རྒྱུགས་དུས་དང་པོ།- སྙན་ངག་དང་རྩོམ་རིག་རྨང་གཞིའི་བསླབ་གཞི། ནས་རིམ་དང་པོ།

སྙན་ངག་གི་ལམ།

བསླབ་གཞི་ངོ་སྤྲོད། ལོ་རིམ་དང་པོའི་རྒྱུགས་དུས་དང་པོ་གཉིས་ཀྱི་བསླབ་གཞི་ནི།

  1. བོད་ཀྱི་སྐད་ཡིག་ཐོག་རྒྱུན་བཀོལ་རྩོམ་ཡིག་ཁག་དང་།
  2. ཇི་བཞིན་བརྗོད་པ་དང་། དངོས་འབྲི་ཡི་གཞི་རྩའི་རྩོམ་ཡིག་འབྲི་དཔེ་ཁག
  3. རྩོམ་རིག་གམ་དབྱིན་སྐད་དུ ༼ ༽ ཞེས་པ་སྙན་དག་སམ་མ་ཡིན་པར་ཡིག་ཐོག་ཏུ་བྲིས་པའི་རྩོམ་ རིགས་ཐམས་ཅད་ལ་ཧ་ལམ་གོ་བུ་ལྟ་བུ་ཡིན་པས། བོད་ཀྱི་སྐད་ཡིག་ཐོག་འབྲི་སྲོལ་བྱུང་བའི་རྩོམ་ སྟངས་སྣ་ཚོགས་ངོ་སྤྲོད་དང་། ལག་ལེན་དངོས་ཀྱི་སྦྱོང་བརྡར་བཅས་ལ་ཕན་པའི་སློབ་ཚན་གཅེས་ བཏུས་ཀྱིས་གྲུབ་པ་ཞིག་ཡིན།

སློབ་ཁྲིད་ཀྱི་དགོས་པ།

  1. བོད་སྐད་ཐོག་འབྲི་སྲོལ་ཡོད་པའི་རྩོམ་ཡིག་སྣ་ཚོགས་ལ་ངོས་འཛིན་དང་གོ་སྟོབས་ལེགས་པོ་ཡོང་བ།
  2. རྒྱུན་བཀོལ་དང་ལག་ལེན་ལ་འབྲེལ་བ་ཡོད་པའི་རྩོམ་ཡིག་སྣ་ཚོགས་ལ་སྦྱོང་བརྡར་ཐོན་པ།
  3. དབྱིན་སྐད་ཐོག་ཞེས་པའི་ཁྱམ་ཁོངས་ལྟར་བོད་སྐད་ཐོག་རྩོམ་རིག་སློབ་སྦྱོང་དེ་སྙན་དག་འབྲི་ཀློག་ཙམ་གྱི་ཆེད་མིན་པའི་ངོས་འཛིན་དང་སྦྱོང་བརྡར་ལེགས་པོ་ཡོང་བ།
  4. ལོ་དང་པོ་ཙམ་ཐོན་པས་ཀྱང་རྒྱུ་བཀོལ་འབྲི་ཀློག་གི་ཤེས་ཚད་ལྡན་པ་དང་། ལོ་རིམ་དང་རྒྱུས་དུས་ཕྱི་མ་དག་གི་རྨང་གཞི་ལེགས་པོ་ཚུགས་ཐུབ་པ་བཅས་སོ།།

ཚན་པ་དང་པོ། Unit 1

  1. ཉིན་ཐོ་དང་སྙན་ཞུ།
  2. གསར་འགྱུར་དང་འབྲི་སྟངས།
  3. ཚོགས་འདུ་སོགས་ཀྱི་ཟིན་བྲིས་འབྲི་སྟངས།
  4. བརྗེད་ཐོ་དང་དྲན་ཐོ་འབྲི་སྟངས་དང་པོ། གཞན།
  5. བརྗེད་ཐོ་དང་དྲན་ཐོ་འབྲི་སྟངས་གཉིས་པ། རང་།
  6. བོད་ཀྱི་ངག་ཐོག་དང་ཡིག་ཐོག་གི་སྙན་ངག་བཤད་པ།

མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས་ལས།

  1. རྒྱལ་བ་དང་བྱང་སེམས་སོགས་ཀྱི་རབ་བྱེད།
  2. ལྷ་དང་ཕྱོགས་ལ་སོགས་པའི་རབ་བྱེད།

ལྷན་ཐབས་དང་པོ། ཚིགས་བཅད་སྐོར།

  1. ཚིགས་སུ་བཅད་པའི་སྡེབ་སྦྱོར།
  2. གོ་སླ་བའི་ཚིགས་བཅད་སྙན་ངག་གི་སྐོར་དང་པོ།
  3. གོ་སླ་བའི་ཚིགས་བཅད་སྙན་ངག་གི་སྐོར་གཉིས་པ།

ཚན་པ་གཉིས་པ། Unit 2

  1. མི་སྒེར་གྱི་ལོ་རྒྱུས་འབྲི་སྟངས་དང་པོ། རང།
  2. མི་སྒེར་གྱི་ལོ་རྒྱུས་འབྲི་སྟངས་གཉིས་པ། གཞན།
  3. ཡིག་ཐོག་གི་གཏམ་བཤད་འབྲི་སྟངས།
  4. བསྒྲགས་གཏམ་དང་གྲོས་ཆོད་འབྲི་སྟངས།

མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས་ལས།

  1. དུས་དང་བསྐལ་བ་ལ་སོགས་པའི་རབ་བྱེད།
  2. ས་འོག་གི་སྡེ་ཡན་ལག་དང་བཅས་པའི་རབ་བྱེད།

ལྷན་ཐབས་གཉིས་པ། གོ་སླ་བའི་རང་མོས་སྙན་ངག་གི་སྐོར།

  1. གོ་སླ་བའི་རང་མོས་སྙན་ངག ཁག་དང་པོ།
  2. གོ་སླ་བའི་རང་མོས་སྙན་ངག ཁག་གཉིས་པ།

ཚན་པ་གསུམ་པ། Unit 3

  1. འཕྲིན་ཡིག་གི་དང་།
  2. ཡིག་ཐོག་གཏམ་བཤད་སོགས་འབྲི་སྟངས།
  3. གྲོས་ཆོད་དང་བསྒྲགས་གཏམ་སོགས་འབྲི་སྟངས།
  4. ཇི་བཞིན་བརྗོད་པའི་རྩོམ་ཡིག་ཁག་དང་པོ།
  5. ཇི་བཞིན་བརྗོད་པའི་རྩོམ་ཡིག་ཁག་གཉིས་པ།
  6. གསལ་བཤད་རྩོམ་ཡིག
  7. དགག་གྲུབ་རྩོམ་ཡིག་དང་དཔྱད་རྩོམ་ཐུང་ངུ་འབྲི་སྟངས་བཅས།

མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས་ལས།

  1. ས་གཞི་དང་རི་གྲོང་སོགས་ཀྱི་རབ་བྱེད།
  2. ནགས་དང་སྨན་ལ་སོགས་པའི་རབ་བྱེད།

ལྷན་ཐབས་གསུམ་པ། ལྷུག་རྩོམ་ཐུང་ངུ་འབྲི་ཚུལ་སྐོར།

  1. ལྷུག་རྩོམ་ཐུང་ངུ་འབྲི་ཚུལ་གྱི་དཔེ་གཞི་ཁག་དང་པོ།
  2. ལྷུག་རྩོམ་ཐུང་ངུ་འབྲི་ཚུལ་གྱི་དཔེ་གཞི་ཁག་གཉིས་པ།

ཚན་པ་བཞི་པ། Unit 4

  1. ཚིག་སྦྱོར་དམིགས་བསལ་བ་ཐོ་རུ་འདེབས་པ་སོགས་སྙན་ངག་གི་ལམ་ནས་གལ་ཆེན་ཁག་དང་པོ།
  2. གཞན་རྩོམ་ལད་འབྲི་བྱེད་པའི་ཐབས་ལ་མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས་ལས།
  3. རི་དྭགས་དང་བྱ་ལ་སོགས་པའི་རབ་བྱེད། མི་ལ་སོགས་པའི་རབ་བྱེད།

ལྷན་ཐབས་བཞི་པ། ཚིགས་བཅད་ལྷུག་སྤེལ་མའི་སྐོར།

  1. མགར་བ་མིག་འཕྲུལ་ཐོ་ཡག
  2. རི་བོང་ཆུ་འཆག་མས་སྤྱང་ཀི་བཏུལ་བ།

ཁ་སྐོང་སློབ་ཚན། Supplementary Books

  1. གངས་རྒྱན་མེ་ཏོག
  2. སྦྲང་ཆར།
  3. བོད་ཀྱི་རྩོམ་རིག་སྒྱུ་རྩལ།
  4. ཐང་གི་སྙན་ངག་སུམ་བརྒྱ་པ།
  5. ལྷ་སའི་དམངས་ཁྲོད་གླུ་གཞས་སྟོད་ཆ་དང་སྨད་ཆ།

ཟུར་ལྟའི་དཔེ་དེབ། Reference Books

  1. སྙན་རྩོམ་ཅོ་གའི་དྲུག་འགྱུར།༼སྦྲང་ཆར་དཔེ་ཚོགས།༽
  2. ཁ་བའི་རྣམ་ཤེས།
  3. ཤམ་བྷ་ལའི་ཅོང་སྒྲ།
  4. ཁྲག་ཡིག
  5. སྤྱང་མོའ་ིརྐང་རྗེས་འཚོལ་བ།

རྒྱུགས་དུས་གཉིས་པ།- སྙན་ངག་དང་རྩོམ་རིག་རྨང་གཞིའི་བསླབ་གཞི། གནས་རིམ་གཉིས་པ།

སྙན་ངག་གི་ལམ།

ཚན་པ་དང་པོ། Unit 1

  1. པར་རིས་དང་ཡུལ་བལྟས་ཏེ་སྙན་ངག་འབྲི་ཐབས་སྦྱོང་བ།
  2. སྒྱུ་རྩལ་གྱི་ཁྱད་ཆོས་གསེད་བཀྲོལ་བྱེད་པ།
  3. ཚིག་གི་སྡེབ་སྦྱོར་སྤེལ་སྟངས།
  4. ཁྱད་གཞི་དང་ཁྱད་ཆོས་ཀྱི་འབྲི་ཐབས།
  5. ཁ་དོག་གི་འབྲི་ཐབས།
  6. བྱ་ཚིག་གི་ནུས་པའི་འབྲི་ཐབས།

མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས་ལས།

  1. བྲམ་ཟེ་དང་རྒྱལ་རིགས་ལ་སོགས་པའི་རབ་བྱེད།
  2. རྗེ་རིགས་དང་དམངས་རིགས་ལ་སོགས་པའི་རབ་བྱེད།ལྷན་ཐབས་ལྔ་པ།

ལྷན་ཐབས་ལྔ་པ། ཚིགས་བཅད་ལྷུག་སྤེལ་མ།

  1. གཏམ་པད་མོའ་ིཚལ་གྱི་ཟློས་གར་དུམ་བུ་དང་པོ།ཚན་པ་གཉིས་པ།

ཚན་པ་གཉིས་པ། Unit 2

  1. དཔེ་དོན་རང་བཞིན་གྱི་འབྲི་ཐབས།
  2. ཚིག་འདྲ་བའི་འབྲི་ཐབས།
  3. མཚོན་ཐབས་ཀྱི་འབྲི་ཐབས།
  4. འགལ་འབྲེལ་གྱི་འབྲི་ཐབས།

