རྒྱུགས་དུས་དང་པོ། – བོད་ཀྱི་སྐད་ཡིག་རྨང་གཞིའི་བསླབ་གཞི། གནས་རིམ་དང་པོ།

བོད་ཡིག་རབ་འབྱམས་ལོ་རིམ་དང་པོའ་སྐད་ཡིག་གི་བསླབ་གཞི་ནི། སུམ་རྟགས་མཆན་འགྲེལ་བློ་གསར་འཇུག་སྒོ། དག་ཡིག་པད་དཀར་ཆུན་པོ། དག་ཡིག་གཅེས་བསྡུས་འཁྲུལ་སྤོང་ལེགས་བཤད་སྐྱ་རེངས་གསར་པ། བརྩམས་སྒྲུང་གཙུག་གཡུ་བཅས་ཡིན།

བསླབ་གཞི་དེ་དག་གི་བརྗོད་བྱ་གཙོ་བོ་ནི། དག་ཡིག་གི་བརྗོད་བྱ་གཙོ་བོ་མིང་གི་ཚོགས་དང་། སུམ་ཅུ་པའི་བརྗོད་བྱ་གཙོ་བོ་ཕྲད་དང་རྣམ་དབྱེ། རྟགས་འཇུག་གི་བརྗོད་བྱ་གཙོ་བོ་ཡི་གེ་ཕོ་མོ་མ་ནིང་སོགས་ཀྱི་དབྱེ་བ་དང་། དེ་དག་གི་འཇུག་ཚུལ་བཅས་ཡིན་ནོ།།

དེ་གསུམ་ལ་ཐོས་བསམ་སློབ་གཉེར་བྱས་པའི་དགོས་དོན་ནམ་གྲུབ་འབྲས་ནི། བོད་པའི་སྐད་ཡིག་ཅིག་ཡིན་ཕྱིན་ཆད་མིང་གི་ཚོགས་དང་། བྱ་ཚིག་གི་ཚོགས། ཕྲད་དང་རྣམ་དབྱེའི་ཚོགས་ཏེ་ཚོགས་གསུམ་དུ་མ་བསྡུས་པ་མེད་ལ། མིང་ལ་མི་རྨོངས་པའི་ཕྱིར་དག་ཡིག་གི་རྣམ་གཞག་དང་། བྱ་ཚིག་ལ་རྨོངས་པ་སེལ་ཕྱིར་རྟགས་འཇུག་གི་རྣམ་གཞག ཕྲད་དང་རྣམ་དབྱེ་ལ་བློ་མིག་འབྱེད་ཕྱིར་སུམ་ཅུ་པའི་རྣམ་གཞག་བཅས་ལ་ཐོས་བསམ་སློབ་གཉེར་གནང་དང་གནང་མུས་རེད། དེ་གསུམ་ནི་ཆོས་སྲིད་གང་གི་དབང་དུ་བྱས་ཀྱང་གཅིག་ལས་གཅིག་གལ་འགངས་ཆེ་བ་དང་། ཕན་ཚུན་གཅིག་ཕན་གཅིག་གྲོགས་ཀྱི་ཚུལ་དུ་འབྲེལ་བ་དམ་ཟབ་ཡོད་སྟབས། ལོ་རིམ་དང་པོར་དེ་གསུམ་གྱི་གཞི་རྟེན་བརྟན་པོ་ཡོང་སླད་དེ་གསུམ་ག་མདོར་བསྡུས་ཀྱི་ཚུལ་དུ་སློབ་ཁྲིད་བྱེད་བཞིན་ཡོད།

བྱེ་བྲག་ཏུ་དག་ཡིག་སྦྱངས་པའི་གྲུབ་འབྲས་ནི། དག་ཡིག་གི་བརྗོད་བྱ་གཙོ་བོ་ནི་མིང་གི་ཚོགས་ཡིན་ལ། དེ་ལ་དབྱེ་ན། བཏགས་མིང་དང་དངོས་མིང་། འདོད་རྒྱལ་དང་རྗེས་གྲུབ་སོགས་ཀྱི་རྣམ་གྲངས་མཐའ་ཡས་པ་ཞིག་ཡོད་སྟབས། དེ་དག་གི་དག་ཆ་ཇི་བཞིན་ཤེས་ན་འཇིག་རྟེན་གྱི་བྱ་གཞག་མང་པོ་ཞིག་ལ་རྨོངས་པའི་མུན་པ་སེལ་ཐུབ་པ་མ་ཟད། དག་ཆ་ཡི་གེའི་རྨང་གཞི་ཡིན།།ཞེས་གསུངས་པ་ལྟར། ཡི་གེའི་དག་ཆར་དབང་འབྱོར་ཐུབ།

ལྷག་པར་དེང་དུས་ཚན་རིག་གི་འགྱུར་འགྲོས་ལས་དངོས་པོ་གསར་པ་ཇི་སྙེད་ཅིག་ཐོན་དང་འཐོན་བཞིན་པ་རྣམས་ལ་ཐ་སྙད་གསར་པ་གདགས་ཐུབ་པའི་དགེ་མཚན་ལྡན་ཡོད།

སུམ་ཅུ་པ་ཤེས་ན་ཕྲད་དང་རྣམ་དབྱེའི་ཚིག་སྦྱོར་ཕུན་སུམ་ཚོགས་པ་དང་། རྟགས་འཇུག་ལ་བསླབ་པ་སློབ་གཉེར་བྱས་ན་ཡི་གེ་འབྲི་ཀློག་སྤྱི་དང་ལྷག་པར་བྱ་ཚིག་གི་ཚོགས་ལ་ཐོགས་པ་མེད་པར་འགྱུར་ཐུབ་པ་སོགས་ཀྱི་ཕན་འབྲས་ལྡན་ནོ།།

ཚན་པ་དང་པོ། Unit 1

  • ཡི་གེ་འཕེལ་རིམ་གྱི་རྣམ་གཞག་ལས། ཐོག་མར་ཡི་གེ་བཟོ་དགོས་པའི་རྒྱུ་རྐྱེན། བར་དུ་གཏན་འབེབས་
    ཇི་ལྟར་མཛད་ཚུལ། མཐར་ཕན་འདོགས་ཇི་ལྟར་བྱུང་ཚུལ་སོགས་དེང་དུས་ཀྱི་སྤྱི་ཚོགས་དང་བསྟུན་ནས་
    འགྲེལ་བརྗོད་བྱ་རྒྱུ།
  • བརྡ་སྤྲོད་སུམ་ཅུ་པའི་མཚན་དོན་དང་འགྱུར་ཕྱག མཆོད་བརྗོད་དང་བརྩམ་པར་དམ་བཅའ།
  • སྦྱར་བྱ་ཡི་གེའི་རྣམ་གཞག་བཤད་པ་ལས། སྤྱིར་དབྱངས་གསལ་ངོས་བཟུང་བ་དང་། བྱེ་བྲག་ཏུ་སྔོན་རྗེས་
    མིང་གསུམ་ངོས་བཟུང་བ།
  • སྦྱོར་ཚུལ་ཚིག་ཕྲད་ཀྱི་འཇུག་པ་བཤད་པ་ལས། སླར་བསྡུ། ལ་དོན།
  • དག་ཡིག་པད་དཀར་ཆུན་པོ།
  • གཙུག་གཡུ། ལེའུ་དང་པོ་དང་གཉིས་པ།ཚན་པ་གཉིས་པ།

ཚན་པ་གཉིས་པ། Unit 2

  • ཕྲད་གཞན་དབང་ཅན་ལས། ཨི་ལྡན། རྒྱན་སྡུད། ལྷག་བཅས། འབྱེད་སྡུད།
  • དག་ཡིག་པད་དཀར་ཆུན་པོ།
  • གཙུག་གཡུ། ལེའུ་གསུམ་པ་དང་བཞི་པ།ཚན་པ་གསུམ་པ།

ཚན་པ་གསུམ་པ། Unit 3

  • ཕྲད་རང་དབང་ཅན་ལས། འབྱུང་ཁུངས། བོད་སྒྲ། ནི་སྒྲ། དང་སྒྲ།
  • དག་ཡིག་པད་དཀར་ཆུན་པོ།
  • གཙུག་གཡུ། ལེའུ་ལྔ་པ་དང་དྲུག་པ།ཚན་པ་བཞི་པ།

ཚན་པ་གསུམ་པ། Unit 4

  • ཕྲད་རང་དབང་ཅན་ལས། དེ་སྒྲ། གང་སྒྲ། བདག་སྒྲ། དགག་སྒྲ།
  • ཚིགས་བཅད་འགྲོལ་ཚུལ་ལ་འདོམས་པ།
  • ཉན་པ་པོ་སྤྲོ་བསྲིངས་པའི་སྒོ་ནས་འདོམས་པ།
  • བསླབ་ཚུལ་གོ་རིམ་ལ་འདོམས་པ།
  • དག་ཡིག་པད་དཀར་ཆུན་པོ།
  • གཙུག་གཡུ། ལེའུ་བདུན་པ།ཁ་སྐོང་བསླབ་གཞིའི་དཔེ་དེབ།

