུའི་འཚམས་འདྲི་དང་མཐོ་སློབ་ཀྱི་ངོས་སྤྲོད་གཏམ་བཤད་གནང་ཞིང་། ལོ་རྒྱུས་སློབ་དཔོན་དང་སྒྱུ་རྩལ་སྡེ་ཚན་གྱི་འགན་འཛིན་རྒན་ཀརྨ་སྲིད་མཐར་ལགས་ནས་བོད་ཀྱི་ལོ་རྒྱུས་དང་བཙན་བྱོལ་བོད་མིའི་གནས་སྟངས་སྐོར་ལ་འགྲེལ་བཤད་རྒྱས་པ་གནང་།
མཐོ་སློབ་ཁག་ནས་ཕེབས་པའི་སློབ་དཔོན་རྣམས་ནས་དོ་དབྱིངས་ཆེན་པོའི་མཐོ་སློབ་འདི་འདྲ་ཞིག་ཡོད་པར་ཐེངས་དང་པོར་མཇལ་བར་བསྔགས་བརྗོད་དང་འབྲེལ་བའི་དྲི་བ་དྲིས་ལན་གྱི་བགྲོ་བསྡུར་ཚོུད་གཉིས་ཙམ་རིང་གནང་སོང་།
ཚོུད་ ༡༢:༠༠ ཐོག་མཐོ་སློབ་ནས་ཁོང་རྣམས་ལ་དཀར་སྐྱོང་གསོལ་ཚིགས་འདེགས་འབུལ་དང་གཟིགས་སྐོར།
ཉིན་རྒྱབ་ཚོུད་ ༢:༣༠ ཐོག་ཨིན་ཇིའི་སློབ་དགེ་རྒན་བསྟན་འཛིན་ཆོས་འཛིན་ལགས་ནས་ལས་རིམ་ངོས་སྤྲོད་ཀྱིས་སློབ་གཉེར་ལྷན་ཚོགས་ནས་ཚོགས་ཁང་ཆེན་མོར་རིག་གཞུང་གཞས་སྣ་གཟིགས་འབུལ་དང་མཇུག་ཏུ་ཐུགས་རྗེ་ཆེའི་གསུང་བཤད་བཅས་ལེགས་གྲུབ་བྱུང་སོང་།

Related Posts

No results found.

Menu