ལྷན་ཐབས་དྲུག་པ། ཚིགས་བཅད་ལྷུག་སྤེལ་མ།

  1. གཏམ་པདྨའི་ཚལ་གྱི་ཟློས་གར་དུམ་བུ་གཉིས་པ།

ཚན་པ་གསུམ་པ། Unit 3

  1. མངོན་བརྗོད་སོགས་ཀྱི་འབྲི་ཐབས།
  2. སྙན་ངག་གི་བསམ་བློ་འཛིན་སྟངས།
  3. སྙན་ངག་ལ་བརྩོན་ལེན་བྱེད་པའི་སྤོབས་པ་ལྡན་དགོས།
  4. རྒྱུན་དུ་སྙན་ངག་ལ་བསམ་བློ་གཏོང་བའི་གོམས་སྲོལ་ཡོད་པ།
  5. ཕྱི་རོལ་དུ་འགྲོ་བ་ནི་སྙན་ངག་གི་ཆེད་དུ་བསམ་པ།

ལྷན་ཐབས་བདུན་པ། ཇི་བཞིན་བརྗོད་པའི་རྩོམ་ཡིག་འབྲི་ཚུལ།

  1. ཇི་བཞིན་བརྗོད་པའི་རྩོམ་ཡིག་འབྲི་ཚུལ་ལས་ཡུལ་ལྗོངས་དང་མི་སྣ་འབྲི་ཚུལ་གྱི་དཔེ་མཚོན་སྐོར།

ཚན་པ་བཞི་པ། Unit 4

  1. ཚོར་བ་དམིགས་བསལ་དག་སྙན་ངག་ཏུ་འགོད་པ།
  2. སྙན་ངག་སྒྱུ་རྩལ་ལ་སེམས་ཁྲལ་ཡོད་པ།
  3. སྙན་ངག་ནི་སྒྱུ་རྩལ་མཐའ་དག་དང་འབྲེལ་བར་ངེས་པ།
  4. བརྗོད་དོན་རྒྱ་ཆེར་སྟོན་པར་གཞོལ་བ།
  5. སྒྱུ་རྩལ་བཀོལ་སྤྱོད་ལ་མཆོང་སྐྱོད་དང་ཧམ་སེམས་ལྡན་པ།

ལྷན་ཐབས་བརྒྱད་པ། ཇི་བཞིན་བརྗོད་པའི་རྩོམ་ཡིག་འབྲི་ཚུལ།

  1. ཇི་བཞིན་བརྗོད་པའི་རྩོམ་ཡིག་འབྲི་ཚུལ་ལས་བྱ་བ་དང་དོན་རྐྱེན་འབྲི་ཚུལ་སྐོར།

ཁ་སྐོང་སློབ་ཚན། Supplementary Books

  1. གངས་རྒྱན་མེ་ཏོག
  2. སྦྲང་ཆར།
  3. བོད་ཀྱི་རྩོམ་རིག་སྒྱུ་རྩལ།
  4. ཐང་གི་སྙན་ངག་སུམ་བརྒྱ་པ།
  5. ལྷ་སའི་དམངས་ཁྲོད་གླུ་གཞས་སྟོད་ཆ་དང་སྨད་ཆ།

ཟུར་ལྟའི་དཔེ་དེབ། Reference Books

  1. སྙན་རྩོམ་ཅོ་གའི་དྲུག་འགྱུར།༼སྦྲང་ཆར་དཔེ་ཚོགས།༽
  2. ཁ་བའི་རྣམ་ཤེས།
  3. ཤམ་བྷ་ལའི་ཅོང་སྒྲ།
  4. ཁྲག་ཡིག
  5. སྤྱང་མོའ་ིརྐང་རྗེས་འཚོལ་བ།

རྒྱུགས་དུས་གསུམ།- སྙན་ངག་དང་རྩོམ་རིག་གནས་རིམ་བར་མའི་བསླབ་གཞི་དང་པོ།

བསླབ་གཞི་གཙོ་བོ།

སྙན་ཚིག་རིག་པའི་ཤེས་བྱ་གནད་བསྡུས།
བསླབ་གཞི་ངོ་སྤྲོད།
བསླབ་དེབ་འདི་བོད་དུ་བཞུགས་པའི་མཁས་དབང་དོར་ཞི་མཆོག་གིས་བོད་ཡིག་ཆེད་སྦྱོང་འཛིན་གྲྭར་དམིགས་ནས་བརྩམས་གནང་མཛད་པ་ཞིག་ཡིན་པས་སློབ་དེབ་ཏུ་བྱས་ན་དགེ་མཚན་མང་དག་ཅིག་འདུག་སྟེ།

  1. བརྗོད་དོན་ཟབ་ཅིང་ཕྱུག་པས་སྦྱངས་ན་ཕན་ནུས་ཆེ་བ།
  2. བོད་རང་གི་ཚིག་སྦྱོར་རྣལ་མ་སྤེལ་བས་བརྗོད་དོན་ཐམས་ཅད་བདེ་བླག་ཏུ་གོ་བ།
  3. སྣ་མང་ལུང་གིས་ཕྱུག་པས་བརྗོད་བྱ་རྣམ་པར་རྟོགས་པ།
  4. དེང་རབས་བོད་ཀྱི་རྩོམ་རིག་ལ་འཕེལ་ཕྱོགས་གསལ་བའི་བློ་མིག་སྦྱིན་པ་སོགས་ནི་བསླབ་གཞི་འདིའི་ཁྱད་ཆོས་གཙོ་བོ་ཁག་ཡིན།

སློབ་ཁྲིད་ཀྱི་དགོས་པ།

སྙན་ཚིག་རིག་པའི་ཤེས་བྱ་གནད་བསྡུས་སློབ་ཁྲིད་བྱེད་དོན་ནི།

  1. རྩོམ་རིག་དང་རྩོམ་རིགས་ཀྱི་ཁྱད་པར་དབྱེ་ཐུབ་པ།
  2. སྙན་ངག་མེ་ལོང་མ་ཚིག་རྒྱན་གྱི་བསྟན་བཅོས་ཙམ་མིན་ཚུལ་ཤེས་པ།
  3. སྙན་ངག་མེ་ལོང་དུ་མ་འདུས་པའི་སྒྱུ་རྩལ་རྩོམ་རིག་ཧ་གོ་བ།
  4. སྙན་ངག་མེ་ལོང་ལས་བོད་ལ་མཁོ་ཆེ་བའི་རྒྱན་ཁ་ཤས་ཁོང་ནས་ཕྱུང་བ་དག་ལ་འབྲི་སྦྱོང་བྱེད་ཐུབ་པ་བྱ་རྒྱུ་སོགས་ནི་སློབ་ཁྲིད་ཀྱི་དགོས་པ་དང་དམིགས་ཡུལ་ཡིན།