ཁ་སྐོང་བསླབ་གཞིའི་དཔེ་དེབ།Supplementary Books

  1. བར་གཞི་ཕུན་ཚོགས་དབང་རྒྱལ་གྱིས་མཛད་པའི་བོད་ཀྱི་བརྡ་སྤྲོད་གཞུང་ལས་སུམ་ཅུ་པའི་འགྲེལ་གསར་ལེགས་བཤད་བཙོ་སྦྱངས་གསེར་གྱི་ཡང་ཞུན།
  2. མདོ་སྨད་པ་དགེ་འདུན་སྦྱིན་པས་མཛད་པའི་སུམ་རྟཌ་དགོངས་འགྲེལ་རིག་པའི་སྣང་བ།
  3. ཉན་ཤུལ་མཁྱེན་རབ་འོད་གསལ་གྱིས་མཛད་པའི་སུམ་ཅུ་པའི་རྣམ་བཤད་གཟུར་གནས་དགྱེས་པའི་གཏམ།
  4. དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེས་མཛད་པའི་སུམ་ཅུ་པའི་སྙིང་པོ་ལེགས་བཤད་ལྗོན་པའི་དབང་པོའི་ རྩ་འགྲེལ།
  5. ཚ་སྤྲུལ་ངག་དབང་བློ་བཟང་རྒྱ་མཚོས་མཛད་པའིི་སུམ་ཅུ་པའི་སྙིང་པོ་ལེགས་བཤད་ལྗོན་དབང་གི་སློབ་ དེབ།ཟུར་ལྟའི་དཔྱད་གཞིའི་དཔེ་དེབ།

ཟུར་ལྟའི་དཔྱད་གཞིའི་དཔེ་དེབ། Reference Books

  • ཡོངས་འཛིན་ཁྲི་བྱང་རིན་པོ་ཆེས་མཛད་པའི་སུམ་རྟགས་དཔེར་བརྗོད་ཡིད་འཕྲོག་མེ་ཏོག་གསར་པའི་མལླི་ཀ།
  • ཚེ་ཏན་ཞབས་དྲུང་གིས་མཛད་པའི་སུམ་རྟགས་རིག་པའི་མེ་ལོང།
  • རྡོ་རྗེ་རྒྱལ་པོས་མཛད་པའི་སུམ་རྟགས་སྙིང་འགྲེལ་དོན་གསལ་མེ་ལོང།
  • གསེར་ཏོག་བློ་བཟང་ཚུལ་ཁྲིམས་ཀྱིས་མཛད་པའི་སུམ་རྟགས་མཆན་འགྲེལ་ངོ་མཚར་འཁྲུལ་གྱི་ལྡེ་མིག
  • དངུལ་ཆུ་དྷརྨ་བྷ་དྲས་མཛད་པའི་དགག་ལན་ཚངས་པའི་ཐིག་གི་སྤུན་ཟླ།
  • ན་ག་སངས་རྒྱས་བསྟན་དར་གྱིས་བརྩམས་པའི་བོད་ཀྱི་བརྡ་སྤྲོད་ནག་ཊིཀ
  • བྲག་སྣེ་མིང་ཆུང་གིས་བརྩམས་པའི་བརྡ་སྤྲོད་ངལ་གསོའ་ིསྟེགས་བུ།
  • རྗེ་ལམ་རིམ་པ་ངག་དབང་ཕུན་ཚོགས་ཀྱིས་མཛད་པའི་སུམ་རྟགས་དཀའ་འགྲེེལ་དོན་གསལ་མེ་ལོང།
  • དམུ་དགེ་བསམ་གཏན་རྒྱ་མཚོས་མཛད་པའི་བརྡ་སྤྲོད་བློ་གསལ་འཇུག་ངོགས།

རྒྱུགས་དུས་གཉིས་པ། – བོད་ཀྱི་སྐད་ཡིག་རྨང་གཞིའི་བསླབ་གཞི། གནས་རིམ་གཉིས་པ།

ཚན་པ་དང་པོ། Unit 1

  • རྟགས་འཇུག་གི་རྣམ་གཞག་ལས། ཡི་གེ་སྤྱིར་རྟགས་ཀྱི་དབྱེ་བ་དང་བྱེ་བྲག་རྟགས་ཀྱི་དབྱེ་བ།
  • སྔོན་འཇུག་རྟགས་ཀྱི་དབྱེ་བ་དང། རྟགས་འདི་ལྟར་དབྱེ་དགོས་པའི་རྒྱུ་མཚན་སྐོར།
  • བྱེད་པ་བཞི་ལས་གང་ལ་འཇུག་པ་དང་གང་གིས་འཇུག་པ།
  • དག་ཡིག་གཅེས་བསྡུས་འཁྲུལ་སྤོང་ལེགས་བཤད་སྐྱ་རེངས་གསར་པ།
  • དག་ཡིག་གབ་པ་མངོན་ཕྱུང་གི་སྡེ་ཚན་བཞི་པ་སྟེ། ཡི་གེ་དག་ཆ་གདོན་པའི་མན་ངག
  • གཙུག་གཡུ། ལེའུ་བརྒྱད་པ་དང་དགུ་པ།

ཚན་པ་གཉིས་པ། Unit 2

  • བྱེད་པ་གསུམ་པ་ཇི་ལྟར་འཇུག་པ།
  • བྱེད་པ་བཞི་ཅི་ཕྱིར་འཇུག་པ་ལས། སྔོན་འཇུག་བ་ཡིག་གི་འཇུག་ཚུལ།
  • དག་ཡིག་གཅེས་བསྡུས་འཁྲུལ་སྤོང་ལེགས་བཤད་སྐྱ་རེངས་གསར་པ།
  • དག་ཡིག་གབ་པ་མངོན་ཕྱུང་གི་སྡེ་ཚན་བཞི་པ་སྟེ། ཡི་གེ་དག་ཆ་གདོན་པའི་མན་ངག
  • གཙུག་གཡུ། ལེའུ་བཅུ་པ་དང་བཅུ་གཅིག

ཚན་པ་གསུམ་པ། Unit 3

  • མ་ནིང་ག་ད་གཉིས་ཀྱི་འཇུག་ཚུལ།
  • མོ་འ་ཡིག་གི་འཇུག་ཚུལ།
  • ཤིན་ཏུ་མོ་མ་ཡིག་གི་འཇུག་ཚུལ།
  • དག་ཡིག་གཅེས་བསྡུས་འཁྲུལ་སྤོང་ལེགས་བཤད་སྐྱ་རེངས་གསར་པ།
  • དག་ཡིག་གབ་པ་མངོན་ཕྱུང་གི་སྡེ་ཚན་བཞི་པ་སྟེ། ཡི་གེ་དག་ཆ་གདོན་པའི་མན་ངག
  • གཙུག་གཡུ། ལེའུ་བཅུ་གཉིས་དང་བཅུ་གསུམ།

ཚན་པ་བཞི་པ། Unit 4

  • རྗེས་འཇུག་རྟགས་ཀྱི་དབྱེ་བ།
  • ཇི་ལྟར་འཇུག་ཚུལ་ལས། སྒྲ་ཡི་འཇུག་ཚུལ། དོན་གྱི་འཇུག་ཚུལ།
  • དགོས་པ་ཅི་ཕྱིེར་འཇུག་པ།
  • མཇུག་བསྡུ།
  • དག་ཡིག་གཅེས་བསྡུས་འཁྲུལ་སྤོང་ལེགས་བཤད་སྐྱ་རེངས་གསར་པ།
  • དག་ཡིག་གབ་པ་མངོན་ཕྱུང་གི་སྡེ་ཚན་བཞི་པ་སྟེ། ཡི་གེ་དག་ཆ་གདོན་པའི་མན་ངག
  • གཙུག་གཡུ། ལེའུ་བཅུ་བཞི་དང་བཅོ་ལྔ།

ཁ་སྐོང་བསླབ་གཞིའི་དཔེ་དེབ། Supplementary Books

  1. བར་གཞི་ཕུན་ཚོགས་དབང་རྒྱལ་གྱིས་མཛད་པའི་བོད་ཀྱི་བརྡ་སྤྲོད་གཞུང་ལས་སུམ་ཅུ་པའི་འགྲེལ་ གསར་ལེགས་བཤད་བཙོ་སྦྱངས་གསེར་གྱི་ཡང་ཞུན།
  2. མདོ་སྨད་པ་དགེ་འདུན་སྦྱིན་པས་མཛད་པའི་སུམ་རྟཌ་དགོངས་འགྲེལ་རིག་པའི་སྣང་བ།
  3. ཉན་ཤུལ་མཁྱེན་རབ་འོད་གསལ་གྱིས་མཛད་པའི་སུམ་ཅུ་པའི་རྣམ་བཤད་གཟུར་གནས་དགྱེས་པའི་གཏམ།
  4. དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེས་མཛད་པའི་སུམ་ཅུ་པའི་སྙིང་པོ་ལེགས་བཤད་ལྗོན་པའི་དབང་ པོའ་ིརྩ་འགྲེལ།
  5. ཚ་སྤྲུལ་ངག་དབང་བློ་བཟང་རྒྱ་མཚོས་མཛད་པའིི་སུམ་ཅུ་པའི་སྙིང་པོ་ལེགས་བཤད་ལྗོན་དབང་གི་སློབ་དེབ།

