རྒྱུགས་དུས་དང་པོ་དང་གཉིས་པའི་བསླབ་གཞི་ངོ་སྤྲོད།

  • བསྡུས་གྲྭ
  • བཤེས་སྤྲིངས།
  • ནང་ཆོས་ངོ་སྤྲོད་སྙིང་བསྡུས་བཅས་ཡོད་ཅིང།

ཀ༽ བསྡུས་གྲྭ་ནི་ཚད་མ་རིག་པའི་སྔོན་འགྲོ་ལྟ་བུ་ཞིག་ཡིན་ཞིང་། ཚད་མའི་གཞུང་གི་ནང་དོན་གལ་འགངས་ཆེ་བའི་རིགས་ཟུར་འདོན་ཞུས་ནས་ལས་གསར་བུ་བ་ལ་ཐོག་མར་རིགས་ལམ་སྦྱོང་བའི་སློབ་ཚན་བསྡུ་སྒྲིག་ཞུས་པ་ཞིག་ཡིན། མདོ་སྡེ་པའི་ལུགས་ཀྱི་གཞིའི་འདོད་ཚུལ་གཞིར་བཞག་གི་ཐོག་ཤེས་བྱའི་གནས་ལ་དཔྱད་ཚུལ་བསྟན་པའི་རིག་གནས་ཤིག་ཡིན། སློབ་ཚན་གྱི་ནང་དོན་རེ་རེ་བཞིན་རྟགས་དང་རྒྱུ་མཚན་གྱི་ལམ་ནས་གཏན་འབེབས་གནང་ཡོད་པས་ཚད་མ་རིག་པ་དང་ནང་དོན་རིག་པའི་གཞུང་ལུགས་དག་ལ་བློ་གྲོས་ཀྱི་སྒོ་མོ་འབྱེད་པའི་ལྡེ་མིག་དང་མུན་པ་སེལ་བའི་སྒྲོན་མེ་ལྟ་བུ་ཞིག་ཡིན།

ཁ༽ བཤེས་སྤྲིངས་ནི། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་རང་གི་མཛའ་བཤེས་ཡུལ་གྱི་རྒྱལ་པོ་བདེ་སྤྱོད་བཟང་པོ་ལ་སྤྲིངས་པའམ་བརྫངས་པའི་འཕྲིན་ཡིག་ཅིག་ཡིན་ནའང། དེའི་ནང་དོན་ནི་སྟོན་པ་སངས་རྒྱས་ཀྱིས་ཆོས་ཚུལ་ཟབ་མོའ་ིསྙིང་དོན་ཚིག་ཉུང་ལ་གོ་བདེ་བ། སྐྱེ་བོ་མཆོག་དམན་སུས་ཉམས་སུ་ལེན་ཡང་ཆོག་པ་ལྟ་བུ། གཞུང་ཆེན་མོའ་ིདགོངས་པའི་ཟབ་གནད་མཐའ་དག་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པར་ཉམས་སུ་ལེན་ཚུལ་བསྡུས་ཏེ་ཁ་གསལ་གོ་བདེར་བྲིས་པའི་བསྟན་བཅོས་གྲགས་ཆེན་ཞིག་ལགས།དེ་ཡང་བཤེས་སྤྲིངས་ཀྱི་ནང་དོན་དཔེར་ན།

  • མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས།
  • བསྙེན་གནས་ཡན་ལག་བརྒྱད།
  • སྦྱིན་སོགས་ཕར་ཕྱིན་དྲུག
  • འཕགས་ལམ་ཡན་ལག་བརྒྱད།
  • བདེན་པ་བཞི
  • རྟེན་འབྲེལ་ཡན་ལག་བཅུ་གཉིས་སོགས་རང་གཞན་བདེ་ལ་འགོད་པའི་ཐབས་ཚུལ་རྨད་དུ་བྱུང་བ་དག་འགྲེལ་བརྗོད་ཁ་གསལ་གནང་ཡོད། ལྷག་པར་ཚན་འཕྲུལ་རིག་པ་རྩེ་མོར་སོན་པའི་དུས་སྐབས་འདིར་འགྲོ་བ་རྣམས་ཕྱི་འབྱུང་བའི་འགྱུར་ལྡོག ནང་བསམ་བློར་འདོད་སྡང་རྨོངས་གསུམ་དང་དངངས་སྐྲག འཇིགས་སྐུལ་དང་བག་མི་ཕེབས་པ། མིའི་རང་གཤིས་བཟང་པོ་རྣམས་ཇེ་ཉམས་ཇེ་སྡུག་ཏུ་འགྱུར་བཞིན་པའི་ངང་ཚུལ་གཉན་འཕྲང་ཆེ་བའི་དུས་ངན་གྱི་ནད་གསོ་པའི་སྨན་ལྟ་བུ་ཞིག་ཆགས་ཡོད།

ག༽ ནང་ཆོས་ངོ་སྤྲོད་སྙིང་བསྡུས་ལས།

  • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་གི་སྐོར།
  • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ།
  • རྒྱུ་འབྲས་རྟེན་འབྲེལ་ཕྲ་རགས་སྐོར།
  • རྟེན་འབྱུང་ཕྲ་རགས་ཤེས་པས་ཕྲལ་ཡུན་གྱི་བདེ་སྐྱིད་འབྱུང་ཚུལ།
  • འཚོ་བ་དངོས་དང་སྦྱར་ནས་བདེན་བཞིའི་ངོ་སྤྲོད་བཅས་ཟུར་འདོན་གྱིས་འགྲེེལ་བརྗོད་དང་ཕན་ཚུན་ སྦྱང་བཤད་ཞུ་རྒྱུ།

བསྒྲུབ་བྱའམ་དགོས་པ།
ཀ༽ རིགས་ལམ་གྱི་འགྲོ་ལུགས་ཤེས་ན།

  • ཤེས་བྱ་རིག་པའི་གནས་ལ་འཚོལ་ཞིབ་བྱེད་སྟངས་མི་འདྲ་བ་དང་།
  • རིག་པ་མྱུར་བ་དང་གོ་དོན་གཏིང་ཟབ་རྟོགས་པར་དགེ་མཚན་ཡོད་པ།
  • གནས་ལུགས་གང་འདྲ་ཞིག་ཡིན་ནའང་དཔྱད་པ་དང་གཤིབས་བསྡུར་གྱི་རྩལ་ངེས་ཅན་ཞིག་འདོན་ ཐུབ་པའི་དགེ་མཚན་ཡོད་པ་ཡིན།
  • རིགས་པའི་ལམ་ནས་དཔྱད་པ་བྱེད་སྟངས་ཤེས་ན། གཞན་ཟེར་ཁོ་ནའི་རྗེས་སུ་འབྲངས་མི་དགོས་ པར་རང་གི་བློ་གྲོས་ཀྱི་རྩལ་བཏོན་ནས་ཡིན་མིན་དང་། ཡོད་མེད། བཟང་ངན་ཇི་ཡིན་སོགས་དངོས་པོའ་ིགནས་ཚོད་བཞིན་ཤེས་ཐུབ་པ་ཡོང་རྒྱུ་གདོན་མི་ཟའོ།།

ཁ༽ བཤེས་སྤྲིངས་ལ་སློབ་གཉེར་བྱས་པའི་གྲུབ་འབྲས་སུ། སྐྱབས་འགྲོ་ལས་འབྲས་ལ་ངེས་པ་རྙེད་པ། དེ་ལ་བརྟེན་ནས་མི་ཚེའི་རིན་ཐང་ངོ་ཤེས་པ། དྲང་ཚུགས་ལྡན་ཞིང་གཞན་ལ་གནོད་པའི་གཞི་ལས་ལྡོག་པ། རང་གཞན་བདེ་བའི་ཐབས་ཚུལ་མ་འཆོལ་བ། སྐྱེ་བོ་སུ་ལའང་འཚེ་བ་དང་གནོད་པའི་ལས་མི་བྱེད་པ། མདོར་ན་བཤེས་པའི་སྤྲིངས་ཡིག་ལ་གཞུང་ཚད་ཤཽ་ལོ་ཀ་ ༡༢༠ ལྷག་ཙམ་ཞིག་ཡོད་པ་ནས་ཚིགས་སུ་བཅད་པ་གཅིག་གི་གོ་དོན་ཇི་བཞིན་ཤེས་ནས་རང་རྒྱུད་ལ་སྦྱར་ཏེ་སྒོ་གསུམ་གྱི་སྤྱོད་པ་ལེགས་ལམ་དུ་བཀྲི་ཐུབ་ན་མི་ལུས་ཐོབ་གོ་ཆོད་ཅིང་། རང་ཉིད་བདེ་བ་ཙམ་དུ་མ་ཟད་འཁོར་ཉེ་འབྲེལ་རྣམས་ཀྱང་བློ་བདེ་བག་ཕེབས་སུ་གནས་ཐུབ་པ་ཡོང་རྒྱུ་ཡིན།

ནང་ཆོས་ངོ་སྤྲོད་སྙིང་བསྡུས་ནི་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། དམིགས་བསལ་ན་གཞོན་ཚོར་ནང་ཆོས་ངོ་སྤྲོད་གནང་བའི་གསུང་དམིགས་བསལ་བ་ཞིག་ཡིན་པས། རྗོད་བྱེད་ཀྱི་ཚིག་གོ་བདེ་བ་དང་བརྗོད་བྱའི་ནང་དོན་ཁ་གསལ་བ་སོགས་རྒྱུན་གཏན་འཚོ་བ་དངོས་ཀྱི་ནང་ལག་ལེན་དུ་འགེལ་ཆོག་ལྟ་བུ་ཡོད་པས། ན་གཞོན་བློ་གསར་ཚོར་བསླབ་གཞི་འདི་འོས་བབ་གཞན་ལས་ཆེ་བ་ཡོད།

རྒྱུགས་དུས་དང་པོ།

ཚན་པ་དང་པོ། Unit 1

  1. ཁ་དོག་གི་རྣམ་གཞག་བཤད་པ།
  2. མཚན་བསྒྱུར་བ་དང་མཚན་བཤད་པ།
  3. གཞི་གྲུབ་གི་རྣམ་གཞག་བཤད་པ།
  4. འགྱུར་ཕྱག ༥ ཉན་པར་བསྐུལ་བ།
  5. སྐྱེས་བུ་ཆུང་ངུའི་ལམ་མདོར་བསྟན་པ
  6. སྐྱེས་བུ་འབྲིང་གི་ལམ་མདོར་བསྟན་པ།
  7. སྐྱེས་བུ་ཆེན་པོའ་ིལམ་མདོར་བསྟན་པ།
  8. སྐྱེས་བུ་ཆུང་ངུ་དང་ཐུན་མོང་གི་ལམ་རྒྱས་བཤད།

ཚན་པ་གཉིས་པ། Unit 2

  1. ལྡོག་པ་ངོས་འཛིན་གྱི་རྣམ་གཞག
  2. རྒྱུ་འབྲས་ཆུང་ངུའི་རྣམ་གཞག
  3. སྐྱེས་བུ་འབྲིང་དང་ཐུན་མོང་གི་ལམ་རྒྱས་པར་བཤད་པ།