ཚན་པ་དང་པོ། Unit 1

  1. རྩོམ་རིག་དང་རྩོམ་རིགས་ཀྱི་གོ་དོན་དང་དབྱེ་ཞིབ།
  2. ཆུང་གྲོགས་རྗེས་དྲན་ཞེས་པའི་སྙན་ངག་གི་རྒྱབ་ལྗོངས་དང་མཚོན་ཐབས།
  3. བོད་ཀྱི་རྩོམ་གཞུང་དང་སྙན་གཞུང་མེ་ལོང་མ།
  4. སྒྱུ་རྩལ་རྩོམ་རིག་དང་འདྲེས་ནས་སྒྱུ་རྩལ་སྤྱི་བཤད།

ལྷན་ཐབས།

  1. ༡ བོད་ཀྱི་རྩོམ་རིག་གསར་བའི་བརྩམས་ཆོས་བདམས་བཀོད་དང་དེ་དག་གི་བཤད་པ།ཤོག་ངོས་ ༡ ནས ༡༢༩

ཚན་པ་གཉིས་པ། Unit 2

  1. སྙན་ཚིག་ལ་ངོ་བོའ་ིསྒོ་ནས་དབྱེ་སྟངས་བཤད་པ།
  2. བརྩམས་སྒྲུང་གསར་པའི་ཁྱད་ཆོས་བཤད་པ།
  3. སྙན་ངག་གི་ལྷུག་རྩོམ་གྱི་ཁྱད་ཆོས་བཤད་པ།
  4. བོད་ཀྱི་རྩོམ་རིག་གསར་པའི་གནས་བབ་བཤད་པ།

ལྷན་ཐབས།
བོད་ཀྱི་རྩོམ་རིག་གསར་བའི་བརྩམས་ཆོས་བདམས་བཀོད་དང་དེ་དག་གི་བཤད་པ།ཤོག་ངོས་ ༡༣༠ ནས་ ༢༡༤

ཚན་པ་གསུམ་པ། Unit 3

  1. རྗོད་བྱེད་ཚིག་གི་ཉམས་འགྱུར་བཏོད་ཚུལ།
  2. བརྗོད་བྱ་དོན་ལ་བཅད་པ་མེད་སྟངས།
  3. བརྗོད་བྱའི་སྣང་བརྙན་བསྐྲུན་ཚུལ།
  4. དྲ་ལམ་ནས་སྙན་ངག་ལེགས་གྲས་རེ་གཉིས་ངོ་སྤྲོད་དང་ཀློག་འགྲེལ་བྱེད་པ།

ལྷན་ཐབས།
བོད་ཀྱི་རྩོམ་རིག་གསར་བའི་བརྩམས་ཆོས་བདམས་བཀོད་དང་དེ་དག་གི་བཤད་པ།ཤོག་ངོས་ ༢༡༥ ནས་ ༣༠༧
ཚན་པ་བཞི་པ། Unit 4

  1. རྩོམ་པ་པོའ་ིལངས་ཕྱོགས་དང་འགན་འཁྲི་བཤད་པ།
  2. སྒྱུ་རྩལ་རྩོམ་རིག་གི་མཛེས་པ་བཤད་པ།
  3. རྗོད་བྱེད་ཚིག་ལས་བརྗོད་བྱའི་དོན་ལ་གཟབ་དགོས་ཚུལ།
  4. སྙན་རྩོམ་གྱི་དགོས་པ་དང་བྱ་ལས།

ལྷན་ཐབས།
བོད་ཀྱི་རྩོམ་རིག་གསར་བའི་བརྩམས་ཆོས་བདམས་བཀོད་དང་དེ་དག་གི་བཤད་པ།ཤོག་ངོས་ ༣༢༧ ནས ༣༦༤
ཁ་སྐོང་སློབ་ཚན། Supplementary Books

  1. ལག་རྩལ།
  2. སྙན་ངག་གི་རྣམ་བཤད།
  3. རྩོམ་རིག་གཅེས་བཏུས།
  4. མུན་འཇོམས་ནོར་བུའི་ཕྲེང་བ།
  5. དགེ་ཆོས་སྙན་ངག

ཟུར་ལྟའི་དཔེ་དེབ། Reference Books

  1. བསྟན་པ་ཡར་རྒྱས་ཀྱིས་བརྩམས་པའི་ཐག་རིང་གི་སྦྲ་ནག༼སྟོད་ཆ།༽
  2. བོད་ཀྱི་རྣམ་ཐར་ཆེ་བརྒྱད་ལས་གང་རུང་གཉིས།
  3. རྩོམ་ཡིག་རིིག་པའི་རྨང་གཞི་གཞུང་ལུགས་གསར་མ།

རྒྱུགས་དུས་བཞི་པ།- སྙན་ངག་དང་རྩོམ་རིག་གནས་རིམ་བར་མའི་བསླབ་གཞི་གཉིས་པ།

ཚན་པ་དང་པོ། Unit 1

  1. སྙན་རྩོམ་སྤུས་ལེགས་འབྱུང་བའི་རྒྱུ་བཤད་པ།
  2. སྙན་རྩོམ་གྱི་བརྗོད་བྱའི་དོན་གནད་གསལ་འདོན་བྱེད་ཚུལ།
  3. སྒྱུ་རྩོམ་ལ་མི་རིགས་ཀྱི་ཁྱད་ཆོས་དགོས་པར་བསྟན་པ།
  4. སྙན་རྩོམ་གྱི་ཚིག་སྦྱོར་ཚིག་ཉུང་དོན་འདུས་དགོས་ཚུལ་བཤད་པ།

