སློབ་དགེ་་དང་འགན་འཁྲི།

མཐོ་རིམ་སློབ་དཔོན་དག་ནི་མཐོ་སློབ་གླིང་འདིའི་གཞུང་ཤིང་ལྟ་བུ་ཡིན། དེར་བརྟེན་ཁོང་ཚོས་མཐོ་སློབ་འདིའི་སློབ་སྦྱོང་གི་གནས་བབ་འཕེལ་རྒྱས་གཏོང་ཐབས་སུ་ཁོང་ཚོར་རང་དབང་གི་ཁོར་ཡུག་དང་དགོས་ངེས་དབང་ཚད་ཀྱང་ཕུལ་ཡོད།

  1. སློབ་དཔོན་རེ་རེར་བདུན་ཕྲག་རེར་ཆུ་ཚོད་བཅོ་བརྒྱད་ནས་ཉི་ཤུའི་བར་སློབ་ཁྲིད་ཀྱི་བྱ་བ་གཉེར་དགོས།
  2. སློབ་དགེ་དག་གིས་འཛིན་གྲྭའི་ནང་སྟངས་འཛིན་དང་། སྒྲིག་ཁྲིམས་དོ་དམ། སློབ་ཁྲིད། སློབ་ཐུན་འབྱོར་གྲངས་བརྟག་ཞིབ་སོགས་སློབ་ཕྲུག་གི་བྱེད་སྒོ་དག་ལ་འགན་ཁུར་དགོས་པ་དང་གང་ཞིགདེ་དག་ཀྱང་སློབ་གླིང་འདིའི་ཡོངས་ཁྱབ་གཏན་འབེབས་བྱས་པའི་ཁྲིམས་སྒྲིག་ཁག་དང་མ་འགལ་བར་ལག་བསྟར་གྱིས་འགན་འཁྲི་ལེན་དགོས།
  3. སློབ་དཔོན་གྱི་ངོས་ནས་སློབ་མ་སྒེར་སོ་སོས་འབྲེལ་ཡོད་ཀྱི་སློབ་ཚན་གཏིང་ཚུགས་པར་རྟོགས་ཐབས་སུ། རང་ངོས་ནས་དཔེ་ཀློག་དང་། དཔྱད་ཞིབ། ལས་འཆར་སྣ་ཚོགས་བསྒྲུབ་པའི་གོ་སྐབས་བསྐྲུན་པ་དང་ཐབས་ཤེས་སྣ་ཚོགས་བསྟེན་དགོས།
  4. སློབ་དཔོན་གྱི་ངོས་ན་སློབ་མ་ཚོས་སློབ་སྦྱོང་གོང་འཕེལ་གཏོང་ཆེད་དཔེ་ཆ་དང་དྲྭ་ཚིགས་ངོ་སྤྲོད་བྱེད་པ་བརྒྱུད་དཔེ་ཀློག་གོམས་གཤིས་གོང་འཕེལ་གཏོང་།
Menu