རྒྱུགས་དུས་གསུམ་པ།
བསླབ་གཞི་བོད་ཀྱི་གནའ་བོའ་ིལོ་རྒྱུས། སྟོད་ཆ།
བསླབ་གཞི་ངོ་སྤྲོད། བོད་གཅིག་གྱུར་གྱི་རྒྱལ་ཁམས་མ་བྱུང་གི་བོད་ཀྱི་ལོ་རྒྱུས་དང་བོད་ཡོངས་ལ་དབང་སྒྱུར་བྱེད་མཁན་གྱི་སྤུར་རྒྱལ་བོད་ཀྱི་རྒྱལ་ཁམས་ཀྱི་སྐོར།
སྙིང་དོན། བོད་དུ་མི་ཡི་འགྲོ་བ་ཐོག་མར་བྱུང་བ་ནས་འགོ་བཙུགས་སྟེ་བོད་ཀྱི་གནའ་རབས་མི་རྣམས་རུས་རྒྱུད་ཚོ་པ་ཁག་ཏུ་གྱེས་ཚུལ། བོད་ཀྱི་ས་ཁུལ་དེ་ལ་རྒྱལ་ཕྲན་བཅུ་གཉིས་བྱུང་བ་དང་དེ་དག་སླར་ཡང་ཐོར་ཞིག་ཏུ་སོང་ཏེ་རྒྱལ་ཕྲན་སིལ་མ་བཞི་བཅུར་ཁ་གྱེས་ཚུལ། སྐབས་དེར་གསར་དུ་བྱུང་བའི་ཡར་ལུང་རྒྱལ་བརྒྱུད་དེས་རིམ་བཞིན་མངའ་ཁོངས་རྒྱ་བསྐྱེད་བྱས་ཚུལ་བཅས་ཡིན། སྟོབས་ཤུགས་མུ་མཐུད་ནས་རྒྱ་བསྐྱེད་བྱེད་བཞིན་པའི་ཡར་ལུང་རྒྱལ་བརྒྱུད་དེས་དུས་རབས་བདུན་པའི་ནང་ས་འབྲེལ་རྒྱལ་ཕྲན་གཞན་རྣམས་དྲག་པོའ་ིདམག་གིས་རིམ་པས་དབང་དུ་བསྡུས་ནས་ཨེ་ཤ་ཡ་དཀྱིལ་མར་སྐད་གྲགས་ཆེ་བའི་བོད་ཀྱི་རྒྱལ་ཁམས་དེ་གསར་དུ་བཙུགས། གཅིག་སྒྲིལ་རྒྱལ་ཁམས་དེ་གསར་དུ་བཙུགས་པ་ལས་བོད་ཀྱི་དཔལ་འབྱོར་དང་རིག་གནས། ཁྲིམས་ལུགས། ཆོས་ལུགས། དམག་དཔུང་། རྒྱ་གར་དང་རྒྱ་ནག་བལ་ཡུལ་སོགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་འབྲེལ་ལམ་འཛུགས་ཚུལ་བཅས་ཀྱི་སྐོར་ཡིན།
སློབ་ཚན་སློབ་པའི་དགོས་པ། བོད་ཀྱི་གནའ་བོའི་མི་རིགས་དང་ཆབ་སྲིད། རིག་གནས་བཅས་ཀྱི་སྐོར་ཤེས་རྟོགས་ཐུབ་པ་དང་བོད་གཅིག་སྒྱུར་གྱི་དུས་སྐབས་ཀྱི་རིག་གནས་དང་ཆོས་ལུགས། དམག་དོན། དཔལ་འབྱོར། ཕྱི་འབྲེལ་བཅས་ཀྱི་སྐོར་ལ་ཤེས་རྟོགས་ཐུབ་ཐབས།
བསླབ་གཞི་གཙོ་བོ།
- བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ། ༼སྟོད་ཆ།༽ཤོག་གྲངས ༣-༡༣༤
ཚན་པ་དང་པོ། Unit 1
- བོད་དུ་མི་ཡི་འགྲོ་བ་ཐོག་མར་བྱུང་བ་ནས་འགོ་བཙུགས་སྟེ་བོད་ཀྱི་གནའ་རབས་མི་རྣམས་རུས་རྒྱུད་ཚོ་པ་ཁག་ ཏུ་གྱེས་ཚུལ།
- བོད་ཀྱི་ས་ཁུལ་དེ་ལ་རྒྱལ་ཕྲན་བཅུ་གཉིས་བྱུང་བ་དང་དེ་དག་སླར་ཡང་ཐོར་ཞིག་ཏུ་སོང་ཏེ་རྒྱལ་ཕྲན་སིལ་མ་ བཞི་བཅུར་ཁ་གྱེས་ཚུལ།
- གཉའ་ཁྲི་བཙན་པོས་ཡར་ལུང་ཁུལ་དུ་སྤུར་རྒྱལ་གྱི་རྒྱལ་བརྒྱུད་གསར་དུ་བཙུཌ་པ་དེ་ནས་གྲི་གུམ་བཙན་པོ་བར་གྱི་འབྱུང་རིམ། བོད་ཀྱི་ལོ་རྒྱུས་རཌ་རིམ་གཡུ་ཡི་ཕྲེང་བ།༼སྟོད་ཆ།༽ཤོག་གྲངས། ༣-༣༢
ཚན་པ་གཉིས་པ། Unit 2
- གྲི་གུམ་བཙན་པོ་ནས་གནམ་རི་སྲོང་བཙན་བར་དུ་འབྱུང་རིམ། བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ ཕྲེང་བ། ༼སྟོད་ཆ།༽ཤོག་གྲངས།༣༣-༤༨