ལྷན་ཐབས།
བོད་ཀྱི་རྩོམ་རིག་གསར་བའི་བརྩམས་ཆོས་བདམས་བཀོད་དང་དེ་དག་གི་བཤད་པ།ཤོག་ངོས་ནས་ ༣༦༥ ནས་ ༣༩༠
ཚན་པ་གཉིས་པ། Unit 2

  1. སྙན་རྩོམ་གྱི་ཚིག་གི་སྦྱོར་བ་ཁ་གསལ་གོ་བདེ་ཡི་ཡོན་ཏན་བཤད་པ།
  2. སྙན་རྩོམ་གྱི་ཚིག་དང་དོན་གྱི་འབྲེལ་བ་བཤད་པ།
  3. སྙན་རྩོམ་གྱི་དཔེ་དོན་སྦྱོར་ཚུལ་གྱི་གལ་གནད་བཤད་པ།
  4. དཔེ་རྒྱན་དང་གཟུགས་རྒྱན། དོན་གཞན་བཀོད་པའི་རྒྱན་བཤད་པ།

ལྷན་ཐབས།
བོད་ཀྱི་རྩོམ་རིག་གསར་བའི་བརྩམས་ཆོས་བདམས་བཀོད་དང་དེ་དག་གི་བཤད་པ།ཤོག་ངོས་ ༣༩༡ ནས་ ༤༠༩
ཚན་པ་གསུམ་པ། Unit 3

  1. ལྡོག་པ་ཅན་དང་ཕུལ་བྱུང་། སྲིད་པ་ཅན་གྱི་རྒྱན་བཤད་པ།
  2. རིམ་པ་ཅན་གྱི་རྒྱན་དང་དགའ་བའི་རྒྱན། རྒྱ་ཆེ་བའི་རྒྱན་བཤད་པ།
  3. སྦྱར་རྒྱན་དང་ཁྱད་པར་བརྗོད་པའི་རྒྱན། སྐབས་མིན་བསྟོད་པའི་རྒྱན་བཤད་པ།
  4. ཟོལ་བསྟོད་ཀྱི་རྒྱན་དང་ངེས་བསྟན་གྱི་རྒྱན་བཤད་པ།

ལྷན་ཐབས།
༡༽ བོད་ཀྱི་རྩོམ་རིག་གསར་བའི་བརྩམས་ཆོས་བདམས་བཀོད་དང་དེ་དག་གི་བཤད་པ།ཤོག་ངོས་ ༤༡༠ ནས་ ༤༣༥

ཚན་པ་བཞི་པ། Unit 4

  1. ཕུལ་བྱུང་དང་བསྙོན་དོར་རྒྱན་གཉིས་ཀྱི་རང་བཞིན་དང་བྱེད་ལས་བསྟན་པ།
  2. བསྡུས་བརྗོད་དང་ཕྲ་མོ། ཆའི་རྒྱན་བཤད་པ།
  3. ཉམས་ལྡན་དང་རབ་བཏགས་ཀྱི་རྒྱན་བཤད་པ།
  4. སྙན་རྩོམ་ནི་གསར་གཏོད་ཀྱི་ཕྱོགས་སུ་འབད་འབུངས་བྱེད་པར་གདམས་པ།
  5. ཚིག་སྦྱོར་གྱོང་བོ་མི་ལེགས་ཚུལ་བཤད་པ།
  6. ཚིག་དོན་ཐབས་ཚུལ་བཤད་པ།
  7. རྩོམ་མཁན་གྱི་ལྟ་སྤྱོད་ག་འདྲ་འཛིན་དགོས་པར་བཤད་པ།

ལྷན་ཐབས།

  1. དགེ་འདུན་ཆོས་འཕེལ་གྱི་སྙན་ངག་ཕྱོགས་བཏུས་མ། ཤོག་ངོས་༡ནས་༡༩
  2. བོད་ཀྱི་རྩོམ་རིག་གསར་བའི་བརྩམས་ཆོས་བདམས་བཀོད་དང་དེ་དག་གི་བཤད་པ། ཤོག་ངོས་ ༤༣༦ ནས་ ༤༦༢

ཁ་སྐོང་སློབ་ཚན། Supplementary Books

  1. བོད་ཀྱི་གནའ་དེང་རྩོམ་ཡིག་གཅེས་བསྒྲིགས།
  2. གངས་ཅན་བོད་ཀྱི་ཉེ་རབས་ཕུལ་བྱུང་རྩོམ་རིག་གཅེས་བཏུས།
  3. བོད་ཀྱི་དེང་རབས་རྩོམ་རིག་ལོ་རྒྱུས།
  4. དགེ་ཆོས་ཡབ་སྲས་ཀྱི་སྙན་རྩོམ།

ཟུར་ལྟའི་དཔེ་དེབ། Reference Books

  1. བསྟན་པ་ཡར་རྒྱས་ཀྱིས་བརྩམས་པའི་ཐག་རིང་གི་སྦྲ་ནག༼སྨད་ཆ།༽
  2. བོད་ཀྱི་རྣམ་ཐར་ཆེ་བརྒྱད་ལས་གང་རུང་གཉིས།
  3. སློབ་ཆེན་རྩོམ་རིག
  4. དོར་ཞིའི་སྙན་རྩོམ་ཕྱོགས་བསྒྲིགས།