ཟུར་ལྟའི་དཔྱད་གཞིའི་དཔེ་དེབ། Reference Books

  1. ཡོངས་འཛིན་ཁྲི་བྱང་རིན་པོ་ཆེས་མཛད་པའི་སུམ་རྟགས་དཔེར་བརྗོད་ཡིད་འཕྲོག་མེ་ཏོག་གསར་ པའི་མལླི་ཀ།
  2. ཚེ་ཏན་ཞབས་དྲུང་གིས་མཛད་པའི་སུམ་རྟགས་རིག་པའི་མེ་ལོང།
  3. རྡོ་རྗེ་རྒྱལ་པོས་མཛད་པའི་སུམ་རྟགས་སྙིང་འགྲེལ་དོན་གསལ་མེ་ལོང།
  4. གསེར་ཏོག་བློ་བཟང་ཚུལ་ཁྲིམས་ཀྱིས་མཛད་པའི་སུམ་རྟགས་མཆན་འགྲེལ་ངོ་མཚར་འཁྲུལ་གྱི་ལྡེ་ མིག
  5. དངུལ་ཆུ་དྷརྨ་བྷ་དྲས་མཛད་པའི་དགག་ལན་ཚངས་པའི་ཐིག་གི་སྤུན་ཟླ།
  6. ན་ག་སངས་རྒྱས་བསྟན་དར་གྱིས་བརྩམས་པའི་བོད་ཀྱི་བརྡ་སྤྲོད་ནག་ཊིཀ།
  7. བྲག་སྣེ་མིང་ཆུང་གིས་བརྩམས་པའི་བརྡ་སྤྲོད་ངལ་གསོའ་ིསྟེགས་བུ།
  8. རྗེ་ལམ་རིམ་པ་ངག་དབང་ཕུན་ཚོགས་ཀྱིས་མཛད་པའི་སུམ་རྟགས་དཀའ་འགྲེེལ་དོན་གསལ་མེ་ལོང།
  9. དམུ་དགེ་བསམ་གཏན་རྒྱ་མཚོས་མཛད་པའི་བརྡ་སྤྲོད་བློ་གསལ་འཇུག་ངོགས།

རྒྱུགས་དུས་གསུམ་པ། – བོད་ཀྱི་སྐད་ཡིག་གནས་རིམ་བར་མའི་བསླབ་གཞི་དང་པོ།

བོད་ཡིག་རབ་འབྱམས་ལོ་རིམ་གཉིས་པའི་སྐད་ཡིག་གི་བསླབ་གཞི་ནི། བརྡ་སྤྲོད་སུམ་ཅུ་པའི་འགྲེལ་བ་སི་ཏུ་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས། ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན། ཡི་གེ་བཀླག་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པ། དག་ཡིག་གབ་པ་མངོན་ཕྱུང་གི་སྡེ་ཚན་བཞི་པ་སྟེ་ཡི་གེའི་དག་ཆ་གདོན་པའི་མན་ངག

བསླབ་གཞི་དེ་དག་གི་བརྗོད་བྱ་གཙོ་བོ་ནི། སི་ཏུ་འགྲེལ་ཆེན་སུམ་ཅུ་པའི་བརྗོད་བྱ་གཙོ་བོ་ཕྲད་དང་རྣམ་དབྱེ་སྐོར་དགག་བཞག་སྤོང་གསུམ་གྱི་སྒོ་ནས་གཏན་ལ་ཕབ་པ་ཞིག་ཡིན། དག་ཡིག་གི་བརྗོད་བྱ་གཙོ་བོ་ནི་མིང་གི་ཚོགས་ཏེ་མིང་རྐྱང་བཏགས་ཡོད་ཀྱི་རིགས་དང་། བྱ་ཚིག་ལ་བརྟེན་ནས་མིང་ཚིག་གྲུབ་ཚུལ་སོགས་ཡིན་ནོ།།

དེ་དག་ལ་ཐོས་བསམ་སློབ་གཉེར་བྱས་པའི་དགོས་དོན་ནམ་གྲུབ་འབྲས་ནི། ཇི་ཙམ་ཕྲད་དང་རྣམ་དབྱེའི་སྦྱོར་བ་ཕུན་སུམ་ཚོགས་པ་དེའི་ཚོད་ཀྱིས་དེ་ལས་བྱུང་བའི་བརྗོད་པ་ཡང་འབྱམས་ཀླས་པ་ཞིག་གྲུབ་ཐུབ། དཔེར་ན། ཇི་ཙམ་སྨན་རྩྭ་སོགས་ཀྱི་སྨན་སྦྱོར་ལེགས་པ་བྱུང་པ་དེའི་ཚོད་ཀྱིས་དེ་ལས་གྲུབ་པའི་སྨན་ཡང་ཕན་ནུས་ལྡན་པ་བྱུང་བ་ལྟར་ཡིན།

དེ་ཡང་སློབ་དཔོན་ཐོན་མིའི་དགོངས་པ་མཐིལ་ཕྱིན་པ་ཞིག་ཤེས་ཐབས་སུ་གཞན་གྱིས་ནོར་བ་དགག་པ་དང་། རང་གི་ལུགས་ཁ་གསལ་བཞག་པ། དེ་ལ་གཞན་གྱིས་བརྩད་པ་ལ་ལན་གྱིས་རྩོད་པ་སྤོང་པ་སྟེ་གསུམ་གྱི་སྒོ་ནས་གཏན་འབེབས་མཛད་ན། གཞུང་དོན་མཐར་ཕྱིན་པ་ཤེས་རྟོགས་ཡོང་རྒྱུར་ཕན་འབྲས་ཤིན་ཏུ་ཆེའོ།།

དེ་ལྟར་ཕྲད་དང་རྣམ་དབྱེའི་འགྲོ་སྟངས་འགྲོ་ལུགས་དཔྱིས་ཕྱིན་པ་ཞིག་ཤེས་ན། རང་གི་རྩོམ་པ་དང་། གཞན་གྱིས་བརྩམས་ཟིན་པའི་སྒྲའི་བསྟན་བཅོས་མཐའ་དག་ལ་ཐོགས་པ་མེད་པར་གྱུར་ཅིང་། མདོར་ན་འཆད་རྩོད་རྩོམ་གསུམ་གྱི་མཁས་པའི་བྱ་བ་རྣམ་གསུམ་ལ་བདེ་བླག་ཏུ་འཇུག་ཐུབ་པ་སོགས་ཀྱི་ཕན་ཐོགས་ཡོད།

བོད་ཀྱི་སྐད་ཡིག་གནས་རིམ་བར་མའི་བསླབ་གཞི་དང་པོ།
ཚན་པ་དང་པོ། Unit 1

  • སི་ཏུ་འགྲེལ་ཆེན་མཛད་པ་པོའི་ལོ་རྒྱུས། འགྲེལ་ཆེན་བརྩམ་དགོས་པའི་རྒྱུ་མཚན། སི་ཏུ་འགྲེལ་ཆེན་གྱི་ཐུན་ མོང་མ་ཡིན་པའི་ཁྱད་ཆོས་ཁག་འགྲེལ་བརྗོད་བྱ་རྒྱུ།
  • མཚན་དོན། འགྱུར་ཕྱག སུམ་ཅུ་པ་འདི་བསྟན་བཅོས་ཀུན་གྱི་རྩ་བ་ཡིན་ཚུལ། སུམ་ཅུ་པ་ཞེས་པའི་མིང་ཐོགས་ ཚུལ། འགྱུར་ཕྱག་དེ་འགྱུར་ཕྱག་མཚན་ཉིད་པ་ཡིན་མིན་སོགས་ལ་སྦྱང་བཤད་བྱ་རྒྱུ།
  • བརྡ་སྤྲོད་སུམ་ཅུ་པའི་མཆོད་བརྗོད་དང་བརྩམ་པར་དམ་བཅའ་ལས། སྤྱིར་མཆོག་གསུམ་ལ་མཆོད་བརྗོད་བྱེད་དགོས་དོན། བྱེ་བྲག་ཏུ་འཇམ་དབྱངས་ལ་བྱེད་དགོས་དོན། དགོས་པའི་དབང་གིས་རྟག་ཞི་བ་བྱེད་དགོས་དོན། དྲིན་གཟོ་བའི་ཕྱིར་མཁས་པ་སྤྱི་དང་བྱེ་བྲག་ལ་མཆོད་བརྗོད་བྱེད་དགོས་དོན། མཆོད་བརྗོད་ཀྱི་ཡུལ་དང། ལ་དོན་གྱི་ཕྲད་དེ་དག་རྣམ་དབྱེ་གཉིས་བཞི་སོགས་གང་དང་གང་ཡིན་ལ་བགྲོ་གླེང་།
  • བརྩམ་པར་དམ་བཅའ་བྱེད་དགོས་དོན་དང་། ཞར་བྱུང་བསྟན་བཅོས་ཀྱི་དགོས་སོགས་ཆོས་བཞི་ངོས་འཛིན་བཅས།
  • བསྟན་དར་ལྷ་རམས་པས་མཛད་པའི་ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན།
  • དག་ཡིག་གབ་པ་མངོན་ཕྱུང་གི་སྡེ་ཚན་བཞི་པ་སྟེ། ཡི་གེའི་དག་ཆ་གདོན་པའི་མན་ངག

ཚན་པ་གཉིས་པ། Unit 2

  • སྦྱར་བྱ་ཡི་གེའི་རྣམ་གཞག་བཤད་པ་ལས། རྒྱ་གར་གྱི་ཨ་ཡིག་དབྱངས་ཡིན་པས་ཡི་གེ་ཨཱ་ལི་ཀཱ་ལི་གཉིས་ཞེས་སྦྱོར་རིགས་ཀྱང་བོད་སྐད་ལ་ཨ་ཡིག་དབྱངས་མིན་པས་ཇི་ལྟར་སྦྱོར་རིགས་ཚུལ། ཨ་ཡིག་དེ་དབྱངས་དང་གསལ་བྱེད་གང་ཡིན་སོགས་མཁས་པའི་བཞེད་པ་མི་མཐུན་པར་བཤད་སྦྱང་བྱ་རྒྱུ།
  • སྦྱོར་ཚུལ་ཚིག་ཕྲད་ཀྱི་འཇུག་པ་བཤད་པ་ལས། སླར་བསྡུ། ཤུ གས་བསྟན་གྱི་ཕྲད་སླར་བསྡུའི་ཏོ་དང་། ལ་དོན་གྱི་ཏུ། ཨི་ལྡན་གྱི་ཡིདང་ཡིས། རྒྱན་སྡུད་ཀྱི་ཡང་། ལྷག་བཅས་ཀྱི་ཏེ། འབྱེད་སྡུད་ཀྱི་ཏམ་རྣམས་སུམ་ཅུ་པའི་དངོས་བསྟན་གྱི་ཕྲད་ནང་མི་བྱུང་བའི་རྒྱུ་མཚན་འགྲེལ་བརྗོད་དང་བགྲོ་གླེང་།
  • བསྟན་དར་ལྷ་རམས་པས་མཛད་པའི་ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན།
  • དག་ཡིག་གབ་པ་མངོན་ཕྱུང་གི་སྡེ་ཚན་བཞི་པ་སྟེ། ཡི་གེའི་དག་ཆ་གདོན་པའི་མན་ངག