ཚན་པ་གསུམ་པ། Unit 3

  1. སྤྱི་བྱེ་བྲག་གི་རྣམ་གཞག
  2. སྐྱེས་བུ་ཆེན་པོའི་ལམ་རྒྱས་པར་བཤད་པ།

ཚན་པ་བཞི་པ། Unit 4

  1. འགལ་འབྲེལ་གྱི་རྣམ་གཞགv
  2. སྤྱིར་ལས་འབྲས་དང་དགེ་སྡིག་ཆེན་པོའི་སྤང་བླང་བསྟན་པ།
  3. ཁྱད་པར་སྒྲིབ་པ་ལྔ་སྤོང་ཚུལ།

ཁ་སྐོང་སློབ་ཚན། Supplementary Books

  1. ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་སྐབས་དང་པོ་ནས་བཞི་བར།
  2. རྗེ་བཙུན་རེ་མདའ་བས་མཛད་པའི་བཤེས་པའི་སྤྲིངས་ཡིག་གི་འགྲེལ་བ་དོན་གསལ།
  3. ༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་མཛད་པའི་བཤེས་སྤྲིངས་བཀའ་ཁྲིད་ཕྱག་དེབ།
  4. དགེ་བཤེས་བློ་བཟང་སྦྱིན་པས་མཛད་པའི་བཤེས་སྤྲིངས་ཀྱི་འགྲེལ་བ།

ཟུར་ལྟའི་དཔེ་དེབ། Reference Books

  1. ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་པོད་ལྔ་པའི་སྐབས་དང་པོ་ནས་བཞི་པ་བར།
  2. ཟུར་རྒྱན་གྱི་ཚུལ་དུ་བྱམས་བརྩེའི་ནུས་སྟོབས།
  3. ནང་ཆོས་ངོ་སྤྲོད་ཀྱི་དཔེ་དེབ་མི་འདྲ་བ་ཁག་གསུམ། ༼ནང་ཆོས་ངོ་སྤྲོད་སྙིང་བསྡུས།
    སྙིང་ནོར། སྙིང་ཏིག༽
  4. ལམ་རིམ་བསྡུས་དོན་གྱི་བཀའ་ཁྲིད་ཕྱག་དེབ།

རྒྱུགས་དུས་གཉིས་པ།

ཚན་པ་དང་པོ། Unit 1

  • རྒྱུ་འབྲས་ཆེ་བའི་རྣམ་གཞག་བཤད་པ།
  • སྦྱོར་ལམ་དངོས་ལ་དབང་པོ་དང་སྟོབས་སོགས་རྒྱུད་ལ་བསྐྱེད་ཚུལ།
  • ལམ་ཐམས་ཅད་ཀྱི་ཐུན་མོང་གི་ཉམས་ལེན་བསྟན་པ།

ཚན་པ་གཉིས་པ། Unit 2

  • མཚན་མཚོན་གྱི་རྣམ་གཞག
  • ཐལ་འགྱུར་ཁྱབ་པ་སྒོ་བརྒྱད་སློང་ཚུལ།
  • འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བ་ལ་འབད་ཚུལ།
  • མཐར་ལམ་གཙོ་བོ་རང་གིས་འབད་དགོས་པའི་ཚུལ།
  • ལམ་བསླབ་པ་གསུམ།

ཚན་པ་གསུམ་པ། Unit 3

  • བློ་རིག་སྦྱོང་བའི་དགོས་སམ་ཕན་ཡོན་སྙིང་བསྡུས།
  • བློའི་མཚན་ཉིད་དང་དོགས་གཅོད།
  • བློ་ལ་བདུན་དུ་དབྱེ་ཚུལ་ལས་མངོན་སུམ་དང་རྗེས་དཔག་གཉིས་ཀྱི་སོ་སོའི་མཚན་ཉིད་དང་
  • འཆི་བ་མི་རྟག་པ་དང་དལ་འབྱོར་རྙེད་དཀའ།
  • འཁོར་ལོ་ཆེན་པོ་བཞིའི་གདམས་པ།
  • འགལ་རྐྱེན་མེད་ཅིང་མཐུན་རྐྱེན་འཛོམས་པའི་དུས་སུ་འབད་རིགས་པ།

ཚན་པ་བཞི་པ། Unit 4

  • བཅད་ཤེས་ཀྱི་མཚན་ཉིད་དང་དྭོགས་གཅོད།
  • ཡིད་དཔྱོད་ཀྱི་མཚན་ཉིད་དང་དབྱེ་བ།
  • ཐེ་ཚོམ་མཚན་ཉིད་དང་དབྱེ་བ།
  • ལོག་ཤེས་ཀྱི་མཚན་ཉིད་དང་དབྱེ་བ།
  • དྲན་པ་ཉེར་བཞག་བཞི་ལ་འབད་ཚུལ།
  • ཐུན་མོང་གི་རྒྱུའི་གཙོ་བོ་ཞི་ལྷག་གཉིས་ལ་འབད་པ།
  • རྟེན་འབྲེལ་ཡན་ལག་བཅིུས་ཉམས་སུ་ལེན་ཚུལ།
  • འཕགས་ལམ་ཡན་ལག་བརྒྱད་ལ་འབད་པ།
  • བདེན་བཞིའི་དམིགས་རྣམ་སྒོམ་ཚུལ།

ཁ་སྐོང་སློབ་ཚན་། Supplementary Books

  1. ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་སྐབས་དང་པོ་ནས་བཞི་བར།
  2. རྗེ་བཙུན་རེ་མདའ་བས་མཛད་པའི་བཤེས་པའི་སྤྲིངས་ཡིག་གི་འགྲེལ་བ་དོན་གསལ།
  3. ༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་མཛད་པའི་བཤེས་སྤྲིངས་བཀའ་ཁྲིད་ཕྱག་དེབ།
  4. དགེ་བཤེས་བློ་བཟང་སྦྱིན་པས་མཛད་པའི་བཤེས་སྤྲིངས་ཀྱི་འགྲེལ་བ།

ཟུར་ལྟའི་དཔེ་དེབ། Reference Books

  1. ཟུར་རྒྱན་གྱི་ཚུལ་དུ་བྱམས་བརྩེའི་ནུས་སྟོབས།
  2. ནང་ཆོས་ངོ་སྤྲོད་ཀྱི་དཔེ་དེབ་མི་འདྲ་བ་ཁག་གསུམ།
  3. ལམ་རིམ་བསྡུས་དོན་གྱི་བཀའ་ཁྲིད་ཕྱག་དེབ།
  4. གྲུབ་མཐའ་ལྷུན་པོའ་ིམཛེས་རྒྱན། ལྕང་སྐྱ་རོལ་པའི་རྡོ་རྗེས་མཛད་པ།
  5. སྤྱོད་འཇུག་རྩ་འགྲེལ་ལེགས་བཤད་རྒྱ་མཚོ། དངུལ་ཆུ་རྒྱལ་སྲས་ཐོགས་མེད་བཟང་པོ།

རྒྱུགས་དུས་གསུམ་པ་དང་བཞི་པའི་སློབ་ཚན་ངོ་སྤྲོད།

ཀ༽ བློ་རིག ཁ༽ གྲུབ་མཐའ། ག༽ སྤྱོད་འཇུག་ལེའུ་དང་པོ་བཞི་ཡོད།

ཀ༽ ༡ བློ་ལ་གསུམ་དུ་དབྱེ་བ། ༣ གཉིས་སུ་དབྱེ་བ་བཅས་ཀྱི་སྐོར་སློབ་ཁྲིད་བྱ་རྒྱུ་ཡིན་ཞིང་། རང་རེའི་བློ་ལ་ཚད་མ་དང་ཚད་མིན། རྟོག་པ་དང་རྟོག་མེད། འཁྲུལ་བ་དང་མ་འཁྲུལ་བ། སེམས་དང་སེམས་བྱུང་སོགས་ཀྱི་སྐོར་ལ་དཔྱད་ཞིབ་ཀྱི་ལམ་ནས་ངོ་སྤྲོད་གོ་བདེའི་ཚུལ་དུ་སློབ་ཁྲིད་བྱ་རྒྱུ་ཡིན།

ཁ༽ ཀུན་མཁྱེན་འཇམ་དབྱངས་བཞད་པས་མཛད་པའི་གྲུབ་མཐའ་རིན་ཆེན་ཕྲེང་བའི་སྟེང་ནས་གྲུབ་མཐའ་ཞེས་པའི་ཐ་སྙད་ཀྱི་གོ་དོན་ནས་བརྩམས་པའི་ཕྱི་ནང་གི་གྲུབ་མཐའི་ཁྱད་པར་དང། དེ་བཞིན་ཕྱི་རོལ་པ་རྟོག་གེའི་སྡེ་ལྔ་སོ་སོའ་ིའདོད་ཚུལ། རང་སྡེ་གྲུབ་མཐའ་སྨྲ་བ་བཞིའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་དང་ལྷག་པར་བདག་མེད་ཕྲ་རགས་འཇོག་ཚུལ་བཅས་ཀྱི་གནད་དོན་ཞིབ་ཚགས་འགྲེལ་བརྗོད་དང་སློབ་ཁྲིད་གནད་སྨིན་ཞུ་རྒྱུ་ཡིན།

ག༽ སྤྱོད་འཇུག་ལེའུ་དང་པོ་བྱང་ཆུབ་སེམས་ཀྱི་ཕན་ཡོན། གཉིས་པ་སྡིག་པ་བཤགས་པ། གསུམ་པ་བྱང་ཆུབ་ཀྱི་སེམས་བཟུང་བ་བཅས་གསུམ་གྱི་ནང་དོན་ཁག་སློབ་ཁྲིད་བྱ་རྒྱུ་ཡིན། དེ་ཡང་ཐོག་མར་སྙིང་རྗེ་ཆེན་པོ་དང་གཞན་ཕན་གྱི་བསམ་པ་བཟང་པོ་བཅས་ནི་ཆོས་ཁས་ལེན་མིན་ཚང་མས་ཁས་ལེན་ཞིང་དགའ་མོས་མི་བྱེད་མཁན་སུ་ཡང་མེད། དེ་ལྟ་ནའང་དེ་ལྟ་བུའི་སེམས་བཟང་པོ་དེ་ཉིད་རང་ཅག་རྣམས་ལ་རང་ཆས་སུ་ཡོད་པ་ཞིག་མིན་ལ། བླ་མའི་མན་ངག་དང་གཞུང་ཆེན་མོར་ཐོས་བསམ་མ་བྱས་པར་རང་རྒྱུད་ལ་སྐྱེ་ཐབས་དེ་བས་ཀྱང་ག་ལ་ཡོད། དེས་ན་སྤྱོད་འཇུག་ལྟ་བུའི་གཞུང་ལ་ཐོས་བསམ་གནང་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན། བྱང་ཆུབ་ཀྱི་སེམས་ཟེར་བ་དེ་ནི་གཞན་དོན་དོན་གཉེར་གྱི་བསམ་པ་དང་བྱང་ཆུབ་དོན་གཉེར་གྱི་བསམ་པ་ཁྱད་པར་ཅན་གཉིས་ཟུང་དུ་འབྲེལ་བའི་སེམས་ཤིག་ཡིན། དེ་ལྟ་བུའི་སེམས་ཁྱད་པར་ཅན་དེའི་ཕན་ཡོན་ཇི་འདྲ་ཞིག་ཡོད་མེད་ལེའུ་དང་པོས་ངོ་སྤྲོད་གཏིང་ཚུགས་པ་གནང་ཡོད། དེ་ནས་བྱང་ཆུབ་ཀྱི་སེམས་དེ་ཉིད་རྒྱུད་ལ་སྐྱེ་བའི་འགལ་རྐྱེན་གཙོ་བོ་ནི་རང་གཅེས་འཛིན་དང་རང་དོན་ཡིད་བྱེད་ཡིན་པས་ཐོག་མར་འགལ་རྐྱེན་སྡིག་པ་བཤགས་པ་དང་མཐུན་རྐྱེན་གཉེན་པོ་སྟོབས་བཞི་བསྟེན་པའི་ཉམས་ལེན་ལ་བསླབ་པའི་ཕྱིར་ལེའུ་གཉིས་པ་གསུངས་པ་ཡིན། དེ་ནས་གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བ་སོགས་མཐུན་རྐྱེན་ཚོགས་གསོག་པ་སྔོན་དུ་བཏང་ནས་བྱང་ཆུབ་ཀྱི་སེམས་བཟུང་བ་དངོས་གསུངས་ཡོད། སེམས་བསྐྱེད་ཀྱི་ངོ་བོ། རྒྱུ། དབྱེ་བ། སེམས་བསྐྱེད་ནས་སྤྱོད་པ་ལ་བསླབ་པའི་ཚུལ་ཇི་བཞིན་འགྲེལ་བརྗོད་གནང་ཡོད།