ཚན་པ་གསུམ་པ། Unit 3
- སྲོང་བཙན་སྒམ་པོས་བོད་ཡོངས་རྫོགས་དབང་དུ་བསྡུས་ནས་བོད་བཙན་པོའ་ིརྒྱལ་ཁམས་གསར་དུ་ བཙུགས་པ། ཁོད་སོ་དྲུག་གིས་གཙོས་པའི་ཁྲིམས་སྒྲིག་གཏན་ལ་ཕབ་པ། བོད་ཡིག་གསར་བཟོ་དང་ ཐོན་མིའི་རྣམ་ཐར། བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ།༼སྟོད་ཆ།༽ཤོག་གྲངས།༤༩-༡༠༣
ཚན་པ་བཞི་པ། Unit 4
- བཙུན་མོ་ཆེ་ཆུང་ཁབ་ཏུ་བཞེས་ཚུལ།
- གཙུག་ལག་ཁང་རྣམ་གཉིས་གཙོས་པའི་མཐའ་འདུལ་ཡང་འདུལ་གྱི་ལྷ་ཁང་རྣམས་བཞེངས་ཏེ་སངས་ རྒྱས་ཆོས་ལུགས་དར་འགོ་བརྩམས་པ།
- ཐང་རྒྱལ་ཁབ་གཙོས་པའི་མཐའ་བཞིའི་རྒྱལ་ཁབ་དང་འབྲེལ་བ་བྱུང་ཚུལ།
- སྲོང་བཙན་གྱི་འཁྲུངས་གཤེགས་ཐད་བཞེད་པ་མི་མཐུན་པ་རྣམས། བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ ཡི་ཕྲེང་བ།༼སྟོད་ཆ།༽ཤོག་གྲངས།༡༠༣-༡༣༤
ཁ་སྐོང་སློབ་ཚན། Supplementary Books
- དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན།
- མཁས་དབང་ནམ་མཁའི་ནོར་བུས་མཛད་པའི་གཟི་ཡི་ཕྲེང་བ།
- ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ།
- ཐང་ཡིག་གསར་རྙིང།
- མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་རྒྱལ་རབས་དེབ་ཐེར་དཀར་པོ།
- ས་སྐྱ་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི་རྒྱལ་རབས་གསལ་བའི་མེ་ལོང།
- རྒྱལ་མོ་འབྲུག་པས་བརྩམས་པའི་བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ།
- ཧོར་གཙང་འཇིགས་མེད་ཀྱིས་བརྩམས་པའི་མདོ་སྨད་ལོ་རྒྱུས་ཆེན་མོ་པོད་དང་པོ།
ཟུར་ལྟའི་དཔེ་དེབ། Reference Books
- བུ་སྟོན་ཐམས་ཅད་མཁྱེན་པས་མཛད་པའི་བུ་སྟོན་ཆོས་འབྱུང།
- སྲོང་བཙན་སྒམ་པོས་མཛད་པའི་བཀའ་ཆེམས་བཀའ་འཁོལ་མ།
- སྲོང་བཙན་སྒམ་པོས་མཛད་པའི་མ་ཎི་བཀའ་འབུམ།
- མཁས་པ་ལྡེའུས་མཛད་པའི་ལྡེའུ་ཆོས་འབྱུང།
- ནེའུ་པཎྜིཏ་གྲགས་པ་སྨོན་ལམ་བློ་གྲོས་ཀྱིས་མཛད་པའི་སྔོན་གླེང་མེ་ཏོག་ཕྲེང་བ།
- སྟག་ཚང་དཔལ་འབྱོར་བཟང་པོས་མཛད་པའི་རྒྱ་བོད་ཡིག་ཚང་མཁས་པའི་དགའ་བྱེད།
- འགོས་ལོ་ཙཱ་བ་གཞོན་ནུ་དཔལ་གྱིས་མཛད་པའི་དེབ་ཐེར་སྔོན་པོ།
- བསོད་ནམས་ཚེ་རིང་གིས་བརྩམས་པའི་སྔ་རབས་བོད་ཀྱི་སྲིད་ཁྲིམས།
རྒྱུགས་དུས་བཞི་པ།