ཚན་པ་གསུམ་པ། Unit 3

  • ལ་དོན་གྱི་དོན་གྱི་འཇུག་ཚུལ་ལྔ་ལ་འགྲེལ་བརྗོད་དང་། ན་ལ་གཉིས་དེ་ཉིད་ལ་འཇུག་མིན་སྐོར་ལ་གཏམ་ བཤད།
  • བསྟན་དར་ལྷ་རམས་པས་མཛད་པའི་ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན།
  • དག་ཡིག་གབ་པ་མངོན་ཕྱུང་གི་སྡེ་ཚན་བཞི་པ་སྟེ། ཡི་གེའི་དག་ཆ་གདོན་པའི་མན་ངག

ཚན་པ་བཞི་པ། Unit 4

  • སྨྲ་སྒོ་ལས་གསུངས་པའི་ན་ལའི་འཇུག་པ་བཅུ་བཞི་ལ་དཔེར་བརྗོད་དང་གཏམ་བཤད།
  • ཕྲད་གཞན་དབང་ཅན་ལས། ཨི་ལྡན། རྒྱན་སྡུད།
  • བསྟན་དར་ལྷ་རམས་པས་མཛད་པའི་ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན།
  • དག་ཡིག་གབ་པ་མངོན་ཕྱུང་གི་སྡེ་ཚན་བཞི་པ་སྟེ། ཡི་གེའི་དག་ཆ་གདོན་པའི་མན་ངག

ཁ་སྐོང་སློབ་ཚན། Supplementary Books

  1. ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོས་མཛད་པའི་སུམ་རྟགས་འགྲེལ་བ་རྣམ་པར་གསལ་བའི་ལེགས་བཤད།
  2. རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་ཀྱིས་མཛད་པའི་སུམ་རྟགས་འགྲེལ་བ་ལེགས་བཤད་སྣང་བྱེད་ ནོར་བུ།
  3. པྲ་ཏི་དགེ་བཤེས་རིན་ཆེན་དོན་གྲུབ་ཀྱིས་མཛད་པའི་སུམ་ཅུ་པའི་རྣམ་བཤད་ཀུན་བཟང་དགོངས་རྒྱན།
  4. ཚེ་ཏན་ཞབས་དྲུང་གིས་མཛད་པའི་སུམ་རྟགས་རྒྱས་བཤད་ཐོན་མིའི་ཞལ་ལུང།

ཟུར་ལྟའི་དཔྱད་ཞིབ་དཔེ་དེབ། Reference Books

  1. ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་སུམ་རྟགས་དོན་འགྲེལ་ཚིགས་བཅད་མ་ཡི་གེའི་སྦྱོར་བ།
  2. ཨ་ལག་ཤ་ངག་དབང་བསྟན་དར་གྱིས་མཛད་པའི་ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན།
  3. རིགས་སློབ་དབུ་དགེ་རྒན་བློ་བཟང་རྒྱ་མཚོས་མཛད་པའི་སུམ་རྟགས་རྒྱས་བཤད་རིན་ཆེན་བང་མཛོད།
  4. འགོས་པདྨ་རྒྱལ་མཚན་གྱིས་མཛད་པའི་གླིང་བརྗོད་ཆེན་པོ་འཛམ་གླིང་རྒྱན་གཅིག

རྒྱུགས་དུས་བཞི་པ – བོད་ཀྱི་སྐད་ཡིག་གནས་རིམ་བར་མའི་བསླབ་གཞི་གཉིས་པ།

ཚན་པ་དང་པོ། Unit 1

  • ཕྲད་གཞན་དབང་ཅན་ལས། ལྷག་བཅས། སྨྲ་སྒོ་ནས་བཤད་པའི་ལྷག་བཅས་ཀྱི་དོན་གྱི་འཇུག་ཚུལ་བརྒྱད་ལ་ དཔེར་བརྗོད་དང་འགྲེལ་བརྗོད།
  • ཕྲད་གཞན་དབང་ཅན་ལས། འབྱེད་སྡུད།ཨི་ལྡན། རྒྱན་སྡུད།
  • རྗེ་བཙུན་བསོད་ནམས་རྩེ་མོས་མཛད་པའི་ཡི་གེ་བཀླག་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པ།
  • དག་ཡིག་གབ་པ་མངོན་ཕྱུང་གི་སྡེ་ཚན་བཞི་པ་སྟེ། ཡི་གེའི་དག་ཆ་གདོན་པའི་མན་ངག

ཚན་པ་གཉིས་པ། Unit 2

  • ཕྲད་རང་དབང་ཅན་ལས། འབྱུང་ཁུངས་དངོས་དང་། ཆ་འདྲ། དགར་སྡུད་གཉིས་འབྱུང་ཁུངས་ཡིན་མིན་ལ་ དཔྱད་ཞིབ།
  • བོད་སྒྲ་རྣམ་དབྱེ་ཡིན་མིན་དང་། རྣམ་དབྱེ་དང་པོ་དང་བོད་སྒྲ་གཉིས་ཀྱི་ཁྱད་པར་སོགས་འགྲེལ་བརྗོད།
  • ཕྲད་རང་དབང་ཅན་ལས། ནི་སྒྲ་དགར་བ་དང་བརྣན་པ་ལ་འཇུག་ཚུལ་དང་། ནི་སྒྲས་དགར་བ་དང་དང་སྒྲས་ དགར་བ་གཉིས་ཀྱི་དགར་ཚུལ་ཁྱད་པར་ཡོད་མེད་གླེང་བ།
  • རྗེ་བཙུན་བསོད་ནམས་རྩེ་མོས་མཛད་པའི་ཡི་གེ་བཀླག་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པ།
  • དག་ཡིག་གབ་པ་མངོན་ཕྱུང་གི་སྡེ་ཚན་བཞི་པ་སྟེ། ཡི་གེའི་དག་ཆ་གདོན་པའི་མན་ངག

ཚན་པ་གསུམ་པ། Unit 3

  • དང་སྒྲའི་དོན་གྱི་འཇུག་ཚུལ་ལྔའི་དཔེར་མཚོན་དང་། དང་སྒྲ་རྒྱུ་མཚན་ལ་འཇུག་པ་ལས་འཕྲོས་ནས་སུམ་ཅུ་ པའི་ཕྲད་རྒྱུ་མཚན་ལ་འཇུག་པ་ཇི་ཡོད་འགྲེལ་བརྗོད་དང་དཔྱད་ཞིབ།
  • ཕྲད་རང་དབང་ཅན་ལས། དེ་སྒྲའི་དོན་གྱི་འཇུག་ཚུལ་ཇི་ཡོད་དང་། དེ་དག་ནང་ཕན་ཚུན་གཞི་མཐུན་ཡོད་མེད། སྨྲ་སྒོ་མཚོན་ཆ་ནས་བཤད་ཚུལ་དང་། དེ་སྒྲའི་སྐབས་སུ་སི་ཏུ་པཎ་ཆེན་གྱི་ཐུན་མོང་མ་ཡིན་བཞེད་མཚམས་ གླེང་བ།
  • གང་སྒྲ་སྤྱི་ལ་འཇུག་པ་དང་། བྱེ་བྲག་ལ་འཇུག་པ། དྲི་བ་ལ་འཇུག་པ་སོགས་ལ་ཚིགས་བཅད་ཐོག་ནས་སྙན་འཇེབས་ལྡན་པའི་དཔེར་བརྗོད།
  • རྗེ་བཙུན་བསོད་ནམས་རྩེ་མོས་མཛད་པའི་ཡི་གེ་བཀླག་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པ།
  • དག་ཡིག་གབ་པ་མངོན་ཕྱུང་གི་སྡེ་ཚན་བཞི་པ་སྟེ། ཡི་གེའི་དག་ཆ་གདོན་པའི་མན་ངག