བསྒྲུབ་བྱའམ་དགོས་པ།

ཀ༽ བློའམ་ཤེས་པ་ནི། བདེ་སྡུག་བཟང་ངན་ཀུན་གྱི་སྣེ་འདྲེན་ལྟ་བུ་ཡིན་པས། རང་རེ་རྣམས་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་ཤ་སྟག་ཡིན་ཞིང་འདོད་བྱ་བདེ་བ་དང་མི་འདོད་རྒྱུ་སྡུག་བསྔལ་གཉིས་གང་ལས་འབྱུང་བའི་བློའི་རྣམ་གཞག་སྤྱི་དང་ལྷག་པར་བློ་བཟང་ངན་གྱི་ངོས་འཛིན་ཐུབ་ན་བདེ་སྡུག་འདོར་ལེན་ཚུལ་བཞིན་ཡོང་བར་ཕན་རླབས་ཆེན་པོ་ཡོང་རྒྱུ། དེ་བཞིན་ང་ཚོའི་རྒྱུད་ལ་བློའི་ངོ་བོ་མི་འདྲ་བ་ཇི་ཡོད་བཅས་ཀྱི་ངོ་བོ་དང་བྱེད་ལས། ནང་ཁུལ་ཁྱད་པར་ཇི་ཡོད། བསམ་བློའི་གཡོ་འགུལ་ལ་བརྟེན་ནས་ལུས་ངག་གི་བྱ་བ་ཇི་ལྟར་འདྲེན་མིན་སོགས་ཀྱི་འགྲོ་ཚུལ་ཤེས་ཐུབ་པ་ཡོང་རྒྱུ་ཡིན།

ཁ༽ གྲུབ་མཐའ་སྦྱངས་པ་ལ་བརྟེན་ནས་ཕྱི་ནང་གི་ལྟ་བའི་གནད་ཇི་བཞིན་ཤེས་པ། གྲུབ་མཐའ་སོ་སོའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཇི་བཞིན་ཤེས་པ། ལྷག་པར་གྲུབ་མཐའ་སོ་སོའི་བདེན་གཉིས་དང་བདག་མེད་འཇོག་ཚུལ་མི་འདྲ་བ་ཡོད་པའི་ཚུལ་ཤེས་ཐུབ་པ་ཡོང་རྒྱུ།

ག༽ སྤྱོད་འཇུག་ལེའུ་དང་པོ་བཞི་ལ་སློབ་གཉེར་བྱས་ནས། བྱང་ཆུབ་སེམས་ཀྱི་ངོ་བོ་དང་དབྱེ་བ། སེམས་ཇི་ལྟར་བསྐྱེད་པའི་ཚུལ། བྱང་ཆུབ་ཀྱི་སེམས་ཀྱི་རིན་ཐང་དང། སེམས་བསྐྱེད་ཀྱི་ཕན་ཡོན་ཡིད་ལ་དྲན་པར་བྱས་ཏེ། མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་སྒོ་ནས་ཕྱག་མཆོད་དབུལ་བའི་ཚུལ་ལེགས་པར་ཤེས་པ། གཉེན་པོ་སྟོབས་བཞིའི་སྒོ་ནས་སྡིག་པ་མི་དགེ་བའི་ལས་སྤོང་ཐབས། མཐུན་རྐྱེན་ཚོགས་གསོག་པ་སྟེ། སྦྱིན་པའི་ཕར་ཕྱིན་གྱི་ཉམས་ལེན་ལ་གཞོལ་ཐབས་སོགས་
ཤེས་ཐུབ། སྤྱོད་འཇུག་ལེའུ་བཞི་པ་བག་ཡོད་བསྟན་པ་ནི། རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྔར་བཤད་
པ་བཞིན་བྱང་ཆུབ་ཀྱི་སེམས་གཉིས་རབ་ཏུ་བརྟན་པར་བཟུང་ནས་སེམས་སྐད་ཅིག་ཀྱང་གཡེལ་བ་མེད་པར་དུས་རྟག་ཏུ་ཡང་ཕར་ཕྱིན་དྲུག་དང་། བསྡུ་བའི་དངོས་པོ་བཞི་ལས་མི་འདའ་བར་བག་ཡོད་བསྟེན་དགོས་པའི་ཚུལ་འགྲེལ་བརྗོད་ཞུ་རྒྱུ།

རྒྱུགས་དུས་གསུམ་པ།

ཚན་པ་དང་པོ། Unit 1

ཀ༽

  • དོན་སྤྱི་བཟུང་ཡུལ་བྱེད་པའི་རྟོག་པའི་ངོ་བོ་དང། རིགས་མི་འདྲ་བ་ཇི་ཡོད་ཀྱི་ངོ་སྤྲོད།
  • རང་མཚན་བཟུང་ཡུལ་དུ་བྱེད་པའི་རྟོག་མེད་མ་འཁྲུལ་བའི་ཤེས་པའི་ངོ་སྤྲོད།
  • མེད་པ་གསལ་སྣང་ཅན་བཟུང་ཡུལ་དུ་བྱེད་པའི་རྟོག་མེད་མ་འཁྲུལ་བའི་ཤེས་པའི་ངོ་སྤྲོད།
  • དོན་སྤྱི་བཟུང་ཡུལ་བྱེད་པའི་རྟོག་པའི་ངོ་བོ་དང། རིགས་མི་འདྲ་བ་ཇི་ཡོད་ཀྱི་ངོ་སྤྲོད།
  • རང་མཚན་བཟུང་ཡུལ་དུ་བྱེད་པའི་རྟོག་མེད་མ་འཁྲུལ་བའི་ཤེས་པའི་ངོ་སྤྲོད།

ཁ༽

  • གྲུབ་མཐའ་རིན་ཆེན་ཕྲེང་བ་རྩོམ་པ་པོའ་ིངོ་སྤྲོད་དང་། མཆོད་བརྗོད་དང་རྩོམ་པ་དམ་བཅའ་བ།
  • གྲུབ་མཐའི་གོ་དོན་དང་ཕྱི་ནང་གི་གྲུབ་མཐའི་ཁྱད་པར།
  • ནང་པའི་གྲུབ་མཐའ་སྨྲ་བ་བཞིའི་བྱུང་རིམ།

ག༽

  • སྤྱོད་འཇུག་ལེའུ་དང་པོ་བྱང་ཆུབ་སེམས་ཀྱི་ཕན་ཡོན་བསྟན་པ།
  • སྤྱོད་འཇུག་གི་མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ། ཁེངས་བསྐྱུངས་པ།
  • དལ་འབྱོར་རྙེད་དཀའ་དང་དོན་ཆེ་བ་བསམ་པའི་ཚུལ།
  • སྡིག་པ་སྤོངས་ཤིང་དགེ་བ་སྒྲུབ་རིགས་པ།
  • མིང་དང་དོན་ཁྱད་པར་ཅན་ཐོབ་པ།
  • དམན་པ་མཆོག་ཏུ་གྱུར་པ་དང་འཇིགས་པ་ཆེན་པོ་ལས་སྐྱོབ་ནུས་པའི་དཔེ་བསྟན་པ་སོགས།

ཚན་པ་གཉིས་པ། Unit 2

ཀ༽

  • ཚད་མ་དང་ཚད་མིན་གྱི་ཤེས་པ་གཉིས་སུ་དབྱེ་བ།
  • རྟོག་པ་དང་རྟོག་མེད་གཉིས་སུ་དབྱེ་བ།
  • འཁྲུལ་ཤེས་དང་མ་ཁྲུལ་བའི་ཤེས་པ་གཉིས་སུ་དབྱེ་བ།
  • ཡིད་ཤེས་དང་དབང་ཤེས་གཉིས་སུ་དབྱེ་བ།
  • སེལ་འཇུག་དང་སྒྲུབ་འཇུག་གཉིས་སུ་དབྱེ་བ།

ཁ༽

  • གྲུབ་མཐས་བློ་བསྒྱུར་བ་དང་མ་བསྒྱུར་བའི་ཁྱད་པར།
  • ཕྱི་རོལ་པའི་གྲུབ་མཐའི་བྱུང་རིམ་ཅུང་ཟད་རྒྱས་པར་བཤད་པ་ལས།

ཚན་པ་གསུམ་པ། Unit 3
ཀ༽ ཡུལ་ངེས་ལྔ་སོ་སོའི་མཚན་ཉིད། བྱེད་ལས། ནང་གསེས་དབྱེ་བ་བཅས་ཀྱི་སྐོར།
ཁ༽ བྱེ་བྲག་སྨྲ་བའི་རྣམ་གཞག
ག༽ སྤྱོད་འཇུག་ལེའུ་གཉིས་པ་བཤགས་པའི་ལེའུ།

  • མཆོད་པ་ཕུལ་བའི་དགོས་པ་དང་མཆོད་པའི་དངོས་པོ།
  • བདག་པོས་མ་བཟུང་བའི་མཆོད་པ།
  • རང་གི་ལུས་དབུལ་བ།
  • བློས་སྤྲུལ་བའི་མཆོད་པ་ལ་བླ་ན་ཡོད་པའི་མཆོད་པ་དང་བླ་ན་མེད་པའི་མཆོད་པའོ།
  • དཀོན་མཆོག་གསུམ་ལ་ཕྱག་འཚལ་བ།
  • བྱང་ཆུབ་སེམས་ཀྱི་གཞི་ལ་ཕྱག་འཚལ་བ།
  • སྐྱབས་འགྲོ་ལས་རྒྱུ་དང་འབྲས་བུའི་སྐྱབས་འགྲོ་ལྟ་བུའོ།།

ཚན་པ་བཞི་པ། Unit 4

ཀ༽

  • དགེ་བ་བཅུ་གཅིག་སོ་སོའི་ངོ་བོ་དང་བྱེད་ལས་སོགས་ཀྱི་སྐོར།
  • རྩ་ཉོན་དྲུག་སོ་སོའི་ངོ་བོ་དང་བྱེད་ལས།