བསླབ་གཞི་ངོ་སྤྲོད། བོད་གཅིག་གྱུར་གྱི་སྤུར་རྒྱལ་ཁམས་དེ་བཞིན་རིམ་པས་རྒྱ་བསྐྱེད་དང་མཐར་ཉམས་རྒུད་འགྲོ་བ་ལས་བོད་སིལ་བུར་ཐོར་བའི་ལོ་རྒྱུས་དང་སངས་རྒྱས་ཀྱི་རྣམ་ཐར་དང་གཏད་རབས་རྣམས་ཀྱི་སྐོར། སྙིང་དོན། དུས་རབས་བདུན་པའི་དུས་མཇུག་ནས་བོད་ཀྱི་རྒྱ་ནག་དང་བལ་ཡུལ། ཤིན་ཅང་སོགས་པའི་ཨེ་ཤ་ཡ་དཀྱིལ་མའི་རྒྱལ་ཁག་དེ་དག་དང་མཚམས་རེ་དམག་འཁྲུག་གམ་མཚམས་རེ་མཉམ་འབྲེལ་བྱུང་ཚུལ་དང་བོད་དུ་རྒྱ་གར་ནས་དར་བའི་སངས་རྒྱས་པའི་ཆོས་ལུགས་དེར་བོད་ཀྱི་རྒྱལ་པོ་ཁག་གི་རྒྱབ་སྐྱོར་ལ་བརྟེན་ནས་དར་ཁྱབ་ཆེན་པོ་བྱུང་བ་དང་། དེ་རྗེས་རིམ་བཞིན་ཕྱི་ནང་གྱི་རྐྱེན་མང་པོ་ཞིག་ལ་བརྟེན་ནས་བོད་ཀྱི་རྒྱལ་ཁམས་དེ་ཉམས་རྒུད་ཀྱིས་མཐར་ཐོར་ཞིག་ཏུ་སོང་ནས་བོད་དེ་སླར་ཡང་སིལ་བུར་གྱེས་པའི་སྐོར་ཡིན།
སློབ་ཚན་སློབ་པའི་དགོས་པ།བོད་ཀྱི་རྒྱལ་ཁབ་ཀྱིས་ཁྱིམ་མཚེས་རྒྱལ་ཁབ་གཞན་དང་འབྲེལ་བ་བྱས་པ་ལ་བརྟེན་ནས་རྒྱལ་ཁབ་དེ་དག་ལག་ཤེས་བཟོ་རྩལ་དང་སྨན་རྩིས། ཚོང་ལས་སོགས་པའི་རིག་གནས་མང་པོ་བོད་དུ་ནང་འདྲེན་བྱས་པ་དང་ལྷག་པར་དུ་སངས་རྒྱས་པའི་ཆོས་ལུགས་དེ་བོད་དུ་དར་ཁྱབ་ཤུགས་ཆེན་འགྲོ་ཚུལ་དང་མཐར་བོད་ཀྱི་རྒྱལ་ཁམས་དེ་ཐོར་ཞིག་འགྲོ་བའི་ཡིན།
བསླབ་གཞི་གཙོ་བོ།
- བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ། ༼སྟོད་ཆ།༽ཤོག་གྲངས། ༡༣༤-༢༤༨
- བོད་སིལ་བུའི་འབྱུང་བ་བརྗོད་པཤེལ་དཀར་ཕྲེང་བ། ནོར་བྲང་ཨོ་རྒྱན་གྱིས་བརྩམས། སྐབས་བཞི་པ་ ནས་སྐབས་བརྒྱད་པ་བར།
ཚན་པ་དང་པོ། Unit 1
- གུང་སྲོང་གུང་བཙན་དང་མང་སྲོང་གཉིས་ཀྱི་འབྲེལ་བའི་སྐོར།
- འདུས་སྲོང་ནས་ཁྲི་ལྡེ་གཙུག་ལྡན་བར་གྱི་ལོ་རྒྱུས།
ཚན་པ་གཉིས་པ། Unit 2
ཁྲི་སྲོང་ལྡེ་བཙན་ནས་བཙན་པོ་འུ་དུམ་བཙན་བར།
ཚན་པ་གསུམ་པ། Unit 3
- འོད་སྲུངས་ཡུམ་བརྟན་སྐབས་སུ་འབངས་ཀྱི་གྱེན་ལོག་བྱུང་རྗེས་སྤུར་རྒྱལ་བཙན་པའི་མངའ་ཐང་རྩ་ ཐོར་དུ་སོང་ཏེ་བོད་དེ་སིལ་བུར་གྱེས་པ།
ཚན་པ་བཞི་པ། Unit 4
- བོད་སིལ་བུའི་སྐབས་ཀྱི་རྒྱལ་ཕྲན་ཁག་གི་འབྱུང་རིམ།
ཁ་སྐོང་སློབ་ཚན། Supplementary Books
- དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན།
- མཁས་དབང་ནམ་མཁའི་ནོར་བུས་མཛད་པའི་གཟི་ཡི་ཕྲེང་བ།
- ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ།
- ཐང་ཡིག་གསར་རྙིང།
- མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་རྒྱལ་རབས་དེབ་ཐེར་དཀར་པོ།
- ས་སྐྱ་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི་རྒྱལ་རབས་གསལ་བའི་མེ་ལོང།
- སྦ་གསལ་སྣང་གིས་མཛད་པའི་སྦ་བཞེད།