ཚན་པ་བཞི་པ། Unit 4

  • བདག་སྒྲ་བསྟན་པའི་རྩ་ཚིག་གི་དོན་འགྲེལ་ཚུལ་མི་འདྲ་བའི་དབང་གིས་བདག་སྒྲའི་ཕྲད་ལ་མང་ཉུང་ཅི་རིགས་ འདོད་ཚུལ་དང་། སྨྲ་སྒོའ་ིརྩ་བ། པའམ་ཅན་ནི་བདག་པོ་དང་། །ཞེས་སོགས་ལ་འདོད་ཚུལ་མི་འདྲ་བ་རྣམས་ལ་ དཔྱད་ཞིབ་བྱ་རྒྱུ།
  • དགག་སྒྲའི་ཕྲད་ཇི་ཡོད་དང་། མིང་གི་ཐོག་མར་འཇུག་པ། ཐ་མར་འཇུག་པའི་ཕྲད་ཇི་ཡོད། སྟོང་དབེན་དག་ གསུམ་དགག་སྒྲའི་ཕྲད་ཡིན་མིན་ལ་བགྲོ་གླེང་གནང་རྒྱུ།
  • ཚིགས་བཅད་འགྲོལ་ཚུལ་ལ་འདོམས་པ།
  • ཉན་པ་པོ་སྤྲོ་བསྲིངས་པའི་སྒོ་ནས་འདོམས་པ།
  • བསླབ་ཚུལ་གོ་རིམ་ལ་འདོམས་པ་ལས། ཡི་གེའི་ང་རོ་འབྱིན་ཚུལ་ལ་སྦྱང་བཤད་དང་བགྲོ་གླེང་།
  • རྗེ་བཙུན་བསོད་ནམས་རྩེ་མོས་མཛད་པའི་ཡི་གེ་བཀླག་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པ།
  • དག་ཡིག་གབ་པ་མངོན་ཕྱུང་གི་སྡེ་ཚན་བཞི་པ་སྟེ། ཡི་གེའི་དག་ཆ་གདོན་པའི་མན་ངག

ཁ་སྐོང་སློབ་ཚན། Supplementary Books

  • ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོས་མཛད་པའི་སུམ་རྟགས་འགྲེལ་བ་རྣམ་པར་གསལ་བའི་ལེགས་བཤད།
  • རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་ཀྱིས་མཛད་པའི་སུམ་རྟགས་འགྲེལ་བ་ལེགས་བཤད་སྣང་བྱེད་ ནོར་བུ།
  • པྲ་ཏི་དགེ་བཤེས་རིན་ཆེན་དོན་གྲུབ་ཀྱིས་མཛད་པའི་སུམ་ཅུ་པའི་རྣམ་བཤད་ཀུན་བཟང་དགོངས་རྒྱན།
  • ཚེ་ཏན་ཞབས་དྲུང་གིས་མཛད་པའི་སུམ་རྟགས་རྒྱས་བཤད་ཐོན་མིའི་ཞལ་ལུང་།

ཟུར་ལྟའི་དཔྱད་ཞིབ་དཔེ་དེབ། Reference Books

  • ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་སུམ་རྟགས་དོན་འགྲེལ་ཚིགས་བཅད་མ་ཡི་གེའི་སྦྱོར་བ།
  • ཨ་ལག་ཤག་ངག་དབང་བསྟན་དར་གྱིས་མཛད་པའི་ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན།
  • རིགས་སློབ་དབུ་དགེ་རྒན་བློ་བཟང་རྒྱ་མཚོས་མཛད་པའི་སུམ་རྟགས་རྒྱས་བཤད་རིན་ཆེན་བང་མཛོད།
  • འགོས་པདྨ་རྒྱལ་མཚན་གྱིས་མཛད་པའི་གླེང་བརྗོད་ཆེན་པོ་འཛམ་གླིང་རྒྱན་གཅིག

རྒྱུགས་དུས་ལྔ་པ། – བོད་ཀྱི་སྐད་ཡིག་གནས་རིམ་གོང་མའི་བསླབ་གཞི་དང་པོ།

བོད་ཡིག་རབ་འབྱམས་ལོ་རིམ་གསུམ་པའི་སྐད་ཡིག་གི་བསླབ་གཞི་ནི། བརྡ་སྤྲོད་རྟགས་འཇུག་གི་འགྲེལ་བ་སི་ཏུ་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས། དག་ཡིག་གབ་པ་མངོན་ཕྱུང་གི་སྡེ་ཚན་ལྔ་པ་སྟེ་རྣམ་དབྱེའི་སྐོར། བརྡ་དག་ཕྱེ་མ་ལེབ་ཀྱི་གཤོག་རླབས་བཅས་ཡིན།

སློབ་གཞི་དེ་གསུམ་གྱི་བརྗོད་བྱ་གཙོ་བོ་ནི། སི་ཏུ་འགྲེལ་ཆེན་རྟགས་འཇུག་གི་བརྗོད་བྱ་གཙོ་བོ་སྔོན་རྗེས་མིང་གསུམ་གྱི་རྟགས་ཀྱི་དབྱེ་བ་དང་། རྟགས་ཀྱི་འཇུག་ཚུལ་དང་། དག་ཡིག་གི་བརྗོད་བྱ་གཙོ་བོ་མིང་གི་ཚོགས་ཏེ་མིང་རྐྱང་བཏགས་ཡོད་ཀྱི་རིགས་དང་། བྱ་ཚིག་ལ་བརྟེན་ནས་མིང་ཚིག་གྲུབ་ཚུལ་སོགས་སོ།།

དེ་གསུམ་ལ་ཐོས་བསམ་སློབ་གཉེར་བྱས་པའི་དགོས་དོན་ནམ་གྲུབ་འབྲས་ནི། སྔོན་རྗེས་མིང་གསུམ་གྱི་རྟགས་ཀྱི་
དབྱེ་བ་ཤེས་ན་ཡི་གེ་ཀློག་སྟངས་ཡག་པོ་ཤེས་ཐུབ་པ་མ་ཟད། ཡི་གེའི་རྒྱུ་དང་། ངོ་བོ། བྱེད་ལས་བཅས་ཀྱི་དཀའ་གནད་རྟོགས་ཐུབ་ངེས་ཡིན།

དེ་བཞིན་སྔོན་རྗེས་གཉིས་ཀྱི་འཇུག་ཚུལ་ཇི་བཞིན་ཤེས་པས། འདས་མ་འོངས་ད་ལྟ་གསུམ་ལ་ཡི་གེའི་དག་ཆ་གང་དང་གང་བཀོལ་སྤྱོད་དགོས་མིན་དང་། བྱེད་འབྲེལ་ལས་ཚིག་དང་། བྱེད་མེད་ལས་ཚིག་གི་རྣམ་གཞག གཞན་ཡང་བྱ་ཚིག་གི་སྒོ་ནས་བཏགས་པའི་མིང་ཚིག་མང་པོ་ཞིག་ལ་ནང་བྱན་ཆུད་པའི་ཕན་འབྲས་ལྡན་ཡོད།

མདོར་ན། སུམ་རྟགས་དག་གསུམ་ནི་བོད་ཀྱི་རིག་གནས་ཆེ་བ་ལྔ་དང་། ཆུང་བ་ལྔ་ལ་འཇུག་པའི་ལྡེ་མིག་ལྟ་བུ་ཡིན་པས་གལ་འགངས་ཤིན་ཏུ་ཆེ་ཞིང་བློ་གསར་རྣམས་ཀྱིས་གཅེས་པར་འོས་སོ། །

ཚན་པ་དང་པོ། Unit 1

  • སི་ཏུ་འགྲེལ་ཆེན་འདི་འགྲེལ་བ་གཞན་ལས་ཁྱད་དུ་འཕགས་ཚུལ་གླེང་བ།
  • རྟགས་འཇུག་ལ་སུམ་ཅུ་པ་ལས་ལོགས་སུ་མཚན་དོན་དང་། འགྱུར་ཕྱག མཆོད་བརྗོད་དང་། བརྩམ་པར་
    དམ་བཅའ་ཡོད་མེད་ལ་མཁས་པའི་བཞེད་པ་མི་འདྲ་བ་ཇི་ཡོད་ངོ་སྤྲོད་དང་། རང་ལུགས་ཀྱིས་དེ་དག་མེད་
    པར་འདོད་པ་ལ་རྒྱུ་མཚན་ཇི་ཡོད་སྐོར།
  • རྟགས་འཇུག་གི་རྣམ་གཞག་ལས། ཡི་གེ་སྤྱིར་རྟགས་ཀྱི་དབྱེ་བ་དང་། བྱེ་བྲག་རྟགས་ཀྱི་དབྱེ་བ། དེ་ལྟར་
    དབྱེ་བའི་རྒྱུ་མཚན། ཡི་གེ་ཕོ་མོ་མ་ནིང་སོགས་སུ་དབྱེ་ཚུལ་ཤེས་པ་ལས་ཡི་གེ་ཀློག་སྐབས་ཕན་ཐོགས་
    ཡོད་ཚུལ། ཨ་ཡིག་རྟགས་མེད་ཡིན་མིན་ལ་མཁས་པའི་བཞེད་ཚུལ་མི་འདྲ་བ་སོགས་གང་དང་གང་ཡོད་
    མེད་ལ་བགྲོ་གླེང་དང་དཔྱད་བསྡུར།
  • སྔོན་འཇུག་རྟགས་ཀྱི་དབྱེ་ཚུལ་ངོས་འཛིན་དང་། དེ་ལྟར་དབྱེ་དགོས་པའི་རྒྱུ་མཚན། ཕན་ནུས་སོགས་འགྲེལ་ བརྗོད།
  • བརྡ་དག་ཕྱེ་མ་ལེབ་ཀྱི་གཤོག་རླབས། ཀ་དང་ཁ་གཉིས།
  • དག་ཡིག་གབ་པ་མངོན་ཕྱུང་གི་སྡེ་ཚན་ལྔ་པ་སྟེ་རྣམ་དབྱེའི་སྐོར།