རྒྱུགས་དུས་ལྔ་པ།- སྙན་ངག་དང་རྩོམ་རིག་གནས་རིམ་གོང་མའི་བསླབ་གཞི་དང་པོ།

བསླབ་གཞི་གཙོ་བོ། སྙན་ངག་སྤྱི་དོན།
བསླབ་གཞི་ངོ་སྤྲོད།
བསླབ་གཞི་འདི་ནི་མཁས་དབང་དམ་པ་ཚེ་ཏན་ཞབས་དྲུང་མཆོག་གིས་བོད་ཀྱི་མཐོ་རིམ་སློབ་མའི་སློབ་དེབ་ཏུ་བརྩམས་གནང་མཛད་པའི་སྙན་ངག་མེ་ལོང་མའི་སྤྱི་དོན་ཞིག་ཡིན། སློབ་དེབ་ཀྱི་ཁྱད་ཆོས་གཙོ་བོ་ནི།

  1. བརྗོད་བྱའི་ནང་དོན་བསྡུས་ཤིང་སྤྱོད་གོ་ཆེ་བ།
  2. དཔེར་བརྗོད་ཕལ་ཆེ་བ་ཁ་གསལ་ཞིང་ཀུན་ལ་རྒྱུས་ཆེ་བའི་གསར་བྱུང་གི་བྱ་དངོས་བརྗོད་བྱར་བཟུང་བ།
  3. ཚིག་སྦྱོར་སྙན་ཞིང་གོ་སླ་བ། ༤༽བོད་རང་གི་ཚིག་རྒྱན་རིག་པ་འཐུས་ཚང་དུ་བཏང་བ།
  4. ཐུན་མིན་དཔེ་བརྗོད་དྲངས་ནས་གབ་ཚིག་གི་རིག་པ་བསྟན་པ་སོགས་ཀྱི་ཁྱད་ཆོས་ཡོད།

སྙན་ངག་སྤྱི་དོན་སློབ་ཁྲིད་བྱེད་དོན་ནི།

  1. མེ་ལོང་མའི་ལུགས་ཀྱི་སྙན་ངག་འབྲི་སྦྱོང་བྱེད་ཐུབ་པ།
  2. སྙན་ངག་གི་གཞུང་ལུགས་ལ་སློབ་སྦྱོང་བྱེད་པ།
  3. བོད་ཀྱི་སྔ་རབས་མཁས་པའི་སྙན་ངག་ལ་སློབ་སྦྱོང་བྱེད་པ།
  4. རིག་གཞུང་རྙིང་བ་སྲུང་སྐྱོབ་དང་རྒྱུན་འཛིན་གྱི་བསམ་བློ་རྗེས་རབས་པར་འཇོག་ཐུབ་པ་བྱེད་རྒྱུ་སོགས་ནི་སློབ་
    ཁྲིད་ཀྱི་དགོས་པ་དང་དམིགས་ཡུལ་ཡིན།

ཚན་པ་དང་པོ། Unit 1
ལེའུ་དང་པོ་ལས་སྔོན་འགྲོའ་ིསྐོར།

  1. རིག་གནས་བཅུ་ངོ་སྤྲོད་དང་འབྲེལ་ནས་ཡང་སྙིང་སྙན་ངག་ཅེས་པ་ག་འདྲ་ཞིག་ཏུ་གོ་དགོས་ཚུལ།
  2. སྙན་གཞུང་མེ་ལོང་མ་བོད་དུ་འགྱུར་བ་དང་བསྟུན་ནས་བོད་རང་ལ་སྙན་ངག་གི་གཞུང་ལུགས་དར་ཚུལ།
  3. སྙན་ངག་གི་ལུས་རྒྱན་སྐྱོན་སེལ་གྱི་སྐོར།
  4. སྦྱོར་ཚུལ་གྱི་སྒོ་ནས་དབྱེ་བའི་གྲོལ་རིགས་མཛོད་འདུས་བཞི་ཡི་སྐོར།
  5. སྙན་ངག་གི་ཉམས་འགྱུར་ལས་བྱེ་བྲག་ཉམས་བརྒྱད་སོགས་ཀྱི་སྒོ་ནས་ཚིག་ཉམས་བཏོད་ཚུལ་གྱི་སྐོར།
  6. གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་ཀྱི་ཐོག་ནས་སྙན་ངག་ཆེན་པོ་འབྲི་ཚུལ་ངོ་སྤྲོད་བྱེད་པའི་སྡེ་ཚན་དང་པོ།

ཚན་པ་གཉིས་པ། Unit 2

  1. སྙན་ངག་མེ་ལོང་མའི་དངོས་བསྟན་བཅུ་བདུན་ལས་ཁ་ཤས་ཤིག་དཔེར་བརྗོད་ཀྱི་ལམ་ནས་ངོ་སྤྲོད་པ།
  2. སྤྱིར་སྙན་ངག་གི་ཉམས་ཇི་ལྟར་བཏོད་པའི་ཚུལ།
  3. སྙན་ངག་གི་ལུས་ལ་སྐད་རིགས་ཀྱི་དབྱེ་བས་བཞི་རུ་འཇོག་ཚུལ།
  4. ཡང་བསྐྱར་སྙན་ངག་གི་ཉམས་བཏོད་ཚུལ་ཞིབ་ཏུ་བཤད་ནས་ལྷོ་ཤར་མཁས་པའི་རྩོམ་གཤིས་བརྗོད་པ།
  5. གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་ཀྱི་ཐོག་ནས་སྙན་ངག་ཆེན་པོ་འབྲི་ཚུལ་ངོ་སྤྲོད་བྱེད་པའི་སྡེ་ཚན་གཉིས་པ།

ཚན་པ་གསུམ་པ། Unit 3
ལེའུ་གཉིས་པ།

  1. རང་བཞིན་བརྗོད་པའི་རྒྱན་བཞི་ཡི་སྐོར།
  2. རྒྱ་བོད་མཁས་པས་མཛད་པའི་མཚུངས་པ་གསལ་བྱེད་ཀྱི་སྒྲ་བཤད་པ།
  3. དཔེ་རྒྱན་སོ་གཉིས་ཀྱི་དཔེར་བརྗོད་དང་བཅས་ཏེ་བཤད་པ། མིང་གཅིག་དོན་མང་ལ་འཇུག་པ།
  4. བོད་མཁས་པའི་སྙན་ངག་དཔེར་བརྗོད་སྒྲ་དབྱངས་རྒྱ་མཚོའི་འཇུག་ངོགས་ལས་སྐབས་འབྲེལ་སྐོར།