- རྒྱལ་མོ་འབྲུག་པས་བརྩམས་པའི་བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ།
- ཧོར་གཙང་འཇིགས་མེད་ཀྱིས་བརྩམས་པའི་མདོ་སྨད་ལོ་རྒྱུས་ཆེན་མོ་པོད་དང་པོ།
ཟུར་ལྟའི་དཔེ་དེབ། Reference Books
- བུ་སྟོན་ཐམས་ཅད་མཁྱེན་པས་མཛད་པའི་བུ་སྟོན་ཆོས་འབྱུང།
- མཁས་པ་ལྡེའུས་མཛད་པའི་ལྡེའུ་ཆོས་འབྱུང།
- སྟག་ཚང་དཔལ་འབྱོར་བཟང་པོས་མཛད་པའི་རྒྱ་བོད་ཡིག་ཚང་མཁས་པའི་དགའ་བྱེད།
- འགོས་ལོ་ཙཱ་བ་གཞོན་ནུ་དཔལ་གྱིས་མཛད་པའི་དེབ་ཐེར་སྔོན་པོ།
- ཡར་རྗེ་ཨོ་རྒྱན་གླིང་པས་མཛད་པའི་བཀའ་ཐང་སྡེ་ལྔ།
- བསོད་ནམས་ཚེ་རིང་གིས་བརྩམས་པའི་སྔ་རབས་བོད་ཀྱི་སྲིད་ཁྲིམས།
རྒྱུགས་དུས་ལྔ་པ།
བསླབ་གཞི་བོད་ཀྱི་བར་མའི་ལོ་རྒྱུས།༼སྟོད་ཆ། ༽
བསླབ་གཞི་ངོ་སྤྲོད། ས་སྐྱ་དང་ཕག་གྲུ་རིན་སྤུངས་སྡེ་པ་གཙང་པ་བཅས་དུས་སྐབས་ཀྱི་ལོ་རྒྱུས། རྒྱན་དྲུག་ མཆོག་གཉིས་ཀྱིས་གཙོས་པའི་རྒྱ་གར་སློབ་དཔོན་ཁག་གི་ལོ་རྒྱུས།
སྙིང་དོན། ལོ་ངོ་སུམ་བརྒྱ་ལྷག་ཙམ་རིང་ལ་བོད་སིལ་བུར་གྱེས་པ་ལས་ས་སྐྱ་བས་སོག་པོའི་སྟོབས་ཤུགས་ལ་བརྟེན་ནས་བོད་དེ་སླར་ཡང་གཅིག་སྒྱུར་བྱས་རྗེས་ལོ་ངོ་བརྒྱ་ལྷག་ཙམ་རིང་བོད་ཀྱི་ཆབ་སྲིད་བསྐྱངས་པ་དང་དུས་རབས་བཅུ་བཞི་པའི་ནང་ཕག་གྲུ་པས་ས་སྐྱའི་དབང་ཆ་འཔྲོགས་ནས་ཕག་གྲུའི་སྲིད་དབང་བཙུགས་ནས་ལོ་ངོ་ལོ་ངོ་ཉིས་བརྒྱ་ཙམ་རིང་བོད་ཀྱི་ཆབ་སྲིད་བསྐྱངས། དེ་རྗེས་རིན་སྤུངས་པས་ཕག་གྲུའི་སྲིད་དབང་རིམ་པས་འཕྲོག་པ་དང་སྡེ་པ་གཙང་པས་རིན་སྤུངས་པའི་ལག་ནས་སྲིད་དབང་བླངས་པ་བཅས་ཀྱིས་བོད་ཀྱི་སྤྱི་ཚོགས་དང་ཆབ་སྲིད། རིག་གནས། ཆོས་ལུགས། དཔལ་འབྱོར་བཅས་ལ་འགྱུར་ལྡོག་ཧ་ཅང་ཐེབས་ཡོད་པའི་སྐོར། རྒྱ་གར་དུ་ནང་ཆོས་དར་ཚུལ་དང་ཐེག་པ་འོག་མའི་གྲུབ་མཐའ་དར་ཚུལ་གྱི་སྐོར་ཡིན།
སློབ་ཚན་སློབ་པའི་དགོས་པ།
ས་ཕག་རིན་གཙང་གི་དུས་སྐབས་བོད་ཀྱི་ཆབ་སྲིད་དང་དཔལ་འབྱོར་ཀྱི་གནས་སྟངས་ཤེས་རྟོགས་དང་ལྷག་པར་དུ་སྐབས་དེར་བོད་ཀྱི་རིག་གནས་དང་ནང་པའི་ཆོས་ལུགས་ལ་ཚད་མཐོ་ཡར་རྒྱས་ཕྱིན་པ་ཤེས་རྟོགས་ཐུབ་པ། ནང་ཆོས་མ་དར་གོང་གི་རྒྱ་གར་གྱི་སྤྱི་ཚོགས་དང་རིག་གཞུང་གི་སྐོར་ཤེས་རྟོགས་དང་། སངས་རྒྱས་ཀྱིས་ནང་ཆོས་གསུངས་པ་ལས་རྒྱ་གར་སྤྱི་ཚོགས་ནང་འགྱུར་ལྡོག་གང་བྱུང་ཡོད་མེད་ཤེས་ཕྱིར་ཡིན།
བསླབ་གཞི་གཙོ་བོ།
- བོད་ཀྱི་སྲིད་དོན་རྒྱལ་རབས།༼སྟོད་ཆ།༽ ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་གྱིས་བརྩམས།
ཤོག་གྲངས། ༢༦༤-༤༦༢ - སྟོན་པའི་མཛད་རྣམ་གསལ་བའི་མེ་ལོང། ངེས་སྟོན་རྒྱ་མཚོས་བསྒྱུར།