ཚན་པ་གཉིས་པ། Unit 2

  • བྱེད་པ་བཞི་ལས་གང་ལ་འཇུག་པ་དང་གང་གིས་འཇུག་པ་གཉིས་ཐུན་མོང་དུ་བཤད་པ་ལས། སྔོན་འཇུག་
    དེ་དག་གི་རང་རང་གི་འཇུག་ཡུལ་ཇི་ཡོད་དང་། དེ་ཡང་རྐྱང་འདོགས་བརྩེགས་གསུམ་ཅི་རིགས་ལ་འཇུག་
    ཚུལ་དཔེར་བརྗོད་ཞིབ་གསལ་བྲི་རྒྱུ་མ་ཟད། དེ་ཡིས་དག་ཆར་ཕན་ཐོགས་ཤིན་ཏུ་ཆེ་ཚུལ་ངོ་སྤྲོད།
  • བྱེད་པ་གསུམ་པ་ཇི་ལྟར་འཇུག་པ་ལས་འཕྲོས་ཏེ། ཡི་གེའི་སྐྱེ་གནས་བརྒྱད་སོགས་ངོ་སྤྲོད་དང་འབྲེལ།
    ཇི་ལྟར་འཇུག་ཚུལ་ལ་ཐོས་བསམ་བྱས་ན་ཡི་གེ་ཀློག་ཚུལ་ལ་ཕན་ཐོགས་ཡོད་ཚུལ་ར་སྤྲོད།
  • བརྡ་དག་ཕྱེ་མ་ལེབ་ཀྱི་གཤོག་རླབས། ག་ནས་ཅ་བར།
  • དག་ཡིག་གབ་པ་མངོན་ཕྱུང་གི་སྡེ་ཚན་ལྔ་པ་སྟེ་རྣམ་དབྱེའི་སྐོར།

ཚན་པ་གསུམ་པ། Unit 3

  • བྱེད་པ་བཞི་ཅི་ཕྱིར་འཇུག་གི་གཞུང་དོན་དཔྱིས་ཕྱིན་པ་ཤེས་པ་ལ། ཐོག་མར་འདི་ལྟར་ཤེས་དགོས་པ།
    མིང་ཚིག་དང་བྱ་ཚིག་གི་ཁྱད་པར། བྱེད་འབྲེལ་དང་བྱེད་མེད་ཀྱི་ཁྱད་པར། བདག་དང་གཞན་གྱི་ཁྱད་པར།
    འདས་མ་འོངས་ད་ལྟ་གསུམ་གྱི་ཁྱད། བདག་གཞན་ལོགས་སུ་དུས་གསུམ་དང་། དུས་གསུམ་ལས་ལོགས་
    སུ་བདག་གཞན་དབྱེ་བའི་དགོས་པ།
  • བརྡ་དག་ཕྱེ་མ་ལེབ་ཀྱི་གཤོག་རླབས། ཆ་ནས་ཏ་བར།
  • དག་ཡིག་གབ་པ་མངོན་ཕྱུང་གི་སྡེ་ཚན་ལྔ་པ་སྟེ་རྣམ་དབྱེའི་སྐོར།

ཚན་པ་བཞི་པ། Unit 4

  • དེ་ལྟར་ངེས་པར་བྱས་ནས་སྔོན་འཇུག་བ་ཡིག་གི་འཇུག་ཚུལ་རྒྱས་པར་བཤད་པ་ལས། གཙོ་བོ་དུས་གསུམ་
    ལས་འདས་པ་དང་། བདག་གཞན་གཉིས་ལས་གཞན་ལ་འཇུག་པའི་དཔེར་བརྗོད་ཞིབ་གསལ་ངོ་སྤྲོད།
  • བརྡ་དག་ཕྱེ་མ་ལེབ་ཀྱི་གཤོག་རླབས། ཐ་དང་ད་གཉིས།
  • དག་ཡིག་གབ་པ་མངོན་ཕྱུང་གི་སྡེ་ཚན་ལྔ་པ་སྟེ་རྣམ་དབྱེའི་སྐོར།

ཁ་སྐོང་བསླབ་གཞི། Supplementary Books

  • ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོས་མཛད་པའི་སུམ་རྟགས་འགྲེལ་བ་རྣམ་པར་གསལ་བའི་ལེགས་བཤད།
  • རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་ཀྱིས་མཛད་པའི་སུམ་རྟགས་འགྲེལ་བ་ལེགས་བཤད་སྣང་བྱེད་ནོར་བུ།
  • པྲ་ཏི་དགེ་བཤེས་རིན་ཆེན་དོན་གྲུབ་ཀྱིས་མཛད་པའི་སུམ་ཅུ་པའི་རྣམ་བཤད་ཀུན་བཟང་དགོངས་རྒྱན།

ཟུར་ལྟའི་དཔྱད་ཞིབ་དཔེ་དེབ། Reference Books

  1. ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་སུམ་རྟགས་དོན་འགྲེལ་ཚིགས་བཅད་མ་ཡི་གེའི་སྦྱོར་བ།
  2. ཨ་ལག་ཤ་ངག་དབང་བསྟན་དར་གྱིས་མཛད་པའི་ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན།
  3. རིགས་སློབ་དབུ་དགེ་རྒན་བློ་བཟང་རྒྱ་མཚོས་མཛད་པའི་སུམ་རྟགས་རྒྱས་བཤད་རིན་ཆེན་བང་མཛོད།
  4. འགོས་པདྨ་རྒྱལ་མཚན་གྱིས་མཛད་པའི་གླེང་བརྗོད་ཆེན་པོ་འཛམ་གླིང་རྒྱན་གཅིག
  5. ཡོངས་འཛིན་དཀོན་མཆོག་ཤེས་རབ་ཀྱིས་མཛད་པའི་སུམ་རྟགས་བཞེད་མཚམས་གསལ་བའི་སྒྲོན་མེ།
  6. དཀར་ལེབ་དྲུང་ཡིག་པདྨ་རྡོ་རྗེས་མཛད་པའི་རྟགས་འཇུག་གི་དཀའ་འགྲེལ།
  7. ཤར་ཆེན་ངག་དབང་ཚུལ་ཁྲིམས་ཀྱིས་མཛད་པའི་སུམ་རྟགས་བཤད་སྦྱར་ལེགས་བཤད་གཅེས་བསྡུས།

རྒྱུགས་དུས་དྲུག་པ། – བོད་ཀྱི་སྐད་ཡིག་གནས་རིམ་གོང་མའི་བསླབ་གཞི་གཉིས་པ།

ཚན་པ་དང་པོ། Unit 1

  • མ་ནིང་ག་ད་གཉིས་ཀྱི་འཇུག་ཚུལ་ལས། མ་ནིང་ག་ད་གཉིས་དངོས་པོ་བདག་གཞན་གཉིས་ཀ་དང་། བདག་གཞན་གཉིས་སུ་མ་གཏོགས་པའི་དུས་ད་ལྟ་བ་ལ་འཇུག་ཚུལ་འགྲེལ་བརྗོད་དང་། དཔེར་བརྗོད་ཞིབ་གསལ། དེ་ལ་མཁས་པའི་བཞེད་ཚུལ་མི་འདྲ་བར་བགྲོ་གླེང་།
  • མོ་འ་ཡིག་གི་འཇུག་ཚུལ། མོ་འ་ནི་བདག་གཞན་གཉིས་ལས་བདག་དང་། དུས་གསུམ་ལས་དུས་ད་ལྟ་བ་དང་། མ་འོངས་པ་ལ་འཇུག་པའི་དཔེར་བརྗོད་དང་དཔྱད་བསྡུར།
  • འགོས་པདྨ་རྒྱལ་མཚན་གྱིས་མཛད་པའི་དུས་གསུམ་རྣམ་གཞག
  • བརྡ་དག་ཕྱེ་མ་ལེབ་ཀྱི་གཤོག་རླབས། ན་ནས་བ་བར།
  • དག་ཡིག་གབ་པ་མངོན་ཕྱུང་གི་སྡེ་ཚན་སྟེ་བྱ་བའི་རིགས་གསུམ་དཔྱད་པ་རྟགས་འཇུག་གི་ཟུར་རྒྱན།

ཚན་པ་གཉིས་པ། Unit 2

  • ཤིན་ཏུ་མ་ཡིག་གི་འཇུག་ཚུལ། སྔོན་འཇུག་གི་ཤིན་ཏུ་མོ་མ་ཡིག་དེ་བདག་གཞན་དུས་གསུམ་ལ་མཉམ་པར་ འཇུག་ཚུལ།
  • མདོར་ན། སྔོན་འཇུག་དེ་དག་ཁམས་ཀྱི་བླ་མ་ནོར་བུ་བསྟན་འཛིན་གྱིས་གསུངས་པ་ལྟར། དུས་གསུམ་སྤྱི། བྱེ་བྲག ཐོར་བུ། ཁྱབ་མཉམ་བཞིའི་ཐོག་ནས་སློབ་གཉེར་བྱས་ན་དུས་གསུམ་གྱི་རྣམ་གཞག་བདེ་བླག་ཏུ་ཤེས་པའི་ཁེ་ཕན་ཡོད་ཚུལ་ངོ་སྤྲོད།
  • འགོས་པདྨ་རྒྱལ་མཚན་གྱིས་མཛད་པའི་དུས་གསུམ་རྣམ་གཞག
  • བརྡ་དག་ཕྱེ་མ་ལེབ་ཀྱི་གཤོག་རླབས། མ་ནས་ཛ་བར།
  • དག་ཡིག་གབ་པ་མངོན་ཕྱུང་གི་སྡེ་ཚན་སྟེ་བྱ་བའི་རིགས་གསུམ་དཔྱད་པ་རྟགས་འཇུག་གི་ཟུར་རྒྱན།