ཁ༽

  • སེམས་དང་སེམས་བྱུང་ངོ་སྤྲོད་དཔེ་རགས་པ་ལ་སྦྱར་ནས་གོ་བརྡ་འཕྲོད་ཐབས།
  • སེམས་བྱུང་གི་མཚན་ཉིད་དང་། སེམས་དང་སེམས་བྱུང་གཙོ་འཁོར་དུ་འགྱུར་ཚུལ།
  • ཀུན་འགྲོ་ལྔ་སོ་སོའི་མཚན་ཉིད་དང་བྱེད་ལས་སོགས་ཀྱི་སྐོར།

ག༽

  • གྲུབ་མཐའ་ལས་མདོ་སྡེ་པའི་རྣམ་གཞག་བཤད་པ།

ང༽

  • སྡིིག་པ་བཤགས་པའི་ཡུལ་ལ་མཁྱེན་པ་གསོལ་བ།
  • དུས་དང་རྒྱུ་དང་རྣམ་པ་སོགས་ཀྱི་སྒོ་ནས་སྡིག་པ་བཤགས་པ།
  • མི་འདོད་པའི་འབྲས་བུ་ལ་བསམ་ནས་འགྱོད་པས་བཤགས་པ།
  • དོན་མེད་པའི་སྡིག་པ་བྱས་པའཔི་ཚུལ་རྒྱས་པར་བསམས་ནས་འགྱོད་པ་བསྒོམ་པ།
  • ཕྱི་མར་སྡུག་བསྔལ་གྱི་གདུང་བར་འགྱུར་བའི་ཚུལ།
  • སྨན་པ་མཆོག་སྟོན་པའི་གསུང་ལྟར་སྒྲུག་རིགས་པ།
  • སྡིག་པའི་གཉེན་པོ་བསྟེན་པ་ལ་འབད་པར་བྱ་བ།
  • ལོངས་སྤྱོད་ལ་ཡིད་བརྟན་མི་རུང་བས་ཆགས་མི་རིགས་པ།
  • གཉེན་ལ་ཆགས་པར་མི་རིགས་པ།
  • ཉིན་མཚན་ཀུན་ཏུ་སྡིག་པའི་ལས་ལས་ཐར་པའི་ཐབས་ལ་འབད་པ།
  • སྔར་བྱས་བཤགས་པའི་ཚུལ་ལོ།།

ཁ་སྐོང་སློབ་ཚན། Supplementary Books

  1. ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་པོད་ལྔ་པའི་སྐབས་བདུན་པ་ནས་བཅུ་པ་བར།
  2. བློ་རིག་ཉེར་མཁོ་ཀུན་བཏུས།
  3. ཡོངས་འཛིན་བློ་རིག།
  4. དགེ་བཤེས་འཇམ་དཔལ་གྲགས་པས་བརྩམས་པའི་བློ་རིག་རྣམ་གཞག
  5. བློ་རིག་གི་སྡོམ།

ཟུར་ལྟའི་དཔེ་དེབ། Reference Books

  1. ༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའ་ིགསུང་རྩོམ་གྲུབ་མཐའ་རིན་ཕྲེང་བའི་བཀའ་ཁྲིད་ཕྱག་དེབ།
  2. དུང་དཀར་གྲུབ་མཐའ།
  3. རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་སྤྱོད་འཇུག་གི་འགྲེལ་ཆེན།
  4. ༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་མཛད་པའི་སྤྱོད་འཇུག་གི་འགྲེལ་བ།

རྒྱུགས་དུས་བཞི་པ།

ཚན་པ་དང་པོ། Unit 1
ཁ༽ ༡ གྲུབ་མཐའ་ལས། སེམས་ཙམ་པའི་གྲུབ་མཐའི་རྣམ་གཞག་བཤད་པ།
ག༽ སྤྱོད་འཇུག་ལེའུ་གསུམ་པ་བྱང་ཆུབ་སེམས་བཟུང་བ།
༡ མངོན་མཐོ་རྒྱུ་འབྲས་ཀྱི་དགེ་བ་ལ་རྗེས་སུ་ཡི་རང་བ།
༢ བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུ་འབྲས་ལ་ཡི་རང་བ།
༣ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། མྱ་ངན་ལས་མི་འདས་བ་གསོལ་བ་གདབ་པ།
༤ དགེ་བ་བསྔོ་བའི་ཚུལ།
༥ ལུས་ལོངས་སྤྱོད་དགེ་རྩ་གཏོང་བའི་སེམས་པ་སྦྱང་བ།

ཚན་པ་གཉིས། Unit 2

  • ཉེ་ཉོན་ཉི་ཤུ་སོ་སོའ་ིམཚན་ཉིད་དང་བྱེད་ལས་དང། གཞན་འགྱུར་བཞི་བཅས་ཀྱི་ངོ་བོ་སོགས་
    སློབ་ཁྲིད་བྱ་རྒྱུ།
  • དབུ་མ་རང་རྒྱུད་པའི་གྲུབ་མཐའི་རྣམ་གཞག།
  • དབུ་མ་ཐལ་འགྱུར་བའི་གྲུབ་མཐའི་རྣམ་གཞག
  • སེམས་ཅན་སྦྱིན་པའི་མཆོག་ཡིན་པས་དེ་ལ་གཏོང་རིགས་པ།
  • གཞན་ལ་ཕན་པ་འབའ་ཞིག་གི་རྒྱུར་སྨན་པ།
  • རང་ཉིད་གཞན་གྱི་ཉེར་མཁོ་མཐའ་དག་རྒྱུན་སྨོན་པ།
  • དུས་དང་བྱེད་ལས་རྒྱ་ཆེ་བར་སྨོན་པ།
  • རྙེད་པར་དཀའ་བའི་སེམས་རྙེད་པས་དགའ་བ་བསྒོམ་པ།
  • ཁྱད་པར་ངན་འགྲོའི་སྡུག་བསྔལ་འཇོམས་པ།
  • ཉོན་སྒྲིབ་དང་ཤེས་སྒྲིབ་སེལ་བའོ།།

ཚན་པ་གསུམ་པ། Unit 3

    • གྲུབ་མཐའ་ལས་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞིའི་སྐོར་ཅུང་རྒྱས་པ།

ལེའུ་བཞི་པ།

  • བག་ཡོད་བསྒོམ་པའི་ཚུལ་མདོར་བསྟན་པ།
  • བྱང་ཆུབ་སེམས་དོར་མི་རུང་བའི་རྒྱུ་མཚན།
  • ངན་འགྲོར་འགྲོ་བའི་རྒྱུ་མཚན་དང་དེ་ལ་ཤེས་བྱེད་དགོད་པ།
  • བྱང་ཆུབ་སེམས་ཉམས་ན་ལྟུང་བ་ལྕི་བ་དང་བཅས་པས་གཞན་དོན་ཉམས་པ།
  • སྡིག་ལྟུང་མ་སྤངས་ན་ངན་འགྲོར་བརྒྱུད་དགོས་པ།
  • བྱང་ཆུབ་སེམས་ཉམས་ན་རྐྱེན་འཁོར་ལོ་བཞི་དང་ལྡན་པའི་དལ་འབྱོར་ཐོབ་དཀའ་བ།

ཚན་པ་བཞི་པ། Unit 4

  • གྲུབ་མཐའ་ལས། ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞིའི་སྐོར་ཅུང་རྒྱས་པ།
  • ངན་འགྲོར་སྐྱེས་ན་དགེ་བ་སྒྲུབ་པའི་སྐབས་མེད་པ།
  • བདེ་འགྲོ་ཐོབ་པའི་ཚེ་མ་འབད་ན་ངན་འགྲོར་བླང་དོར་ལ་རྨོངས་པར་འགྱུར་བ།
  • ངན་འགྲོ་ལས་ཤིན་ཏུ་ཐར་དཀའ་བ།
  • དལ་འབྱོར་རྙེད་དཀའ་བའི་རྒྱུ་མཚན།
  • དལ་འབྱོར་ཐོབ་ནས་དགེ་ལ་འབད་པར་རིགས་པའི་རྒྱུ་མཚན།
  • ཚེ་འདིར་སྡུག་བསྔལ་མྱོང་དགོས་པ།
  • ཉོན་མོངས་པའི་གྲོགས་བྱར་མི་རུང་བའི་རྒྱུ་མཚན།
  • རང་དོན་ཕུན་ཚོགས་ཀྱི་རྒྱུ་ཡིན་པས་དཀའ་སྤྱད་བཟོད་རིགས་པ།
  • གཞན་དོན་ཕུན་ཚོགས་ཀྱི་རྒྱུ་ཡིན་པས་དཀའ་སྤྱད་བཟོད་རིགས་པ།
  • ཉོན་མོངས་པའི་གཉེན་པོ་ལ་འབད་པ།
  • དུས་ནམ་ཡང་ཉོན་མོངས་ཀྱི་དབང་དུ་མི་འགྱུར་བ་ལ་འབད་པར་བྱ་བ།

ཁ་སྐོང་སློབ་ཚན། Supplementary Books

  1. ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་པོད་ལྔ་པའི་སྐབས་བདུན་པ་ནས་བཅུ་པ་བར།
  2. བློ་རིག་ཉེར་མཁོ་ཀུན་བཏུས ༣ ཡོངས་འཛིན་བློ་རིག།
  3. དགེ་བཤེས་འཇམ་དཔལ་གྲགས་པས་བརྩམས་པའི་བློ་རིག་སྐོར།
  4. བློ་རིག་གི་སྡོམ།

ཟུར་ལྟའི་དཔེ་དེབ། Reference Books

  1. ༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའ་ིགསུང་རྩོམ་གྲུབ་མཐའ་རིན་ཕྲེང་བའི་བཀའ་ཁྲིད་ཕྱག་དེབ།
  2. དུང་དཀར་གྲུབ་མཐའ།
  3. གྲུབ་མཐའ་ལྷུན་པོའི་མཛེས་རྒྱན། ལྕང་སྐྱ་རོལ་པའི་རྡོ་རྗེས་མཛད་པ།
  4. སྤྱོད་འཇུག་རྩ་འགྲེལ་ལེགས་བཤད་རྒྱ་མཚོ། རྒྱལ་སྲས་ཐོགས་མེད་བཟང་པོ།
  5. རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་སྤྱོད་འཇུག་གི་འགྲེལ་ཆེན།
  6. ༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་མཛད་པའི་སྤྱོད་འཇུག་གི་འགྲེལ་བ།

རྒྱུགས་དུས་ལྔ་པ་དང་དྲུག་པའི་སློབ་ཚན་ངོ་སྤྲོད།

ཀ༽ རྟགས་རིག་གི་རྣམ་གཞག ཁ༽ ཐུའུ་བཀྭན་གྲུབ་མཐའ་ལས་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞིའི་གྲུབ་མཐའི་རྣམ་གཞག ག༽ སྤྱོད་འཇུག་ལེའུ་བཞི་པ་ནས་བདུན་པ་བར་ཡོད་དོ།