ཚན་པ་བཞི་པ། Unit 4
ལེའུ་གཉིས་པ།

  1. གཟུགས་རྒྱན།
  2. གསལ་བྱེད་ཀྱི་རྒྱན།
  3. སྐོར་བའི་རྒྱན།
  4. འགོག་རྒྱན།
  5. དོན་གཞན་བཀོད་པའི་རྒྱན།
  6. ལྡོག་པ་ཅན་གྱི་རྒྱན།
  7. སྲིད་པ་ཅན་གྱི་རྒྱན།
  8. བསྡུས་བརྗོད་ཀྱི་རྒྱན།
  9. བོད་མཁས་པའི་སྙན་ངག་དཔེ་བརྗོད་སྒྲ་དབྱངས་རྒྱ་མཚོའི་འཇུག་ངོགས་ལས་སྐབས་འབྲེལ་སྐོར།
  10. ཁྱད་པར་འཕགས་བསྟོད་ཀྱི་རྒྱ་ཆེར་འགྲེལ་བ། ཤོག་ངོས་ ༡ ནས་ ༡༤

ཁ་སྐོང་སློབ་ཚན། Supplementary Books

  1. ཚིག་རྒྱན་རིག་པའི་སྒོ་འབྱེད།
  2. ཚངས་སྲང་བཞད་སྒྲ།
  3. བོད་མཁས་པའི་སྙན་ངག་དནྜིའི་དགོངས་རྒྱན།
  4. དབྱངས་ཅན་དགྱེས་པའི་རོལ་མཚོ།
  5. དབྱངས་ཅན་དགྱེས་གླུ།
  6. སྙན་ངག་དཔེར་བརྗོད་ཕྱོགས་བསྒྲིགས།

ཟུར་ལྟའི་དཔེ་དེབ། Reference Books

  1. རྩོམ་ཡིག་གསེར་སྦྲམ་བར་ཆ་དང་སྨད་ཆ།
  2. སྙན་ངག་གི་རང་གདངས་གསར་པ།
  3. རྩོམ་རིག་གཤིབ་བསྡུར། དགའ་བ་པ་སངས་གིས་བརྩམས།
  4. མི་ལ་རས་པའི་མགུར་འབུམ།
  5. མི་དབང་རྟོགས་བརྗོད།
  6. མངོན་བརྗོད་མཁས་པའི་རྣ་རྒྱན།

རྒྱུགས་དུས་དྲུག་པ།- སྙན་ངག་དང་རྩོམ་རིག་གནས་རིམ་གོང་མའི་བསླབ་གཞི་གཉིས་པ།

ཚན་པ་དང་པོ། Unit 1
ལེའུ་གཉིས་པ།

༡༽ ཕུལ་བྱུང་གི་རྒྱན། ༢༽ རབ་བཏགས་ཀྱི་རྒྱན། ༣༽ རྒྱུའི་རྒྱན། ༤༽ ཕྲ་མོའ་ིརྒྱན། ༥༽ ཆའི་རྒྱན།
༡༽ ཕུལ་བྱུང་གི་རྒྱན། ༢༽ རབ་བཏགས་ཀྱི་རྒྱན། ༣༽ རྒྱུའི་རྒྱན། ༤༽ ཕྲ་མོའ་ིརྒྱན། ༥༽ ཆའི་རྒྱན།
༦༽ རིམ་པ་ཅན་གྱི་རྒྱན། ༧༽ དགའ་བའི་རྒྱན། ༨༽ ཉམས་ལྡན་གྱི་རྒྱན། ༩༽ གཟི་བརྗིད་ཅན་གྱི་རྒྱན།
༡༠༽ རྣམ་གྲངས་བརྗོད་པའི་རྒྱན། ༡༡༽ ཀུན་ཕན་གྱི་རྒྱན། ༡༢༽ རྒྱ་ཆེའི་རྒྱན།
༡༣) བོད་མཁས་པའི་སྙན་ངག་དཔེ་བརྗོད་སྒྲ་དབྱངས་རྒྱ་མཚོའི་འཇུག་ངོགས་ལས་སྐབས་འབྲེལ་སྐོར། གཞོན་ནུ་དྲུག་གི་རྟོགས་བརྗོད། ཤོག་ངོས་ ༡ ནས་ ༦༤

ཚན་པ་གཉིས་པ། Unit 2
ལེའུ་གཉིས་པ།

༡༽ བསྙོན་དོར་གྱི་རྒྱན། ༢༽ སྦྱར་བའི་རྒྱན། ༣༽ ཁྱད་པར་བརྗོད་པའི་རྒྱན།
༤༽ མཚུངས་སྦྱོར་གྱི་རྒྱན། ༥༽ འགལ་བའི་རྒྱན། ༦༽ སྐབས་མིན་བསྟོད་པའི་རྒྱན།
༧༽ ཟོལ་བསྟོད་ཀྱི་རྒྱན། ༨༽ ངེས་བསྟན་གྱི་རྒྱན། ༩༽ ལྷན་ཅིག་བརྗོད་པའི་རྒྱན།|
༡༠༽ ཡོངས་བརྗེས་ཀྱི་རྒྱན། ༡༡༽ ཤིས་བརྗོད་ཀྱི་རྒྱན། ༡༣༽ རབ་སྤེལ་གྱི་རྒྱན།
༡༤༽ དགོངས་པ་ཅན་གྱི་རྒྱན།
༡༥) བོད་མཁས་པའི་སྙན་ངག་དཔེ་བརྗོད་སྒྲ་དབྱངས་རྒྱ་མཚོའི་འཇུག་ངོགས་ལས་སྐབས་འབྲེལ་སྐོར། གཞོན་ནུ་དྲུག་གི་རྟོགས་བརྗོད། ཤོག་ངོས་ ༦༥ ནས་ ༡༣༠