- ཆོས་འབྱུང་ནོར་བུའི་ཕྲེང་བ།ཤོག་གྲངས། ༡༨-༦༠
ཚན་པ་དང་པོ། Unit 1
-
- ས་སྐྱ་བ་དང་ཕག་གྲུས་བོད་ཀྱི་སྲིད་དབང་བཟུང་བའི་དུས་སྐབས།
- རིན་སྤུངས་པ་དང་གཙང་པ་སྡེ་པས་དབང་ཐང་འཕེལ་གྲིབ་ཀྱི་འབྱུང་བ།བོད་ཀྱི་སྲིད་དོན་རྒྱལ་རབས།
༼སྟོད་ཆ།༽ཤོག་གྲངས། ༢༦༤-༣༦༤
ཚན་པ་གཉིས་པ། Unit 2
- ༸རྒྱལ་བ་སྐུ་ཕྲེང་ན་རིམ་གྱི་རྣམ་ཐར་དང།༸རྒྱལ་མཆོག་ལྔ་པ་ཆེན་པོས་དགའ་ལྡན་ཕོ་བྲང་གི་སྲིད་ དབང་བཙུགས་པ།བོད་ཀྱི་སྲིད་དོན་རྒྱལ་རབས།༼སྟོད་ཆ།༽ཤོག་གྲངས།༣༦༥-༤༦༢
ཚན་པ་གསུམ་པ། Unit 3
- སྟོན་པའི་རྣམ་ཐར། སྟོན་པའི་མཛད་རྣམ་གསལ་བའི་མེ་ལོང།
ཚན་པ་བཞི་པ། Unit 4
- སྟོན་པའི་གཏད་རབས་བདུན་གྱི་རྣམ་ཐར།
- བཀའ་བསྡུ་རིམ་པ་གསུམ་དང་ཆོས་རྒྱལ་མྱ་ངན་མེད་ཀྱི་ལོ་རྒྱུས།
- བསྟན་པ་ལ་དགྲ་ལན་གསུམ་བྱུང་བ། ཆོས་འབྱུང་ནོར་བུའི་ཕྲེང་བ།ཤོག་གྲངས། ༡༨-༦༠
ཁ་སྐོང་དཔེ་དེབ། Supplementary Books
- ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུས་མཛད་པའི་བོད་ཀྱི་ལྷ་བཙན་པོའ་ིགདུང་རབས་ཚིག་ཉུང་མངའ་ རིས་སྨད་གུང་ཐང་དུ་ཇི་ལྟར་བྱུང་བའི་ཚུལ་དེབ་ཐེར་དྭངས་ཤེལ་འཕྲུལ་གྱི་མེ་ལོང།
- ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུས་མཛད་པའི་བོད་ཀྱི་ལྷ་བཙན་པོའ་ིགདུང་རབས་ཚིག་ཉུང་དོན་ གསལ་ཡིད་ཀྱི་མེ་ལོང།
- ས་སྐྱ་བ་ངག་དབང་ཀུན་དགའ་བཀྲིས་ཀྱིས་མཛད་པའི་ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད།
- རླངས་བྱང་ཆུབ་འདྲེ་བཀོལ་དང་ཏཱའི་སིཏུ་བྱང་ཆུབ་རྒྱལ་མཚན་གྱིས་མཛད་པའི་རླངས་ཀྱི་པུ་ཏི་བསེ་རུ་རྒྱས་པ།
- ༸རྒྱལ་མཆོག་ལྔ་པ་ཆེན་པོས་མཛད་པའི་རང་རྣམ་དུ་ཀཱུ་ལའི་གོས་བཟང།
- ཧོར་གཙང་འཇིགས་མེད་ཀྱིས་བརྩམས་པའི་མདོ་སྨད་ལོ་རྒྱུས་ཆེན་མོ་པོད་དང་པོ།
ཟུར་ལྟའི་དཔེ་དེབ། Reference Books
- བུ་སྟོན་ཐམས་ཅད་མཁྱེན་པས་མཛད་པའི་བུ་སྟོན་ཆོས་འབྱུང།
- ༸རྒྱལ་མཆོག་ལྔ་ཆེན་པོས་མཛད་པའི་རྒྱལ་རབས་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་རྫོགས་ལྡན་གཞོན་ ནུའི་དགའ་སྟོན།
རྒྱུགས་དུས་དྲུག་པ།
བསླབ་གཞི་ངོ་སྤྲོད། དགའ་ལྡན་ཕོ་བྲང་པའི་དུས་སྐབས་ཀྱི་ལོ་རྒྱུས་དང་ཐེག་པ་ཆེན་པོའི་ཆོས་དར་ཚུལ།