ཀ༽ རྟགས་རིགས་ཀྱི་རྣམ་གཞག་ནི། ལྐོག་འགྱུར་གྱི་ཆོས་རྣམས་ཡིན་མིན་དང་ཡོད་མེད་གཏན་ལ་འབེབས་ཕྱིར་རྟགས་ཀྱི་འགྲོ་ལུགས་ཤེས་པའི་ཐོག་ནས་ཡོང་དགོས་པར་བརྟེན། རྟགས་ཀྱི་ངོ་བོ། དབྱེ་བ། ཚུལ་གསུམ་སྒྲུབ་ཚུལ་བཅས་ལ་གོ་བ་འཇགས་ཐབས་དང་། དེ་ལ་བརྟེན་ནས་རང་ལ་ལྐོག་ཏུ་གྱུར་པའི་གནས་དོན་ལ་དཔྱད་ཞིབ་གནང་སྟངས་སོགས་སློབ་ཁྲིད་དང་སྦྱང་བཤད་ཞུ་རྒྱུ་ཡིན།།

ཁ༽ བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞིའི་བྱུང་རིམ་དང། སྲོལ་གཏོད་པ་པོའ་ིབླ་མ་སོ་སོའ་ིརྣམ་ཐར། ཆོས་རྒྱུད་སོ་སོའི་ལྟ་གྲུབ་ཀྱི་བཞེད་པ་མི་འདྲ་བ་ཇི་ཡོད་བཅས་ལ་གོ་རྒྱ་འཇགས་ཐབས་ཞུ་རྒྱུ།

ག༽ དེ་བཞིན་ལེའུ་ལྔ་པ་ཤེས་བཞིན་བསྲུང་ཚུལ་ནི། དགེ་བའི་ཆོས་ཀུན་ཡང་དག་པར་བསྲུང་བའི་ཐབས་དྲན་པ་དང་ཤེས་བཞིན་སྐྱོང་ཚུལ་བཅས་ལེའུ་འདིས་ཇི་ལྟར་བསྟན་པ་བཞིན་ངོ་སྤྲོད་དང་སྦྱང་བཤད་ཞུ་རྒྱུ། ལེའུ་དྲུག་པ་བཟོད་པ་ཉམས་སུ་ལེན་ཚུལ་ནི། དགེ་བའི་ཆོས་རྣམས་སྐྱེ་བ་དང་གནས་པའི་གེགས་བྱེད་མཐར་ཐུག་པ་ཁོང་ཁྲོ་ཡིན་པས་དེའི་ཉེས་དམིགས་དང་བཟོད་པའི་ཕན་ཡོན། ཇི་ལྟར་སྒོམ་པའི་ཚུལ་སོགས་འགྲེལ་བཤད་བྱ་རྒྱུ།
ལེའུ་བདུན་པ་བརྩོན་འགྲུས་བསྟན་པ་ནི། དཀའ་སྤྱད་དང་གཞན་གྱི་གནོད་པ་ལ་བཟོད་པས་བྱང་ཆུབ་མྱུར་དུ་ཐོབ་པར་འདོད་ན་བརྩོན་འགྲུས་བརྩམས་དགོས་པ་ཡིན། དེ་ཡང་བྱང་སེམས་པའི་བསླབ་བྱ་སྦྱིན་སོགས་ཕར་ཕྱིན་དྲུག་དང་བསྡུ་བའི་དངོས་པོ་བཞིའི་ཉམས་ལེན། ཡོན་ཏན་མ་ལུས་བརྩོན་འགྲུས་རྗེས་འགྲོ་ཞིང་། བསོད་ནམས་བློ་གྲོས་ཚོགས་ནི་གཉིས་ཀྱི་རྒྱུ། ཞེས་ཇི་སྐད་གསུངས་པ་བཞིན་ཡོན་ཏན་སྤྱི་དང་ལྷག་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་གསོག་པའང་བརྩོན་འགྲུས་མེད་ན་མི་འབྱུང་བའི་ཚུལ་སོགས་སློབ་ཁྲིད་ཞུ་རྒྱུ།

བསྒྲུབ་བྱའམ་དགོས་པ་ནི།

ལེའུ་བརྒྱད་པ་བསམ་གཏན་ནི། དེ་ཡང་ལམ་རིམ་ཆེན་མོ་ལས། དཔེར་ན་ཤིང་སྡོང་པོ་ལ་ཡལ་ག་དང་འདབ་མ་དང་མེ་ཏོག་དང་འབྲས་བུ་མཐའ་ཡས་པ་ཞིག་ཡོད་ཀྱང་། དེ་དག་གང་ལ་འདུས་པའི་གནད་ནི་རྩ་བ་ཡིན་པ་ལྟར། ཐེག་པ་ཆེ་ཆུང་གི་ཏིང་ངེ་འཛིན་མཐའ་ཡས་པ་ཞིག་བཀའ་བསྩལ་བ་ཐམས་ཅད་ཀྱང་། གང་དུ་འདུས་པའི་གནད་དམ་པ་ནི་ཞི་གནས་དང་། ལྷག་མཐོང་ཡིན་གསུངས་པ་ལྟར། དགེ་བ་ལ་སྤྲོ་བའི་བརྩོན་འགྲུས་བསྐྱེད་ནས། སེམས་དགེ་བའི་དམིགས་པ་ལ་རྩེ་གཅིག་ཏུ་གཞོལ་བའི་ཏིང་ངེ་འཛིན་སྐྱེ་ཐབས། དེའི་འགལ་རྐྱེན་བྱིང་རྒོད་སོགས་སེམས་གཡེང་བའི་རྐྱེན་དང་ཞི་གནས་ཀྱི་མི་མཐུན་ཕྱོགས་ཇི་ལྟར་སྤོང་བའི་ཚུལ་བཅས་ཀྱི་སྐོར་ལ་སློབ་ཁྲིད་བྱ་རྒྱུ།

ཀ༽ རྟགས་སམ་རྒྱུ་མཚན་ལ་བརྟེན་ནས་སྒོ་ལྔའི་སྤྱོད་ཡུལ་དུ་མ་གྱུར་བའི་ཆོས་རྣམས་ཡོད་མེད་དང་ཡིན་མིན་ སོགས་བློ་ལ་ངེས་དགོས་པ་ཡིན་ཞིང་། དེས་ན་རྟགས་དང་རྒྱུ་མཚན་ཡང་དག་ལ་བརྟེན་དགོས་པ་ལས་རྒྱུ་མཚན་དེ་ཉིད་མཐུན་ཕྱོགས་ལ་ཡོད་པར་མཐོང་ཞིང་མི་མཐུན་ཕྱོགས་ལ་མེད་པར་མ་མཐོང་ན་མི་འགྲིགས་པས།
ཚུལ་གསུམ་གྱི་འགྲོ་ལུགས་ཅུང་ཟད་ཤེས་ཚོར་ཐུབ་པ།

ཁ༽ བོད་གངས་ཅན་ལྗོངས་སུ་དར་བའི་ཆོས་བརྒྱུད་ཆེན་པོ་བཞིའི་བྱུང་རིམ་ལེགས་པར་ཤེས་ཐུབ་པ། དེ་དག་སོ་སོའི་བླ་མའི་ཐུགས་ཀྱི་དགོངས་བཞད་མི་འདྲ་བ་ལ་བརྟེན་ནས་ཐ་སྙད་འབོད་ཕྱོགས་དང་འགྲེལ་ཚུལ་ཅུང་མི་འདྲ་བ་ཙམ་མ་གཏོགས་ནང་པའི་སྟོན་པ་གཅིག་གི་རྗེས་འཇུག་རྣལ་མ་ཞིག་ཡིན་པ་ར་འཕྲོད་ཐུབ་པ། དེ་ལ་བརྟེན་ནས་མི་རབས་གསར་པའི་སྤྱི་ཚོགས་ཁྲོད་སྤྱི་ཚོགས་ཀྱི་མཐུན་ལམ་མི་གནོད་པའི་ཕྱོགས་དང་རིས་སུ་གཅོད་པའི་བསམ་སྤྱོད་ངན་པ་མེད་པའི་ཆོས་པ་དང་ཡུལ་མི་ཚུལ་ལྡན་ཞིག་འབྱུང་ཐུབ་བོ།།

ག༽ ང་ཚོའི་བྱ་སྤྱོད་གང་ལའང་བག་ཡོད་མ་བསྟེན་ན་དཀའ་ངལ་འཕྲད་ཀྱི་ཡོད་པ་ཤེས་ཚོར་ཐུབ་པ། དེ་བཞིན་རང་གི་སེམས་མ་བསྲུངས་ན་ལུས་ངག་གི་བྱ་སྤྱོད་ངན་པའི་རིགས་འགོག་སྲུང་མི་ཐུབ་པའི་ཚུལ་ལ་ངེས་པ་རྙེད་པ། སེམས་ལེགས་པར་བསྲུངས་ཐུབ་ན་བྱ་སྤྱོད་ལ་ཚོད་རན་ཞིང་འགལ་འཛོལ་གྱི་རིགས་ཇེ་ཉུང་དུ་འགྲོ་བའི་ཚུལ་དངོས་ར་འཕྲོད་པ། དེ་བཞིན་ཁྲོ་བའི་སེམས་ཀྱིས་རང་གཞན་ཕུངས་ལ་སྦྱོར་བའི་ཚུལ་ཤེས་ཚོར་ཐུབ་དང་། དེའི་གཉེན་པོ་གཙོ་བོ་བཟོད་པ་བསྒོམ་པའི་ཚུལ་དང། ཁོང་ཁྲོ་སོགས་ཉོན་མོངས་ཀྱི་ཉེས་དམིགས་དང་བཟོད་པའི་ཕན་ཡོན་ཇི་ཡོད་ལ་གོ་བ་ཅུང་ཟད་ཆགས་ཐུབ་པ། ཡོན་ཏན་ཆེ་སྐྱེས་ཆུང་སྐྱེས་ཚང་མ་བརྩོན་པའི་དྲིན་ཡིན་པས། བརྩོན་འགྲུས་བསྟན་པའི་ལེའུ་ལ་ཐོས་བསམ་ཞུགས་པ་ལ་བརྟེན་ནས། བརྩོན་འགྲུས་ཀྱི་ངོ་བོ་དང་དབྱེ་བ། བརྩོན་པ་བསྟེན་པའི་ཚུལ། བརྩོན་པའི་ལྡོག་ཕྱོགས་ལེ་ལོ་རྣམ་པ་གསུམ་བཅས་ཀྱི་སྐོར་ལ་གོ་དོན་ཅུང་ཟད་ཤེས་པ་སོགས་ཀྱི་ཕན་ཁྱད་ཡོད་པ་ཡིན།

རྒྱུགས་དུས་ལྔ་པ།

ཚན་པ་དང་པོ། Unit 1

ཀ༽

  • རྟགས་ཀྱི་རྣམ་གཞག་སྦྱོང་བའི་དགེ་མཚན་ནམ་དགོས་དམིགས།
  • རྟགས་ཀྱི་མཚན་ཉིད་དང་། དབྱེ་བ་ཇི་ཡོད།
  • རྟགས་ཡང་དག་དང་ལྟར་སྣང་གི་ངོ་བོ་དང་དབྱེ་བ་བསྟན་པའི་རྣམ་འགྲེལ་གྱི་རྩ་བ་ངོ་སྤྲོད་དང་འགྲེལ་བརྗོད།

ཁ༽ ཐུའུ་བཀྭན་ཆོས་ཀྱི་ཉི་མས་བརྩམས་པའི་གྲུབ་མཐའ་ལས་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་ཀྱི་སྐོར།