ཚན་པ་གསུམ་པ། Unit 3
ལེའུ་གསུམ་པ།

  1. སྒྲ་རྒྱན་གྱི་སྐོར།
  2. བོད་མཁས་པའི་སྙན་ངག་དཔེ་བརྗོད་སྒྲ་དབྱངས་རྒྱ་མཚོའི་འཇུག་ངོགས་ལས་སྐབས་འབྲེལ་སྐོར།
  3. རྗེ་ཙོང་ཁ་པས་མཛད་པའི་སྤྱན་སྔ་གྲགས་པ་བྱང་ཆུབ་རྒྱལ་མཚན་གྱི་རྟོགས་བརྗོད།

ཚན་པ་བཞི་པ། Unit 4
ལེའུ་གསུམ་པ་དང་དང་པོ།

  1. གབ་ཚིག་གི་རྒྱན།
  2. སྐྱོན་སེལ་བ།
  3. དོར་ཞི་གདོང་དྲུག་སྙེམས་བློས་མཛད་པའི་སྙན་ངག་གི་སྐྱོན་སེལ་རྩོམ་རིག་བྱི་དོར།
  4. ལེའུ་དང་པོའ་ིསྐབས་ཀྱི་ལྷོ་ཤར་ཐུན་མོང་མ་ཡིན་པའི་རྒྱན་བཅུ་ངོ་སྤྲོད་རགས་བསྡུས།

ཁ་སྐོང་སློབ་ཚན། Supplementary Books
༡ ཚིག་རྒྱན་རིག་པའི་སྒོ་འབྱེད། ༢ ཚངས་སྲས་བཞད་སྒྲ།
༣ བོད་མཁས་པའི་སྙན་ངག་དནྜིའི་དགོངས་རྒྱན། ༤ དབྱངས་ཅན་དགྱེས་པའི་རོལ་མཚོ།
༥ དབྱངས་ཅན་དགྱེས་གླུ། ༦ སྙན་ངག་དཔེར་བརྗོད་ཕྱོགས་བསྒྲིགས།

ཟུར་ལྟའི་དཔེ་དེབ། Reference Books

  1. རྩོམ་ཡིག་གསེར་སྦྲམ་བར་ཆ་དང་སྨད་ཆ།
  2. སྙན་ངག་གི་རང་མདངས་གསར་པ།
  3. རྩོམ་རིག་གཤིབ་བསྡུར། དགའ་བ་པ་སངས་ཀྱིས་བརྩམས
  4. མི་ལ་རས་པའི་མགུར་འབུམ།
  5. མི་དབང་རྟོགས་བརྗོད།

རྒྱུགས་དུས་བདུན་པ།- སྙན་ངག་དང་རྩོམ་རིག་མཐོ་རིམ་བསླབ་གཞི་དང་པོ།

བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐོར།
བསླབ་གཞི་ངོ་སྤྲོད།

རྒྱུགས་དུས་བདུན་པའི་བསླབ་གཞི་ནི་བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐོར་ཡིན། བསླབ་གཞི་འདི་བོད་ནང་དུ་ཡོད་པའི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རྩོམ་རིག་ལོ་རྒྱུས་བསླབ་གཞི་གཙོ་བོར་བཞག་ཡོད་ཅིང་། དེ་དང་འབྲེལ་བའི་བོད་ཕྱི་ནང་གཉིས་སུ་བྲིས་པའི་རྩོམ་རིག་ལོ་རྒྱུས་སྐོར་གྱི་དཔེ་དེབ་ལེགས་གྲས་དག་ཁ་སྐོང་དུ་བཞག་ཡོད།

སློབ་ཁྲིད་ཀྱི་དགོས་པ།

བོད་ཀྱི་རྩོམ་རིག་ལོ་རྒྱུས་ལ་ངོས་འཛིན་ཟབ་མོ་ལྡན་པ་དང་། རྩོམ་རིག་ལོ་རྒྱུས་ཀྱི་དབྱེ་མཚམས་དང། དེའི་འབྱེད་རྟགས་གཙོ་བོ་ངོས་འཛིན། རྩོམ་རིག་དང་རིག་གནས་སྤྱི་ཚོགས་བཅས་ཀྱི་འབྲེལ་བ་ལ་ཕྱོགས་ཡོངས་ནས་ངེས་ཤེས་ཡོང་བར་དམིགས་ཡོད།

གྲུབ་ཆ་དང་པོ། Unit 1

  1. གནའ་རབས་རྩོམ་རིག་ལས་བོད་རྩོམ་གྱི་ལོ་རྒྱུས།
  2. གནའ་རབས་རྩོམ་རིག་ལས་འགྱུར་རྩོམ་གྱི་ལོ་རྒྱུས།

གྲུབ་ཆ་གཉིས་པ། Unit 2

  1. སྔ་དར་རྩོམ་རིག་ལས་བོད་རྩོམ་གྱི་ལོ་རྒྱུས།
  2. སྔ་དར་རྩོམ་རིག་ལས་འགྱུར་རྩོམ་གྱི་ལོ་རྒྱུས།

གྲུབ་ཆ་གསུམ་པ། Unit 3

  1. ཕྱི་དར་རྩོམ་རིག་གི་ལོ་རྒྱུས་ཕྱེད་སྔ་མ།
  2. ཕྱི་དར་རྩོམ་རིག་གི་ལོ་རྒྱུས་ཕྱེད་ཕྱི་མ།

ཚན་པ་བཞི་པ། Unit 4

  1. ཟློས་གར་རྩོམ་རིག་དུམ་བུ་དང་པོ།
  2. ཟློས་གར་རྩོམ་རིག་དུམ་བུ་གཉིས་པ།

ཁ་སྐོང་སློབ་ཚན། Supplementary Books

  1. བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན། སྟོད་ཆ།
  2. བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན། སྨད་ཆ།
  3. བོད་ཀྱི་རྩོམ་རིག་གི་བྱུང་བ་བརྗོད་པ་རབ་གསལ་མེ་ལོང་།
Menu