Corporate Talk by Three Tibetan IT Professional

BCA department held its corporate talk series with three Tibetan IT professionals speaking on an array of topics including android development, UI design and backend programming. The program concluded with Q/A session and group discussion.

Related Posts

No results found.

དགྲ་བཅོམ་པ་གློག་ཀླད་མཉེན་ཆས་ཀྱི་ཟབ་སྦྱོང་གནང་སོང་།

དེ་རིང་ ༢༠༡༨ ༩ ༡༥ ཞོགས་པ་ཚོུད་དགུ་པ་ནས་བཅུ་དང་ཕྱེད་ཀ་བར་མཐོ་སློབ་ཀྱི་བགྲོ་གླེང་ཚོགས་ཁང་དུ་གློག་ཀླད་སྡེ་ཚན་གྱི་འགན་འཛིན་རྒན་བསྟན་འཛིན་སྦྱིན་པ་ལགས་དང་ཕྱག་རོགས་དགེ་རྒན་རྣམས་ནས་གློག་ཀླད་དང་འབྲེལ་བའི་དམིགས་བསལ་གཏམ་བཤད་ལས་རིམ་ཞིག་གནང་སོང་། བྷེང་ལོར་རྒྱལ་སར་ཡོད་པའི་དགྲ་བཅོམ་པ་གློག་ཀླད་ཁྱད་ལས་སྡེ་ཚན་བོད་པའི་ན་གཞོན་བསྟན་འཛིན་བསམ་གཏན་ལགས། རྟ་མགྲོན་སྐྱབས་ལགས་དང་བསྟན་འཛིན་སྐལ་བཟང་ལགས་གསུམ་ནས་ཏཱ་ལའི་བླ་མ་མཐོ་སློབ་ཀྱི་གློག་ཀླད་སྡེ་ཚན་གྱི་སློབ་གཉེར་བ་རྣམས་ལ་དམིགས་བསལ་དེང་རབས་གློག་ཀླད་དང་ཁ་པར་མཉེན་ཆས་བཀོལ་ཆས་ཀྱི་མ་ལག་དང་འབྲེལ་བའི་གཏམ་བཤད་ལས་རིམ་གྱི་དུས་ཐུང་ཟབ་སྦྱོང་ཞིག་གནང་སོང་།
ཁོང་རྣམས་ནས་གཙོ་བོ་མི་ཚེའི་བརྒྱུད་རིམ་ནང་བོད་པའི་ན་གཞོན་སྒེར་བ་ཞིག་ནས་གློག་ཀླད་མཉེན་ཆས་འདི་འདྲ་ཞིག་འགོ་ཚུགས་སྐབས་ཀྱི་དཀའ་ངལ་ལ་གདོང་ལེན་ཇི་ལྟར་བྱས་མིན། མ་འོངས་པར་སློབ་གཉེར་བ་རྣམས་ནས་རྒྱ་གར་གྱི་གློག་ཀླད་བཟོ་གྲྭ་ཆེ་ཁག་ཏུ་ལས་ཀ་གནང་འདུན་ཡོད་ཚེ། ལས་ཀར་ཚུད་པར་ཐོག་མར་དཀའ་ལས་བརྒྱབ་སྟངས། ཚུད་ནས་མི་དང་འབྲེལ་ལམ་ཇི་ལྟར་བྱེད་དགོས་མིན། ལས་ཀར་ཚུད་པར་ཐབས་ལམ་སྐོར་ལ་འགྲེལ་བཤད་ལེགས་པར་བརྒྱབ་སོང་།
དེ་ནས་ཁོང་གསུམ་གྱི་ལས་ཀའི་རང་བཞིན་མ་འདྲ་གསུམ་ཡིན་སྟབས་སློབ་གཉེར་བ་རྣམས་སྡེ་ཚན་གསུམ་དུ་བགོས་ནས་རང་གི་ཁྱད་ལས་སྐོར་དོགས་འདྲའི་ལམ་ནས་གོ་བསྡུར་སྦྱང་བཤད་དང་། ལས་ཀའི་རང་བཞིན་འདི་ནང་ཞུགས་ན་དམིགས་བསལ་གྲ་སྒྲིག་ཇི་ལྟར་དགོས་སྐོར་གནད་སྨིན་སློབ་སྟོན་གནས་བས་སློབ་གཉེར་བ་རྣམས་ནས་དགའ་མོས་ཧ་ཅང་ཆེན་པོ་གནང་སོང་།
དགྲ་བཅོམ་པ་གློག་ཀླད་སྡེ་ཚན་ནས་རིན་མེད་དང་རིན་ཡོད་ཀྱི་བོད་པའི་སྤྱི་ཚོགས་ནང་གློག་ཀླད་མཉེན་ཆས་ཀྱི་ཞབས་ཞུ་མང་དག་ཅིག་བསྒྲུབས་དང་སྒྲུབ་བཞིན་རེད་འདུག དཔེར་ན། རྒྱལ་ཡུམ་ཆེན་མོའི་ཁ་པར་མཉེན་ཆས། དུས་འཁོར་དབང་ཆེན་བཀོལ་ཆས། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ། བང་ཆེན་མཉེན་ཆས། ཕྱག་ལས་གནང་བཞིན་ལ་ཤེས་རིག་ལྷན་ཁང་གི་དག་ཡིག་མཉེན་ཆས་དང་ནོར་ཝེ་རླུང་འཕྲིན་ཁང་གི་མཉེན་ཆས་བཅས་བཟོ་བཞིན་ཡིན་འདུག

Related Posts

No results found.

Menu