ག༽ ལེའུ་ལྔ་པ་ཤེས་བཞིན་གྱི་ལེའུ།

  • སེམས་བསྐྱེད་ནས་བསླབ་སློབ་དགོས་པའི་རྒྱུ་མཚན།
  • བསླབ་པ་གསུམ་ལ་བརྟེན་ནས་ཕར་ཕྱིན་དྲུག་ཏུ་ངེས་པ།
  • སེམས་བསྲུང་དགོས་པ་མདོར་བསྟན་པ།
  • སེམས་བསྲུང་བའི་ཕན་ཡོན།
  • སྦྱིན་པ་སེམས་རག་ལུས་པའི་ཚུལ།
  • ཚུལ་ཁྲིམས་ཀྱི་ཕར་ཕྱིན་སེམས་ལ་རག་ལུས་པའི་ཚུལ།
  • བརྩོན་འགྲུས་སེམས་ལ་རག་ལུས་པའི་ཚུལ།
  • སེམས་བསྲུང་བའི་ཚུལ་དང་། བསྲུང་བའི་རྒྱུ་མཚན། བསྲུངས་པའི་ཕན་ཡོན།
  • དྲན་ཤེས་དང་བྲལ་ན་བྱ་བ་གང་ལའང་མཐུ་ཆུང་བ།
  • ཤེས་བཞིན་བསྲུང་བའི་ཐབས་སུ་དྲན་པ་བསྲུང་བ།
  • ཕྱིའི་རྐྱེན་དགེ་བའི་བཤེས་གཉེན་ལ་བསྟེན་པ།
  • ལུས་ཀྱི་བྱ་བའི་སྔོན་དུ་ཀུན་སློང་བརྟག་པ།

ཚན་པ་གཉིས་པ། Unit 2
ཀ༽ ཚུལ་གསུམ་སོསོའ་ིངོ་བོ་དང་། ལྷག་པར་ཕྱོགས་ཆོས་ཀྱི་མཚན་ཉིད་ཟུར་དུ་ཡོད་པ་དང་། ཉིད་ ཡོདཔའི་སྔར་མ་སྨོས་པར་ཕྱིས་སྨོས་པའི་དགོས་པ། ངེས་ཞེས་སྨོས་པའི་དགོས་པ་སོགས་ལ་འགྲེལ་ བརྗོད་དང་དོགས་གཅོད་དམིགས་བསལ།
ཁ༽ བཀའ་བརྒྱུད་ཀྱི་གྲུག་མཐའ་བྱུང་ཚུལ་དང་གྲུབ་མཐའི་འདོད་ཚུལ།
ག༽

  1. མིག་གིས་ལྟ་བའི་ཀུན་སྤྱོད་སྤྱིར་བསྟན་པ།
  2. གང་ཟག་གཞན་དྲུང་དུ་འོངས་པ་ལ་ཇི་ལྟར་བྱ་བ།
  3. སེམས་དགེ་བའི་དམིགས་པ་ལ་གདགས་པ།
  4. ལུས་ཀྱི་བསླབ་པ་ཉམས་པ་བསྲུང་བ།
  5. སེམས་ཀྱི་བསླབ་པ་ཉམས་པ་བསྲུང་བ།
  6. བྱ་བ་བྱེད་པའི་ཚེ་ཀུན་སློང་གི་བསམ་པ་བརྟག་པ།
  7. ལུས་ལ་ཆགས་མི་རིགས་པ།
  8. ལུས་ལ་ཆ་དང་ཆར་ཕྱེ་ནས་བརྟགས་པའི་སྙིང་པོ་ཅུང་ཟད་ཀྱང་མེད་པ།
  9. མྱུར་དུ་འཆི་བས་འཇོམས་པའི་ལུས་འདི་དགེ་ལ་བཀོད་རིགས་པ།
  10. གླ་རྔན་བྱིན་ནས་འདོད་དོན་སྒྲུབ་ཏུ་གཞུག་པ།
  11. སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ལ་བསླབ་པ།
  12. ཆོས་བཤད་དུ་མི་རུང་བའི་ཉན་པ་པོའི་ལུས་ཀྱི་ཀུན་སྤྱོད།
  13. སེམས་ཅན་གྱི་སེམས་རྗེས་སུ་བསྲུང་ཞིང་ཉེས་པས་མ་གོས་པའི་སྤྱོད་པ་ལ་བསླབ་པ།
  14. ཚིག་ཙམ་མ་ཡིན་པར་དོན་ཉམས་སུ་བླངས་དགོས་པའི་ཚུལ་གྱིས་མཇུག་བསྡུ་བའོ།།

ཚན་པ་གསུམ་པ། Unit 3
ཀ༽རྗེས་ཁྱབ་དང་ལྡོག་ཁྱབ་གཉིས་ཀྱི་མཚན་ཉིད་ཀྱི་ཟུར་ལ་གཅད་བྱ་ཅི་ཡོད་དང་དོགས་གཅོད།
ཁ༽ས་སྐྱའི་ཆོས་བརྒྱུད་ཀྱི་བྱུང་རིམ་དང་གྲུབ་མཐའི་སྐོར།
ག༽ དྲུག་པ་བཟོད་པའི་ལེའུ།

  1. ཁོང་ཁྲོའི་ཉེས་དམིགས་དང་བཟོད་པའི་ཕན་ཡོན་བསམ་པའོ།
  2. ཁྲོ་བ་དང་བཟོད་པའི་སྐྱོན་ཡོན་ཤེས་ནས་བཟོད་བསྒོམ་པ་ལ་འབད་པར་བྱ་བ།
  3. ཁོང་ཁྲོ་སྐྱེ་བའི་ཡུལ་གྱི་དབྱེ་བ་སྤྱིར་བསྟན་པ།
  4. ཉོན་མོངས་ཅན་གྱི་སྐྱེ་བོ་ལ་ཁྲོ་མི་རིགས་པའི་རྒྱུ་མཚན།
  5. གནོད་པ་བྱེད་པ་ལ་ཇི་སྙམ་པའི་བཅོད་པ་བསྒོམ་པ།
  6. གཞན་གྱིས་རང་ལ་གནོད་པ་བྱེད་པ་རང་གི་ཉེས་པར་བསམ་པ།
  7. སྐྱེ་བ་སྔ་མ་སྡུག་བསྔལ་གྱི་རྒྱུ་ལ་སྲེད་པ་བྱས་པའི་ཉེས་དམིགས་ཡིན་པ།
  8. ཁྲོ་བ་ཉིད་ཕྱིན་ཅི་ལོག་ཅིང་མི་རིགས་པ།
  9. ཁྲོ་བ་དང་འབྲེལ་བའི་གང་ཟག་ལ་རང་གིས་ཁྲོ་བར་མི་རིགས་པ།
  10. གཞན་རང་ལ་མ་དད་པ་བྱེད་པས་ཁྲོ་མི་རིགས་པ།

ཚན་པ་བཞི་པ། Unit 4

ཀ༽

    • རྟགས་ཡང་དག་གི་དབྱེ་བ་འབྲས་རང་མ་དམིགས་གསུམ་སོ་སོའ་ིམཚན་ཉིད།
    • འབྲས་རྟགས་ཡང་དག་གི་མཚན་ཉིད་དང་། དབྱེ་བ། དབྱེ་བ་སོ་སོ་དང་མཐུན་པའི་རྟགས་ཡང་དག་
      གི་མཚན་གཞི།

ཁ༽ རི་བོ་དགེ་ལུགས་ཀྱི་གྲུབ་མཐའ་བྱུང་ཚུལ་དང་གྲུབ་མཐའི་རྣམ་གཞག་སྙིང་བསྡུས།
ག༽

  • སྐུ་གཟུགས་སོགས་ལ་གནོད་པ་བྱེད་པ་ལ་ཁྲོ་མི་རིགས་པའི་རྒྱུ་མཚན།
  • བཤེས་ལ་གནོད་པ་བྱེད་པ་ལ་བཟོད་རིགས་པ།
  • སྔར་ལུས་ཇི་ཙམ་ཆུད་ཟོས་ཀྱང་རང་དོན་དང་གཞན་དོན་གང་ཡང་མ་གྲུབ་པས་འགྱོད་པ།
  • གཞན་བདེ་ལ་མི་འདོད་ན་རང་གི་བདེ་བ་ཉམས་པར་འགྱུར་བ།
  • རྙེད་པ་བསྒྲུབ་པ་ལ་མི་བཟོད་པ་སྤང་བ།
  • རང་གི་སྡིག་པ་ལ་མྱ་ངན་བྱ་བར་རིགས་ཀྱིས་གཞན་གྱི་དགེ་ལ་ཕྲག་དོག་མི་རིགས་པ།
  • སྲིད་པ་ལས་གྲོལ་བྱེད་ཡིན་པས་ཁྲོ་མི་རིགས་པ།
  • གུས་པར་བྱ་བའི་ཡུལ་དུ་བསམ་པ།
  • སྟོན་པ་ལ་དད་པས་གུས་པར་བྱ་བ།
  • བཟོད་པ་བསྒོམ་པའི་ཕན་ཡོན།

ཁ་སྐོང་སློབ་ཚན། Supplementary Books

  • ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་པོད་ལྔ་པའི་སྐབས་བཅིུག་དང་བཅིུས།
  • ༸གོང་ས་མཆོག་གི་གསུང་རྩོམ་སྤྱོད་འཇུག་བཀའ་ཁྲིད་ཕྱག་དེབ།
  • རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་སྤྱོད་འཇུག་གི་འགྲེལ་ཆེན།

ཟུར་ལྟའི་དཔེ་དེབ། Reference Books

  • ལམ་རིམ་རྣམ་གྲོལ་ལག་བཅངས།
  • ཀུན་བཟང་བླ་མའི་ཞལ་ལུང།
  • ༸གོང་ས་མཆོག་གི་ལམ་གཙོའི་བཀའ་ཁྲིད་ཕྱག་དེབ།
  • ༸གོང་ས་མཆོག་གི་གསུང་རྩོམ་བྱམས་བརྩེའི་རིན་ཐང།
  • ༸གོང་ལ་མཆོག་གི་གསུང་རྩོམ་བོད་གངས་ཅན་ལྗོངས་ཀྱི་ཁྱད་ནོར།
  • ༸གོང་ས་མཆོག་གི་གསུང་རྩོམ་ནང་པའི་ལྟ་སྤྱོད་ཀུན་བཏུས།
  • དུང་དཀར་གྲུབ་མཐའ།
  • གྲུབ་མཐའ་ལྷུན་པོའ་ིམཛེས་རྒྱན། ལྕང་སྐྱ་རོལ་པའི་རྡོ་རྗེས་མཛད་པ།
  • སྤྱོད་འཇུག་རྩ་འགྲེལ་ལེགས་བཤད་རྒྱ་མཚོ། དངུལ་ཆུ་རྒྱལ་སྲས་ཐོགས་མེད་ཀྱིས་མཛད་པ།