སྙིང་དོན། ༸རྒྱལ་བ་ལྔ་པ་ཆེན་པོས་སོག་པོ་གུ་ཤྲི་ཁཱང་གི་དམག་རོགས་ལ་བརྟེན་ནས་དགའ་ལྡན་ཕོ་བྲང་གི་སྲིད་གཞུང་བཙུགས་པར་བརྟེན་བོད་དུ་༸རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱིས་བོད་ཀྱི་ཆབ་སྲིད་འགན་འཁུར་བའི་འགོ་ཚུགས། དགའ་ལྡན་ཕོ་བྲང་སྐབས་བོད་དང་སོག་པོའི་དབར་ཆོས་ཕྱོགས་ཀྱི་འབྲེལ་བ་དང་དེ་བཞིན་རྒྱ་ནག་ཆིན་རྒྱལ་རབས་དང་བོད་དབར་ལ་འབྲེལ་བ་ཐོག་མར་བྱུང་ཚུལ། ལ་དྭགས་དང་བལ་ཡུལ་འབྲུག་བཅས་དབར་དམག་འཁྲུག་སོགས་སྐོར། ཕྱིས་སུ་རྒྱ་གར་ལ་བྱོན་པའི་ཐེག་ཆེན་སློབ་དཔོན་རྣམས་དང། ཁྱད་པར་ནལནྜའི་ནང་པའི་མཁས་པ་རྣམས་ཀྱི་ལོ་རྒྱུས་དང་། རྒྱ་གར་དུ་ཐེག་པ་ཆེན་པོའི་ཆོས་དར་ཚུལ་སྐོར།
སློབ་ཚན་སློབ་པའི་དགོས་པ།
༸རྒྱལ་བ་སྐུ་ཕྲེང་ན་རིམ་གྱིས་བོད་ཀྱི་ཆབ་སྲིད་དང་ཆོས་ལུགས་གཉིས་ཀྱི་དབུ་འཁྲིད་པའི་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཀྱི་ངོ་བོ་དང་ཁྱད་ཆོས། ལམ་སྲོལ་བཅས་པའི་སྐོར་དང། སྐབས་དེར་བོད་དང་ཁྱིམ་མཚེས་རྒྱལ་ཁབ་མང་པོའི་དབར་ལ་འཕྲད་པའི་ཆབ་སྲིད་ཀྱི་དཀའ་ངལ་དེ་དག་གི་རྒྱུ་རྐྱེན་ཤེས་ཐུབ་པ། བོད་དུ་ནང་ཆོས་དར་བ་ལས་བོད་ཀྱི་སྤྱི་ཚོགས་དང་།བསམ་བློའ་ིའཁྱེར་སོ། གོམས་གཤིས། རིག་གཞུང། རྩོམ་རིག་ལ་སོགས་པར་རྒྱ་གར་གྱི་རིག་གནས་སྤྱི་
དང་ཁྱད་པར་སངས་རྒྱས་པའི་ཆོས་ཀྱི་ཤུགས་རྐྱེན་ཇི་ཙམ་ཐེབས་མིན་དང་། བོད་ཀྱི་སྔ་མོའི་རིག་གནས་ལ་འགྱུར་ལྡོག་ཇི་ཙམ་སོང་མིན་ཤེས་ཐུབ་པ། རྒྱ་གར་དུ་ཐེག་པ་ཆེན་པོའི་ཆོས་དར་ཚུལ་དང་ཐེག་ཆེན་གྱི་སློབ་དཔོན་ཀླུ་སྒྲུབ་ཐོགས་མེད་སོགས་སྐོར་ཤེས་ཐུབ་པ།
བསླབ་གཞི་གཙོ་བོ།
- བོད་ཀྱི་སྲིད་དོན་རྒྱལ་རབས།༼སྟོད་ཆ།༽ ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་གྱིས་བརྩམས།ཤོག་གྲངས།
༤༦༣-༦༨༥ - ཆོས་འབྱུང་ནོར་བུའི་ཕྲེང་བ།ཤོག་གྲངས། ༦༨-༡༨༣
ཚན་པ་དང་པོ། Unit 1
- ༸རྒྱལ་བ་སྐུ་ཕྲེང་དྲུག་པ། སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་ལྷ་བཟང་ཁཱང་གི་འགལ་ཟླ། འཇུན་ གར་བས་བཙན་ འཛུལ་དང་དེའི་མཇུག་འབྲས། བོད་ཀྱི་སྲིད་དོན་རྒྱལ་རབས།༼སྟོད་ཆ།༽ཤོག་ གྲངས།༤༦༣-༥༢༡
ཚན་པ་གཉིས་པ། Unit 2
༸རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་དང་དབུས་གཙང་བཀའ་བློན་ནང་འཁྲུག་དང་དེའི་མཇུག་འབྲས། མི་དབང་ཕོ་ལྷ་བ་དང་སྲིད་སྐྱོང་འགྱུར་མེད་རྣམ་རྒྱལ།༸རྒྱལ་བ་བསྐལ་བཟང་རྒྱ་མཚོས་བོད་ཀྱི་སྲིད་དབང་ཕྱག་ཏུ་བཞེས་པ། བོད་ཀྱི་སྲིད་དོན་རྒྱལ་རབས།༼སྟོད་ཆ།༽ཤོག་གྲངས།༥༢༢-༥༨༣
ཚན་པ་གསུམ་པ། Unit 3
- ༸རྒྱལ་བ་སྐུ་ཕྲེང་བརྒྱད་པ་དང་གོར་བོད་དམག་འཁྲུག་སྔ་ཕྱིའི་འབྱུང་རིམ། ༸རྒྱལ་བ་སྐུ་ཕྲེང་དགུ་པ་ དང་བཅུ་པའི་རྣམ་ཐར། བོད་ཀྱི་སྲིད་དོན་རྒྱལ་རབས། ༼སྟོད་ཆ།༽ཤོག་གྲངས།༥༨༤-༦༨༥