ཚན་པ་གསུམ་པ། Unit 3

  • རྗེས་འཇུག་རྟགས་ཀྱི་དབྱེ་བ་བཤད་པ། རྗེས་འཇུག་རྟགས་ཀྱི་འཇུག་པ་བཤད་པ་ལས། གང་ལ་འཇུག་པ་ དང་། གང་གིས་འཇུག་པ། ཅི་ཕྱིར་འཇུག་པའི་སྐོར་རགས་བཤད།
  • ཇི་ལྟར་འཇུག་ཚུལ་ལས། སྒྲ་ཡི་འཇུག་ཚུལ།
  • དོན་གྱི་འཇུག་ཚུལ་ལས། སྔ་མ་གང་ལྟར་འགྱུར་ཚུལ། ཁ་ཅིག་འདོད་ཚུལ་མི་འདྲ་བ་ཁག་ལ་བགྲོ་གླེང་དང་། སི་ཏུས་བཀོད་པའི་དཔེར་བརྗོད་རྣམས་ལ་དོགས་གནས་དཔྱད་པ།
  • བརྡ་དག་ཕྱེ་མ་ལེབ་ཀྱི་གཤོག་རླབས། ཝ་ནས་ལ་བར།
  • དག་ཡིག་གབ་པ་མངོན་ཕྱུང་གི་སྡེ་ཚན་སྟེ་བྱ་བའི་རིགས་གསུམ་དཔྱད་པ་རྟགས་འཇུག་གི་ཟུར་རྒྱན།

ཚན་པ་བཞི་པ། Unit 4

  • ཕྱི་མ་ཇི་ལྟར་འཇུག་ཚུལ་ལས། སྒྲ་ཡི་འཇུག་ཚུལ་དང་དོན་གྱི་འཇུག་ཚུལ་གཉིས་ཀྱི་ཁྱད་པར། དེ་གཉིས་ལས་གང་ཞིག་གལ་ཆེ་བ་ཡིན་མིན། བོད་ཆོལ་ཁ་གསུམ་གསུམ་གྱི་སྐད་གདངས་དང་བསྟུན་ནས་བགྲོ་གླེང་གནང་རྒྱུ།
  • དགོས་པ་ཅི་ཕྱིེར་འཇུག་པ་ལས། ཡི་གེའི་ཚོགས་ལས་མིང་དང་། མིང་གི་ཚོགས་ལས་ཚིག་གི་ཚོགས་བྱུང་ཚུལ་གླེང་བ།
  • དེ་ལས་འཕྲོས་ཏེ་ཡི་གེ་ནི་ཆོས་དང་སྲིད། རང་དང་གཞན། སྤྱི་དང་སྒེར་གང་གི་དབང་དུ་བྱས་ཀྱང་མེད་དུ་མི་རུང་བ་ཡིན་ཚུལ་དེང་དུས་ཀྱི་ཁོར་ཡུག་དང་འབྲེལ་ནས་འགྲེལ་བརྗོད་ཞུ་རྒྱུ།
  • མཇུག་བསྡུ།
  • བརྡ་དག་ཕྱེ་མ་ལེབ་ཀྱི་གཤོག་རླབས། ཤ་ནས་ཨ་བར།
  • དག་ཡིག་གབ་པ་མངོན་ཕྱུང་གི་སྡེ་ཚན་སྟེ་བྱ་བའི་རིགས་གསུམ་དཔྱད་པ་རྟགས་འཇུག་གི་ཟུར་རྒྱན།

ཁ་སྐོང་བསླབ་གཞི། Supplementary Books

  1. ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོས་མཛད་པའི་སུམ་རྟགས་འགྲེལ་བ་རྣམ་པར་གསལ་པའི་ལེགས་བཤད།
  2. རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་ཀྱིས་མཛད་པའི་སུམ་རྟགས་འགྲེལ་བ་ལེགས་བཤད་སྣང་བྱེད་ནོར་བུ།
  3. པྲ་ཏི་དགེ་བཤེས་རིན་ཆེན་དོན་གྲུབ་ཀྱིས་མཛད་པའི་སུམ་ཅུ་པའི་རྣམ་བཤད་ཀུན་བཟང་དགོངས་རྒྱན།
  4. ཚེ་རྟན་ཞབས་དྲུང་གིས་མཛད་པའི་སུམ་རྟགས་རྒྱས་བཤད་ཐོན་མིའི་ཞལ་ལུང་།

ཟུར་ལྟའི་དཔྱད་ཞིབ་དཔེ་དེབ། Reference Books

  1. ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་སུམ་རྟགས་དོན་འགྲེལ་ཚིགས་བཅད་མ་ཡི་གེའི་སྦྱོར་བ།
  2. ཨ་ལག་ཤ་ངག་དབང་བསྟན་དར་གྱིས་མཛད་པའི་ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན།
  3. རིགས་སློབ་དབུ་དགེ་རྒན་བློ་བཟང་རྒྱ་མཚོས་མཛད་པའི་སུམ་རྟགས་རྒྱས་བཤད་རིན་ཆེན་བང་མཛོད།
  4. འགོས་པདྨ་རྒྱལ་མཚན་གྱིས་མཛད་པའི་གླེང་བརྗོད་ཆེན་པོ་འཛམ་གླིང་རྒྱན་གཅིག
  5. ཡོངས་འཛིན་དཀོན་མཆོག་ཤེས་རབ་ཀྱིས་མཛད་པའི་སུམ་རྟགས་བཞེད་མཚམས་གསལ་བའི་སྒྲོན་མེ།
  6. དཀར་ལེབ་དྲུང་ཡིག་པདྨ་རྡོ་རྗེས་མཛད་པའི་རྟགས་འཇུག་གི་དཀའ་འགྲེལ།
  7. ཤར་ཆེན་ངག་དབང་ཚུལ་ཁྲིམས་ཀྱིས་མཛད་པའི་སུམ་རྟགས་བཤད་སྦྱར་ལེགས་བཤད་གཅེས་བསྡུས།

རྒྱུགས་དུས་བདུན་པ།

བོད་ཡིག་རབ་འབྱམས་ལོ་རིམ་བཞི་པའི་སྐད་ཡིག་གི་སློབ་གཞི་ནི། སྨྲ་སྒོ་མཚོན་ཆ་རྩ་འགྲེལ་དང། དག་ཡིག་གབ་པ་མངོན་ཕྱུང་གི་སྡེ་ཚན་གསུམ་པ་སྟེ་ཡི་གེ་འཇུག་པའི་གནས་བརྒྱད་དང་།བརྡ་དོན་གསལ་བའི་ཆོས་ལྔ་རྒྱས་པར་བཤད་པ། བོད་ཀྱི་སྐད་གསར་རྙིང་གི་བརྡའི་ཁྱད་པར་སྟོན་པ་ལེགས་པར་བཤད་པའི་ལི་ཤིའི་གུར་ཁང་བཅས་ཡིན།

སློབ་གཞི་དེ་དག་གི་བརྗོད་བྱ་གཙོ་བོ་ནི། སྨྲ་སྒོ་མཚོན་ཆའི་བརྗོད་བྱ་ཡི་གེའི་ཚོགས་དང་། མིང་གི་ཚོགས།ཚིག་གི་ཚོགས།ཚོགས་གསུམ་གསལ་བའི་བརྗོད་བྱ་དང་སྨྲ་སྒོ་གཉིས་ལ་རྒྱས་བསྡུས་ཙམ་མ་གཏོགས་ཁྱད་པར་དེ་ཙམ་མེད།ལེགས་པར་བཤད་པའི་ལི་ཤིའི་གུར་ཁང་གི་བརྗོད་བྱ་བརྡ་གསར་རྙིང་གི་རྣམ་གཞག་བཅས་ཡིན་ནོ།།

དེ་དག་ལ་ཐོས་བསམ་སློབ་གཉེར་བྱས་པའི་དགོས་དོན་ནམ་གྲུབ་འབྲས་ནི། ལོ་རིམ་དང་པོ་གཉིས་པ་སོགས་སུ་བརྡ་སྤྲོད་ཀྱི་རྣམ་གཞག་མདོར་བསྟན་དང་རྒྱས་བཤད་གཉིས་ཀའི་སྒོ་ནས་སྦྱངས་ཟིན་པའི་སློབ་ཚན་ཁག་ལ་མཇུག་བསྡོམས་ཚུལ་དུ་སྨྲ་སྒོ་མཚོན་ཆ་སློབ་ཁྲིད་བྱེད་བཞིན་ཡོད། དེ་ནི་བོད་ཡིག་གི་གནས་ཚད་མཐོན་པོར་སོན་པ་རྣམས་ལ་བགློ་གླེང་གི་རྣམ་པའམ་དོགས་གཅོད་ཀྱི་ལམ་ནས་དཔྱད་ཞིབ་བྱེད་ཆེད་ཡིན།

དེ་ཡང་སྨྲ་སྒོ་མཚོན་ཆ་ལྟ་བུར་མཚོན་ན། སློབ་དཔོན་ཐོན་མིའི་གཞུང་ནང་གསལ་ཁ་མེད་པ་མང་པོ་ཞིག་ཁ་སྣོན་བྱས་ཡོད། དཔེར་ན། ལ་དོན་སྐབས་སུ་སློབ་དཔོན་གྱིས་ན་ལའི་འཇུག་པ་ལྔ་ལས་མ་གསུངས་ཀྱང་། སྨྲ་སྒོར་ན་ལའི་འཇུག་པ་བཅུ་བཞི་བཤད་ཡོད། དེ་བཞིན་མིང་ལ་འདོད་རྒྱལ་དང་རྗེས་གྲུབ་ཀྱི་རྣམ་གྲངས། མདོར་ན། ཡི་གེའི་ཚོགས། མིང་གི་ཚོགས། ཚིག་གི་ཚོགས་ཏེ་ཚོགས་གསུམ་གྱི་རྣམ་གཞག་ཟབ་ཅིང་རྒྱས་པ་སྟོན་པའི་གཞུང་ལུགས་ཤིག་ཡིན་པར་བརྟེན།དེ་ལ་ཐོས་བསམ་སྒོམ་གསུམ་བྱས་ན་བོད་ཀྱི་བརྡ་སྤྲོད་རིག་པར་བྲོ་བ་ཕར་མ་ཞིག་ཡོང་ཐུབ།