རྒྱུགས་དུས་དྲུག་པ།།

ཚན་པ་དང་པོ། Unit 1
སྤྱོད་འཇུག་ལེའུ་བདུན་པ་བརྩོན་འགྲུས།

  • བརྩོན་འགྲུས་བརྩམ་དགོས་པར་བསྐུལ་བ།
  • བརྩོན་འགྲུས་ཇི་ལྟར་བརྩམ་པའི་ཚུལ།
  • ཚེ་འདིའི་ཉེས་དམིགས་བསམས་ནས་ལེ་ལོ་སྤང་བའོ།།
  • ད་ལྟ་ཉིད་ནས་དགེ་བ་ལ་བརྩོན་པར་མ་བྱས་ན་དགོས་པ་མི་འགྲུབ་པ།
  • བདེ་བ་འདོད་པ་དང་དགེ་ལ་ལ་མི་བརྩོན་པ་འགལ་བ།
  • བརྩོན་པའི་སྟོབས་བསྐྱེད་ན་བྱང་ཆུབ་ཐོབ་ནུས་པར་བསམ་པ།
  • བྱང་ཆུབ་སྒྲུབ་པའི་དཀའ་སྤྱད་ལ་ངན་འགྲོའི་སྡུག་བསྔལ་གྱི་ཅ་ཙམ་ཡང་མེད་པས་བཟོད་རིགས་པ།
  • སྟོན་པས་གསོ་དཔྱད་ཀྱི་སྡུག་བསྔལ་ཙམ་ཡང་མྱོང་མི་དགོས་པ་ནད་ཆེན་པོ་གསོ་བའི་ཐབས་སྟོན་ པར་མཛད་པ།
  • ལམ་སྒྲུབ་པའི་རིམ་པ་མི་མཁས་པའི་གང་ཟག་ལ་ལུས་སེམས་མི་བདེ་བ་ཡོད་ཀྱང་མཁས་པ་ལ་དཀའ་སྤྱད་ཀྱི་སྡུག་བསྔལ་མེད་པ།
  • མ་དམིགས་པའི་རྟགས་ཡང་དག་གི་དགོས་དམིགས་འགྲེལ་བརྗོད།
  • མ་དམིགས་པའི་རྟགས་ཡང་དག་གི་ཁུངས་བསྟན་པའི་མདོའ་ིལུང་དང་རྣམ་འགྲེལ་ལས་ཇི་ལྟར་བསྟན་པའི་ཚུལ།

ཚན་པ་གཉིས་པ། Unit 2

  • རྒྱུ་མཚན་དེས་ན་ལམ་བགྲོད་པ་ལ་ཐེག་པ་དམན་པ་ལས་མཁས་པར་བཤད་པ།
  • གཉེན་པོ་བརྩོན་འགྲུས་ཀྱི་སྟོབས་སྤེལ་བ།
  • མོས་པའི་རྒྱུ་མདོར་བསྟན་པ་དང་རྒྱས་པར་བཤད་པ།
  • གཅིག་ཏུ་དཀའ་བའི་ལས་འབྲས་བསམ་པ།
  • བརྩོན་པ་བརྟན་པ་དང་བརྩོན་ནས་ཞུགས་པར་བརྟན་པར་བྱེད་པའོ།།
  • གཞན་གྱིས་དམན་པའི་ལས་ཀྱང་ཁུར་འཛིན་པའི་ང་རྒྱལ་བྱ་བ།
  • ཉོན་མོངས་པའི་ང་རྒྱལ་བྱ་བར་མི་རིགས་པ།
  • རྣམ་སྨིན་ལ་མི་ལྟོས་པར་དགེ་ལ་འབད་པར་བྱ་བ།
  • དྲན་པ་ཤེས་བཞིན་ལྷུར་བླང་བ།
  • དྲན་ཤེས་ཀྱི་ཉམས་པའི་སྐབས་མི་དབྱེ་བ།
  • སྤྱོད་པ་བསྒྲུབ་པ་ལ་བདག་ཉིད་དབང་དུ་བྱ་བ།

ཚན་པ་གསུམ་པ། Unit 3
སྤྱོད་འཇུག་ལེའུ་བརྒྱད་པ་བསམ་གཏན།

  • ཞི་གནས་བསྒྲུབ་དགོས་པའི་རྒྱུ་མཚན།
  • ཞི་གནས་ཀྱི་མི་མཐུན་ཕྱོགས་སྤང་བར་གདམས་པ།
  • ཆགས་པ་སྤོང་བྱེད་ཀྱི་གཉེན་པོ་ངོས་བཟུང་བ།
  • དོན་ཆེན་པོ་འཇིག་ཅིང་ངན་འགྲོར་ཁྲིད་པ།
  • བྱིས་པའི་གྲོགས་མི་བསྟེན་ཞིང་བསྟེན་པར་དཀའ་བ།
  • ཕྱི་རྙེད་བཀུར་སོགས་ལ་ཆགས་པ་སྤང་བ།
  • འདོད་པའི་ཡུལ་ཡིད་བརྟོན་མི་རུང་བ།
  • བསྟོད་སྨད་ལ་ཕན་གནོད་མེད་པ།
  • དབེན་པ་བསྟེན་པའི་ཕན་ཡོན།
  • མཛའ་བཤེས་ལ་ཆགས་པའི་གཉེན་པོ་ལ་སོ་སོར་རྟོག་པ།
  • གནས་གཅིག་ཏུ་ཞག་གཅིག་གི་མགྲོན་པོ་དང་མཚུངས་པར་བསམ་པ།
  • དགེ་བའི་ཕྱོགས་མི་ཉམས་ཞིང་འཕེལ་བ།
  • རང་གཞན་གྱི་ལུས་སེར་སྣས་བསྲུང་བ་མི་རིགས་པ།
  • ལུས་མི་གཙང་བ་ཙན་དན་སོགས་ཀྱི་དྲིས་གཙང་བར་བྱེད་མི་ནུས་པ།

ཚན་པ་བཞི་པ། Unit 4

  • བདག་གཞན་མཉམ་པར་སྒོམ་པའི་ཚུལ།
  • བདག་གཞན་མཉམ་པར་བསྒོམ་དུ་མི་རུང་སྙམ་པའི་གེགས་བསལ་བ།
  • གཞན་དོན་ལ་གཅིག་ཏུ་གཞོལ་བ་སྡུག་བསྔལ་ཆེན་པོ་མེད་པ།
  • རྒྱུ་མཚན་དེས་ན་བདག་གཞན་མཉམ་པར་བསྒོམ་རིགས་པ།
  • བདག་གཞན་བརྗེ་བའི་ཚུལ།
  • བདག་གཅེས་འཛིན་འཇིག་པ་མཐའ་དག་གི་རྒྱུ་ཡིན་པ།
  • བདག་གཞན་བརྗེས་ནས་བསམ་པ་རྗེས་སུ་སྒྲུབ་པའི་ཚུལ།
  • བདག་གཅེས་པར་བཟུང་བའི་ཉེས་དམིགས་བསམ་པ།

ཁ་སྐོང་སློབ་ཚན། Supplementary Books

  1. ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་པོད་ལྔ་པའི་སྐབས་བཅིུག་དང་བཅིུས།
  2. ༸གོང་ས་མཆོག་གི་གསུང་རྩོམ་སྤྱོད་འཇུག་བཀའ་ཁྲིད་ཕྱག་དེབ།
  3. རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་སྤྱོད་འཇུག་གི་འགྲེལ་ཆེན།

ཟུར་ལྟའི་དཔེ་དེབ། Reference Books

  1. ལམ་རིམ་རྣམ་གྲོལ་ལག་བཅངས།
  2. ཀུན་བཟང་བླ་མའི་ཞལ་ལུང།
  3. ༸གོང་ས་མཆོག་གི་ལམ་གཙོའི་བཀའ་ཁྲིད་ཕྱག་དེབ།
  4. ༸གོང་ས་མཆོག་གི་གསུང་རྩོམ་བྱམས་བརྩེའི་རིང་ཐང།
  5. ༸གོང་ལ་མཆོག་གི་གསུང་རྩོམ་བོད་གངས་ཅན་ལྗོངས་ཀྱི་ཁྱད་ནོར།
  6. ༸གོང་ས་མཆོག་གི་གསུང་རྩོམ་ནང་པའི་ལྟ་སྤྱོད་ཀུན་བཏུས།
  7. དུང་དཀར་གྲུབ་མཐའ།
  8. གྲུབ་མཐའ་ལྷུན་པོའ་ིམཛེས་རྒྱན། ལྕང་སྐྱ་རོལ་པའི་རྡོ་རྗེས་མཛད་པ།
  9. སྤྱོད་འཇུག་རྩ་འགྲེལ་ལེགས་བཤད་རྒྱ་མཚོ། དངུལ་ཆུ་རྒྱལ་སྲས་ཐོགས་མེད་བཟང་པོ།

རྒྱུགས་དུས་བདུན་པ་དང་བརྒྱད་པའི་བསླབ་གཞི་ངོ་སྤྲོད།

ཀ བྱང་ཆུབ་ལམ་སྒྲོན། ཁ སྤྱོད་འཇུག་ལེའུ་དགུ་དང་བཅུ།

ཀ༽ ཇོ་བོ་རྗེ་བོད་དུ་ཕེབས་ནས་བོད་བརྒྱུད་ནང་བསྟན་ལ་ཕན་རླབས་ཇི་བྱུང་གི་རྣམ་གཞག་ངོ་སྤྲོད་དང་། དེ་ནས་ཆོས་རྒྱལ་གདུང་རྒྱུད་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་གསོལ་འདེབས་ཞུས་པ་བཞིན་བྱང་ཆུབ་ལམ་སྒྲོན་ཇི་ལྟར་བརྩམས་པའི་ཚུལ། དེའི་ནང་དོན་སྐྱེས་བུ་གསུམ་སོ་སོའ་ིམཚན་ཉིད་དང། ཉམས་སུ་བླང་བྱའི་ལམ་གྱི་རིམ་པ། ལྷག་པར་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད། དེའི་རྒྱུ་དང་དབྱེ་བ། སྨོན་འཇུག་གི་སེམས་གཉིས་ཀྱི་ཁྱད་པར། ས་མཚམས་སོགས་ཀྱི་སྐོར་འགྲེལ་བརྗོད་ཞུ་རྒྱུ་ཡིན།

ཁ༽དེ་རྗེས་ལེའུ་དགུ་པ་ཤེས་རབ་ཀྱི་ལེའུ་ནི། རང་དང་གཞན་གྱི་སྡུག་བསྔལ་མཐའ་དག་ཞི་བར་བྱེད་པ་ལ་བླ་ན་མེད་པའི་བྱང་ཆུབ་ཐོབ་དགོས་ཤིང་། དེ་ཡང་བརྩེ་བ་སྙིང་རྗེ་ཆེན་པོ་དང་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་ཀྱང་གནས་ལུགས་རྟོགས་པའི་ཤེས་རབ་མེད་ན་སྡུག་བསྔལ་གྱི་རྒྱུན་གཅོད་མི་ནུས་པས་བདག་མེད་རྟོགས་པའི་ཤེས་རབ་སྒོམ་ཚུལ་དང་བདག་མེད་གཏན་ལ་འབེབས་ཚུལ་ཤེས་རབ་ལེའུ་ནས་གསུངས་པ་བཞིན་སློབ་ཁྲིད་ཞུ་རྒྱུ་ཡིན། བཅུ་པ་བསྔོ་བ་བསྟན་པ་ནི། བློ་གྲོས་རྒྱ་མཚོས་ཞུས་པ་ལས། ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེ་ནང་ལྷུང་། །རྒྱ་མཚོ་མ་སྐམ་བར་དུ་དེ་མི་ཟད། །དེ་བཞིན་བྱང་ཆུབ་ཡོངས་བསྔོ་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་པར་དུ་དེ་མི་ཟད།། ཅེས་གསུངས་པ་ལྟར། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ཞིབ་ཏུ་ཕྱེ་ནས་བརྩམས་པའི་དགེ་བ་གང་ཐོབ་པ་དེ་དང་། བསྟན་བཅོས་འདི་འཆད་པ་དང་ཉན་པ་དང་དོན་སེམས་པའི་དགེ་བ་གང་ཡོད་པ་དེས་འགྲོ་བ་ཀུན་བྱང་ཆུབ་སེམས་དཔའི་སྤྱོད་ཚུལ་ཉམས་སུ་ལེན་པ་ལ་འཇུག་པར་ཤོག་ཅིག་ཅེས་ཇི་ལྟར་བསྔོ་བ་མཛད་པ་དང་བསྔོ་བའི་ཕན་ཡོན་སོགས་འགྲེལ་བརྗོད་དང་སློབ་ཁྲིད་ཞུ་རྒྱུ།