ཚན་པ་བཞི་པ། Unit 4
- རྒྱ་གར་དུ་ཐེག་ཆེན་དར་ཚུལ་དང་དབུ་མ་བ་དང་སེམས་ཙམ་པའི་སློབ་དཔོན་རྣམས་ཀྱི་སྐོར།ཆོས་འབྱུང་ནོར་བུའི་ཕྲེང་བ།
ཁ་སྐོང་དཔེ་དེབ། Supplementary Books
- མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་གྱིས་བརྩམས་པའི་མི་དབང་རྟོགས་བརྗོད།
- དགའ་བཞི་བསྟན་འཛིན་དཔལ་འབྱོར་གྱིས་བརྩམས་པའི་དགའ་བཞི་མི་རབས་བཞི་ཡི་བྱུང་བ་བརྗོད་པ་ཟོལ་མེད་གཏམ་གྱི་རོལ་མོ།
- ཧོར་གཙང་འཇིགས་མེད་ཀྱིས་བརྩམས་པའི་མདོ་སྨད་ལོ་རྒྱུས་ཆེན་མོ་པོད་དང་པོ།
ཟུར་ལྟའི་དཔེ་དེབ། Reference Books
- སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་ལྔ་པ་དྲུག་པ་འཕེལ་པའི་གཏམ་རྣ་བའི་བཅུད་ལེན།
- ལྷ་བཙུན་ངག་དབང་རྡོ་རྗེས་མཛད་པའི་ཚངས་དབྱངས་རྒྱ་མཚོས་རྣམ་ཐར་གཏམ་སྙན་སྐལ་བཟང་ འཇུག་ངོགས།
རྒྱུགས་དུས་བདུན་པ།
བསླབ་གཞི་ངོ་སྤྲོད། དུས་རབས་བཅུ་དགུ་པ་ནས་ཉི་ཤུ་པའི་མགོ་སྟོད་ཀྱི་གནས་སྐབས་ཀྱི་ལོ་རྒྱུས། བོད་དུ་དར་བའི་སངས་རྒྱས་པའི་ལས་ཆོས་བརྒྱུད་ཁག་འདྲ་མིན་ཁག་གི་སྐོར།
སྙིང་དོན། དུས་རབས་བཅུ་དགུ་ཤར་བ་དང་འཛམ་གླིང་ཤར་ནུབ་ཀྱི་ཚང་མའི་ཆབ་སྲིད་ཀྱི་གནས་བབ་ལ་འགྱུར་ལྡོག་ཧ་ཅང་ཕྱིན་པའི་དབང་གིས་བོད་ལའང་ཐད་ཀར་དེའི་ཤུགས་རྐྱེན་ཐེབས་ཡོད། བོད་དང་བལ་ཡུལ་དབར་དམག་འཁྲུག་དང་། བོད་དང་ཀཱཤིམིར་དབར་དམག་འཁྲུག། དེ་བཞིན་བོད་དང་དབྱིན་ཇིའི་དབར་གྱི་དམག་འཁྲུག། བོད་དང་རཱཤིཡ་དབར་གྱི་འབྲེལ་ལམ། བོད་དང་རྒྱ་ནག་དབར་གྱི་དམག་འཁྲུག་དང་བོད་ཀྱིས་རྒྱ་མི་ཡོངས་རྫོགས་བོད་ནས་ཕྱིར་ཕུད་ཀྱིས་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་པའི་གསལ་བསྒྲགས་བྱས་པ་བཅས་མདོར་ན་སྐབས་དེར་བོད་དང་ཁྱིམ་མཚེས་ས་ཁུལ་དང་རྒྱལ་ཁབ་ཁག་དང་འབྲེལ་ལམ་སྔར་དང་མི་འདྲ་བར་རྙོག་འཛིང་ཆེ་རུ་ཕྱིན་ཡོད།
དུས་རབས་བདུན་པའི་ནང་ཐོག་མར་བོད་དུ་སངས་རྒྱས་པའི་ཆོས་དར་འགོ་ཚུགས་པ་ནས་བཟུང་རིམ་པས་ཁྲི་སྲོོང་ལྡེ་བཙན་ལ་སོགས་པའི་བོད་ཀྱི་བཙན་པོ་དེ་དག་གི་རྒྱབ་སྐྱོར་འོག་ནང་ཆོས་དེ་བོད་ཀྱི་ས་ཁུལ་གང་སར་ཁྱབ་བརྡལ་དུ་ཕྱིན་ནས་སྔར་བོད་ཀྱི་གདོད་མའི་ཆོས་ལུགས་བོན་དེ་རིམ་པས་ཉམས་ཆག་ཏུ་ཕྱིན་པ་ཚུལ་དང་། ནང་པའི་ཆོས་ལུགས་དེ་བོད་དུ་དར་བའི་རྗེས་སུ་བླ་མ་ཁག་གི་ཕྱག་བཞེས་དང་སློབ་མ་རྣམས་ལམ་དུ་བཀྲི་ཚུལ་མི་འདྲ་བའི་རྐྱེན་གྱིས་སངས་རྒྱས་པའི་ཆོས་ཀྱི་རྗེས་སུ་འཇུག་མཁན་གཅིག་པ་ཡིན་ཀྱང་ཆོས་བརྒྱུད་མི་འདྲ་བ་རྣམས་ཀྱི་འབྱུང་ཚུལ་ཀྱི་སྐོར་ཡིན།