མདོར་ན་དེ་དང་དེའི་མཚོན་པའི་བརྡ་སྤྲོད་ཀྱི་རྣམ་གཞག་མང་པོ་ཞིག་གསལ་ཁ་བཏོད་ཡོད་པར་བརྟེན།དེ་དག་ལ་དགག་བཞག་སྤོང་གསུམ་གྱི་སྒོ་ནས་སློབ་སྦྱོང་བྱས་ན། སློབ་དཔོན་ཐོན་མིས། འབྲི་དང་ཀློག་དང་བཤད་རྣམས་ཀྱི། །མཚམས་སྦྱོར་སྒྲ་ལ་ཐོགས་མེད་ཅིང་། །འབྲེལ་བ་སྨྲ་བའི་མཆོག་ཏུ་འགྱུར། །ཞེས་གསུངས་པ་ལྟར། གནས་སྐབས་དང་མཐར་ཐུག་གི་འདོད་དོན་མཐའ་དག་མྱུར་དུ་འགྲུབ་པའི་དགེ་མཚན་ལྡན་ཡོད། །

བོད་ཀྱི་སྐད་ཡིག་གནས་རིམ་གོང་མའི་བསླབ་གཞི་གཉིས་པ།
ཚན་པ་དང་པོ། Unit 1

  • སྨྲ་སྒོ་མཚོན་ཆ་རྩོམ་པ་པོའི་ལོ་རྒྱུས་དང་།སྨྲ་སྒོ་མཚོན་ཆའི་བརྗོད་བྱ་གང་ཡིན།དེའི་ཁྱད་ཆོས་སོགས་ངོ་སྤྲོད།
  • སྨྲ་སྒོ་མཚོན་ཆ་ལས།ཡི་གེའི་ཚོག་བཤད་པ་ལས་ཡི་གེའི་རྒྱུ།ངོ་བོ།བྱེད་ལས།མིང་གི་ཚོགས་ལས་མིང་གི་འགྲུབ་པའི་རྒྱུ།གྲུབ་པའི་མིང་གི་ངོ་བོ།མིང་གི་དབྱེ་བ་སོགས།ཚིག་གི་ཚོགས་ལས་ལྡང་ཚད།ངོ་བོ།ཚིག་སྡུད་སྤྱིར་བསྟན་པ།འབྲུ་མང་པོའི་བསྡུ་བ།ཚིག་བསྡུ་བ།ཁྱད་པར་བསྡུ་བ།ཡན་ལག་བསྡུ་བ།གཞི་བསྡུ་བ།གཞི་གཅིག་ ཏུ་བསྡུ་བ།གཞི་མཐུན་པའི་བསྡུ་བ།ཟླས་ཕྱེ་བའི་བསྡུ་བ།ཕྱོགས་ཙམ་སྟོན་པའི་བསྡུ་བ།
  • དག་ཡིག་གབ་པ་མངོན་ཕྱུང་གི་སྡེ་ཚན་གསུམ་པ་སྟེ་ཡི་གེ་འཇུག་པའི་གནས་བརྒྱད་དང་།བརྡ་དོན་གསལ་བའི་ ཆོས་ལྔ་རྒྱས་པར་བཤད་པ།
  • བོད་ཀྱི་སྐད་གསར་རྙིང་གི་བརྡའི་ཁྱད་པར་སྟོན་པ་ལེགས་པར་བཤད་པའི་ལི་ཤིའི་གུར་ཁང་།

ཚན་པ་གཉིས་པ། Unit 2

  • སྨྲ་སྒོ་རྩ་འགྲེལ་ལས།ཚིག་ཕྲད་བཤད་པ་ལས་མཚན་ཉིད་བཤད་པ།དབྱེ་བ་བཤད་པ།གང་སྒྲ།ཅི་སྒྲདེ་སྒྲ། འདི་སྒྲ། ད་ནའི་སྒྲ། ན་སྒྲ།སྟེ་སྒྲ། དང་སྒྲ། ནི་སྒྲ། ཀྱང་དང་ཡང་སྒྲ། ཁོ་ནའི་སྒྲ། ཉིད་སྒྲ། ཙམ་སྒྲ།
  • དག་ཡིག་གབ་པ་མངོན་ཕྱུང་གི་སྡེ་ཚན་གསུམ་པ་སྟེ་ཡི་གེ་འཇུག་པའི་གནས་བརྒྱད་དང་།བརྡ་དོན་གསལ་བའི་ ཆོས་ལྔ་རྒྱས་པར་བཤད་པ།
  • བོད་ཀྱི་སྐད་གསར་རྙིང་གི་བརྡའི་ཁྱད་པར་སྟོན་པ་ལེགས་པར་བཤད་པའི་ལི་ཤིའི་གུར་ཁང་།

ཚན་པ་གསུམ་པ། Unit 3

  • སྨྲ་སྒོ་མཚོན་ཆ་ལས།འབའ་ཞིག་གི་སྒྲ།ཡང་དག་སོགས་ཀྱི་སྒྲ།ཚུལ་སྒྲ།བཞིན་ལ་སོགས་པའི་སྒྲ།ཅིང་ལ་སོགས་ཀྱི་སྒྲ། ལ་སྒྲ། ཀྱི་སྒྲ། ཀྱིས་སྒྲ། ལས་སྒྲ། ནས་སྒྲ། དུ་སོགས་ཀྱི་སྒྲ། འོ་སོགས་ཀྱི་སྒྲ། འོ་འི་སྒྲ། འམ་སོགས་ཀྱི་སྒྲ། དག་དང་རྣམས་སྒྲ། སོགས་སྒྲ། བདག་པོའི་སྒྲ། བ་སྒྲ།
  • དག་ཡིག་གབ་པ་མངོན་ཕྱུང་གི་སྡེ་ཚན་གསུམ་པ་སྟེ་ཡི་གེ་འཇུག་པའི་གནས་བརྒྱད་དང་།བརྡ་དོན་གསལ་བའི་ ཆོས་ལྔ་རྒྱས་པར་བཤད་པ།
  • བོད་ཀྱི་སྐད་གསར་རྙིང་གི་བརྡའི་ཁྱད་པར་སྟོན་པ་ལེགས་པར་བཤད་པའི་ལི་ཤིའི་གུར་ཁང་།

ཚན་པ་བཞི་པ། Unit 4

  • སྨྲ་སྒོ་མཚོན་ཆ་ལས།ཕྲད་འདུས་པའི་ཚུལ་བསྟན་པ།སྦྱོར་བའི་ཚུལ་བཤད་པ།ནུས་པ་སོ་སོར་བཤད་པ། སྔ་ཕྱི་ཇི་ལྟར་སྦྱོར་ཚུལ་བཤད་པ།འདུས་པའི་ཕྲད་དངོས།བསྡུ་བ་གཉིས་དང་ལྡན་པ་བསྟན་པ།གཅིག་ཏུ་བསྡུས་པའི་ཚུལ། འཐད་པ་བཤད་པ།བསྟན་བཅོས་ཀྱི་ཆེ་བ་བརྗོད་པ། དོན་ལ་སྦྱོར་བ།འཇུག་པར་གདམས་པ། དགེ་བ་བསྔོ་བའོ།།
  • དག་ཡིག་གབ་པ་མངོན་ཕྱུང་གི་སྡེ་ཚན་གསུམ་པ་སྟེ་ཡི་གེ་འཇུག་པའི་གནས་བརྒྱད་དང་།བརྡ་དོན་གསལ་བའི་ ཆོས་ལྔ་རྒྱས་པར་བཤད་པ།
  • བོད་ཀྱི་སྐད་གསར་རྙིང་གི་བརྡའི་ཁྱད་པར་སྟོན་པ་ལེགས་པར་བཤད་པའི་ལི་ཤིའི་གུར་ཁང་།

ཁ་སྐོང་སློབ་དེབ། Supplementary Books

  1. བརྡ་སྤྲོད་བློ་གསལ་དགའ་སྟོན།དམུ་དགེ་བསམ་གཏན་གྱིས་བརྩམས།
  2. བོད་ཀྱི་བརྡ་སྤྲོད་བློ་གསལ་རིག་པའི་གསང་མཛོད།བསོད་ནམས་རྒྱལ་མཚན་གྱིས་བརྩམས།
  3. དཔང་ལོ་ཙཱ་བའི་ཚོགས་གསུམ་གསལ་བ།

ཟུར་ལྟའི་སློབ་དེབ། Reference Books

  1. བརྡ་སྤྲོད་གསལ་བྱེད་ངག་སྒྲོན།དཔའ་རིས་སངས་རྒྱས་ཀྱིས་བརྩམས།
  2. སུམ་རྟགས་དཀའ་འགྲེལ་དོན་གསལ་མེ་ལོང་།རྗེ་ལམ་རིམ་པ་ངག་དབང་ཕུན་ཚོགས་ཀྱིས་བརྩམས།
  3. སུམ་རྟགས་རྩ་ཚིག་གི་དཀའ་གནད་གསལ་བྱེད་ཉི་ཟླ་ཟུང་འཇུགའབྲས་སྤུངས་ཁྲི་པ་བསྟན་པ་བསྟན་འཛིན་གྱིས་བརྩམས།
Menu