བསྒྲུབ་བྱའམ་དགོས་པ།

ཀ༽ བྱང་ཆུབ་ལམ་སྒྲོན་ལས་ཇི་ལྟར་གསུངས་པའི་སྐྱེས་བུ་གསུམ་གྱི་མཚན་ཉིད་དང། མངོན་མཐོ་དང་ངེས་ལེགས་བསྒྲུབ་པའི་ལམ་གྱི་ངོ་བ་དང་རྣམ་གྲངས་ཇི་ཡོད། དེ་དག་ཉམས་སུ་ལེན་པའི་ཚུལ་ལས་བརྩམས་པའི་ཡང་དག་པའི་ལྟ་སྤྱོད་ཀྱི་ངོ་བོ་རྣམས་དམ་པའི་གསུང་རབ་ལ་བརྟེན་ནས་ངེས་ཤེས་རྙེད་པ་ཡོང་རྒྱུ།

ཁ༽ རྒྱལ་སྲས་ཆེན་པོ་ཞི་བ་ལྷས་སྤྱོད་འཇུག་ཏུ་བསྔོ་བ་ཇི་ལྟར་མཛད་པ་བཞིན་རང་གཞན་གྱི་དགེ་བ་བྱང་ཆུབ་ཏུ་ཇི་ལྟར་བསྔོ་བའི་ཚུལ་གསུངས་པ་བཞིན་ངོས་འཛིན་ཐུབ་ན། རང་ངོས་ནས་སྔར་བྱས་པའི་དགེ་བའི་རྩ་བ་དང་ད་ལྟ་བྱེད་བཞིན་པ། མ་འོངས་པར་བྱེད་པར་འགྱུར་བའི་དགེ་བའི་རྩ་བ་རྣམས་རྫོགས་བྱང་དུ་བསྔོ་ཚུལ་ཤེས་རྟོགས་ཐུབ་པ་ཡོང་རྒྱུ།

རྒྱུགས་དུས་བདུན་པ།།

ཚན་པ་དང་པོ། Unit 1
བསླབ་གཞི། བྱང་ཆུབ་ལམ་སྒྲོན། སྤྱོད་འཇུག་ལེའུ་དགུ་པ་དང་བཅུ་པ།

ཀ༽

  • ལམ་སྒྲོན་ལས། ཆོས་རྩོམ་པ་པོའ་ིཆེ་བ། ཆོས་ཀྱི་ཆེ་བ། དེ་ལ་ཉན་བཤད་བྱ་ཚུལ།
  • མཚན་གྱི་དོན། འགྱུར་ཕྱག
  • རྒྱུ་གང་ལ་བརྟེན་ནས་བརྩམས་པ།
  • སྐྱེས་བུ་གསུམ་གྱི་རྣམ་གཞག་མདོར་བསྟན་པ།

ཁ༽

  • ཐར་པ་ཐོབ་པར་འདོད་པས་དེ་ཁོ་ཉིད་རྟོགས་པའི་ཤེས་རབ་བསྐྱེད་དགོས་པ།
  • དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་ཇི་ལྟར་བསྐྱེད་པའི་ཐབས་ལ།
  • བདེན་པ་གཉིས་ཀྱི་རྣམ་གཞག་དང་།
  • ཐར་པ་ཙམ་ཐོབ་པར་འདོད་པས་ཀྱང་སྟོང་ཉིད་རྟོགས་དགོས་པ་བསྒྲུབ་པ།
  • སྟོང་ཉིད་རྟོགས་པའི་རིགས་པ་རྒྱས་པར་བཤད་པའོ།།
  • མདོ་སྡེ་པ་སོགས་པའི་དངོས་སྨྲ་བ་སྤྱིར་དགག་པ་དང་།
  • སེམས་ཙམ་པའི་འདོད་པ་བྱེ་བྲག་ཏུ་དགག་པ།

ཚན་པ་གཉིས་པ། Unit 2

  • མི་གནས་པའི་མྱ་ངན་ལས་འདས་པའི་ལམ་བསྒྲུབ་པ།
  • སྟོང་ཉིད་རྟོགས་པའི་རིགས་པ་རྒྱས་པར་བཤད་པ།
  • ཆོས་ཀྱི་བདག་མེད་སྒྲུབ་པའི་རིགས་པ།
  • ཆོས་ཀྱི་བདག་མེད་རྒྱས་པར་བཤད་པ།

ཚན་པ་གསུམ་པ། Unit 3

  • ལམ་ཡང་དག་པར་བཤད་པ་ལས། སྨོན་པ་བསླབ་བྱ་དང་བཅས་པ་བཤད་པའོ།
  • དྲན་པ་ཉེར་བཞག་བཞི་ལས་ལུས་དྲན་པ་ཉེར་བཞག་བཞིའི་སྒོ་ནས་ཆོས་ཀྱི་བདག་མེད་སྒྲུབ་པ།
  • དེ་བཞིན་སེམས་དང་ཚོར་བ། ཆོས་དྲན་པ་ཉེར་བཞག་བཞི་རེ་རེ་ནས་སྒྲུབ་པ།
  • བདེན་གཉིས་མི་འཐད་པའི་ཀླན་ཀ་སྤང་བ།
  • སྟོང་ཉིད་སྒྲུབ་པའི་རིགས་པའཔི་རྣམ་གྲངས་བསྟན་པ།
  • རྒྱུ་མེད་དགག་པ། རྟག་པའི་རྒྱུ་གཞན་ལས་སྐྱེ་བ་དགག་པ། གཙོ་བོ་རྟག་པ་ལས་སྐྱེ་བ་དགག་པ། རྒྱུ་ མེད་དགག་པའི་དོན་བསྡུ་བ།
  • བདག་གཞན་གཉིས་ཀ་ལས་སྐྱེ་བ་དགག་པ།
  • གཏན་ཚིགས་བསྒྲུབས་ནས་སྐྱེས་པ་རང་བཞིན་གྱིས་གྲུབ་པ་དགག་པ།
  • སྲིད་ཞི་མཉམ་པ་ཉིད་དུ་སྒྲུབ་པ།
  • སྟོང་ཉིད་རྟོགས་པ་ལ་འབད་རིགས་པར་གདམས་པའོ།
  • མདོ་སྡེ་པ་ལ་སོགས་པའི་དངོས་སྨྲ་བ་སྤྱིར་དགག་པ་དང་།
  • སེམས་ཙམ་པའི་འདོད་པ་བྱེ་བྲག་ཏུ་དགག་པ།
  • སྟོང་ཉིད་རྟོགས་པའི་ལམ་དབུ་མ་པ་ལ་དགོས་ནུས་མེད་པར་ཐལ་བ་སྤང་བའོ།
  • ཐར་པ་ཙམ་ཐོབ་པར་འདོད་པས་ཀྱང་སྟོན་ཉིད་རྟོགས་དགོས་པར་བསྒྲུབ་པ།
  • མི་གནས་པའི་མྱ་ངན་ལས་འདས་པའི་ལམ་བསྒྲུབ་པ།
  • སྟོང་ཉིད་སྒྲུབ་པའི་རིགས་པ་རྒྱས་པར་བཤད་པ།
  • ཆོས་ཀྱི་བདག་མེད་སྒྲུབ་པའི་རིག་པ།
  • ཆོས་ཀྱི་བདག་མེད་རྒྱས་པར་བཤད་པ།

ཚན་པ་བཞི་པ། Unit 4

  • ལམ་སྒྲོན་ལས་འཇུག་སེམས་བསླབ་བྱ་དང་བཅས་པ་བཤད་པའོ།
  • དྲན་པ་ཉེར་བཞག་བཞི་ལས་ལུས་དྲན་པ་ཉེར་བཞག་བཞིའི་སྒོ་ནས་ཆོས་ཀྱི་བདག་མེད་སྒྲུབ་པ།
  • དེ་བཞི་སེམས་དང་ཚོར་བ། ཆོས་དྲན་པ་ཉེར་བཞག་བཞི་རེ་རེ་ནས་སྒྲུབ་པ།
  • བདེན་གཉིས་མི་འཐད་པའི་ཀླན་ཀ་སྤང་བ།
  • སྟོང་ཉིད་སྒྲུབ་པའི་རིགས་པའི་རྣམ་གྲངས་བསྟན་པ།
  • རྒྱུ་མེད་དགག་པ་དང་། རྟག་པའི་རྒྱུ་གཞན་ལས་སྐྱེ་བ་དགག་པ། གཙོ་བོ་རྟག་པ་ལས་སྐྱེ་བ་དགག་པ། རྒྱུ་མེད་དགག་པའི་དོན་བསྡུ་བ།
  • བདག་གཞན་གཉིས་ཀ་ལས་སྐྱེ་བ་དགག་པ།
  • གཏན་ཚིགས་བསྒྲུབས་ནས་སྐྱེས་པ་རང་བཞིན་གྱིས་གྲུབ་པ་དགག་པ།
  • སྲིད་ཞི་མཉམ་པ་ཉིད་དུ་གྲུབ་པའོ།
  • སྟོང་ཉིད་རྟོགས་པ་ལ་འབད་རིགས་པར་གདམས་པའོ།

ཁ་སྐོང་སློབ་ཚན། Supplementary Books

  1. པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པའི་བྱང་ཆུབ་ལམ་གྱི་སྒྲོན་མའི་རྣམ་བཤད་ཕུལ་བྱུང་བཞད་ པའི་དགའ་སྟོན།
  2. རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་སྤྱོོད་འཇུག་རྩ་འགྲེལ་ཆེན་མོ།
  3. ༸གོང་ས་མཆོག་གི་སྤྱོད་འཇུག་བཀའ་ཁྲིད་ཕྱག་དེབ།

ཟུར་ལྟའི་དཔེ་དེབ། Reference Books

  1. ༸གོང་ས་མཆོག་གི་གསུང་རྩོམ་རྟེན་འབྲེལ་བསྟོད་པའི་འགྲེལ་བ།
  2. རྗེ་རིན་པོ་ཆེས་མཛད་པའི་ལམ་རིམ་འབྲིང་པོ།
  3. རྒྱལ་ཚབ་རྗེས་མཛད་པའི་རྣམ་འགྲེལ་ཐར་ལམགསལ་མཛད་ལེའུ་གཉིས་པ།
Menu