སློབ་ཚན་སློབ་པའི་དགོས་པ། དུས་སྐབས་དེར་བྱུང་བའི་གནས་ཚུལ་མང་པོ་དེ་དག་བྱུང་རྐྱེན་དང་། གནས་ཚུལ་མང་པོ་ཞིག་གི་རྐྱེན་པས་བོད་ཀྱི་ལོ་རྒྱུས་ཀྱི་ཁ་ཕྱོགས་ལ་འགྱུར་ལྡོག་གང་འདྲ་ཕྱིན་མིན་ཤེས་པ་བྱ་རྒྱུ། བོད་དུ་དར་བའི་ཆོས་བརྒྱུད་ཁག་ཆོས་ལུགས་མི་འདྲ་བ་ཞིག་མིན་པར་རྩ་བ་སངས་རྒྱས་པ་གཅིག་མཚུངས་ཡིན་ཀྱང་ཆོས་སྟོན་སྟངས་མི་འདྲ་བའི་ཁྱད་པར་ཡིན་པ་ཤེས་ཐུབ་པ།
བསླབ་གཞི་གཙོ་བོ།
- བོད་ཀྱི་སྲིད་དོན་རྒྱལ་རབས།༼སྨད་ཆ།༽ ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་གྱིས་བརྩམས།ཤོག་གྲངས།
༡-༢༥༠ - ཆོས་འབྱུང་ཀུན་གསལ་མེ་ལོང། དཔལ་ལྡན་ཚུལ་ཁྲིམས།
ཚན་པ་དང་པོ། Unit 1
- ༸རྒྱལ་བ་བཅུ་གཅིག་བཅུ་གཉིས་བཅས་ཀྱི་རྣམ་ཐར། ལ་སིང་དམག་འཁྲུག་དང་གོར་བོད་ དམག་འཁྲུག། སྡེ་སྲིད་བཤད་སྒྲ་དང་སྤྱི་མཁན་དཔལ་ལྡན་དོན་གྲུབ་ཀྱི་སྐོར། བོད་ཀྱི་སྲིད་དོན་ རྒྱལརབས།༼སྨད་ཆ།༽ཤོག་གྲངས།༡-༥༨
ཚན་པ་གཉིས་པ། Unit 2
- ༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་སྐབས་ལས། བསྟན་རྒྱས་གླིང་གི་རྩོད་རྙོག་དང་དབྱིན་བོད་དམག་ འཁྲུག་སྔ་ཕྱིའི་འབྱུང་རྐྱེན་དང་དེའི་མཇུག་འབྲས།
བོད་ཀྱི་སྲིད་དོན་རྒྱལ་རབས།༼སྨད་ཆ།༽ཤོག་གྲངས།༥༩-༡༦༦
ཚན་པ་གསུམ་པ། Unit 3
- ཆུ་བྱ་ལོའི་རྒྱ་བོད་དམག་གི་འབྱུང་རྐྱེན་དང་མཇུག་འབྲས། སིམ་ལའི་ཆིངས་དོན།
བོད་ཀྱི་སྲིད་དོན་རྒྱལ་རབས།༼སྨད་ཆ།༽ཤོག་གྲངས།༡༦༧-༢༥༠
ཚན་པ་བཞི་པ། Unit 4
- བོད་དུ་སངས་རྒྱས་པའི་ཆོས་བརྒྱུད་ཁག་གི་འབྱུང་བ་བརྗོད་པ། ཆོས་འབྱུང་ཀུན་གསལ་མེ་ལོང།
ཁ་སྐོང་དཔེ་དེབ། Supplementary Books
- མཛད་རྣམ་སྙིང་གི་རོལ་མཚོ།པོད་དང་པོ།
- Portrait of the Dalai Lama by Sir Charles Alfred Bell
- A Critical Assessment of Nepal-Tibeto Treaty 1856 by Tirtha Prasad Mishra
- The Tsar’s General and Tibet, Apropos of Some ‘white Spot’ in the History of Russo-Tibetan Relations by Alexandra Andreyev
- ཧོར་གཙང་འཇིགས་མེད་ཀྱིས་བརྩམས་པའི་མདོ་སྨད་ལོ་རྒྱུས་ཆེན་མོ་པོད་དང་པོ།
ཟུར་ལྟའི་དཔེ་དེབ། Reference Books
- Tibet and its History by Hugh Edward Richardson
- Tibet and British Raj by Alex McKay
- བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ།༼སྨད་ཆ།༽