བོད་ཡིག་ཆེད་སྦྱོང་རིག་གནས་རབ་འབྱམས།

ཆེད་སྦྱོང་རིག་གནས་རབ་འབྱམས་སྡེ་ཚན་གསར་འཛུགས་ཀྱི་དགོས་དམིགས།

༈ བོད་ལ་ཆེས་སྔ་མོ་ནས་མི་རིགས་རང་ཉིད་ཀྱི་ངོ་བོ་མཚོན་པའི་སྐད་ཡིག་དང་རིག་གཞུང་སོགས་མི་རིགས་ཟུར་གསལ་གྱི་རྣམ་པ་གསལ་པོར་མཚོན་པའི་ཁྱད་ཆོས་སྣ་མང་ཕུན་སུམ་ཚོགས་པ་ཞིག་ཡོད་ཅིང།དུས་རབས་མང་པོའ་ིརིང་དེ་ལྟ་བུའི་ཁྱད་ཆོས་ཕུན་སུམ་ཚོགས་པའི་རིག་གཞུང་དེ་ཉིད་དར་སྤེལ་བྱུང་ཡོད་པ་ཙམ་དུ་མ་ཟད། ཁྱིམ་མཚེས་རྒྱལ་ཁབ་སོག་པོ་དང། རྒྱ་ནག བལ་ཡུལ། འབྲུག རྒྱ་གར་ཧི་མ་ལ་ཡའི་རི་རྒྱུད་རྣམས་སུའང་བོད་ཀྱི་སྐད་ཡིག་དང། རིག་གཞུང་དར་སྤེལ་ཐུབ་པ་བྱུང་།

འོན་ཀྱང་དུས་རབས་ཉི་ཤུ འི་དཀྱིལ་ཙམ་ནས་ཕྱི་ནང་གི་རྒྱུ་རྐྱེན་སྣ་མང་གི་འོག་ནས་བོད་དང་བོད་ཀྱི་ངོ་བོ་མཚོན་པའི་རིག་གཞུང་མཐའ་དག་རྩ་བརླག་ཏུ་འགྲོ་བའི་ཉེན་ཁ་དཀྱུས་གཅིག་ཏུ་འཕྲད་ཅིང་། བོད་ཀྱི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་དཀའ་ཉེན་ཆེ་བའི་གནས་སྟངས་འོག་བོད་ཀྱི་ཆོས་སྲིད་རང་དབང་གི་སླད་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མི་སྟོང་ཕྲག་འགའ་ཤས་རྒྱ་གར་གཙོས་ཁྱིམ་མཚེས་རྒྱལ་ཁབ་ཏུ་སྐྱབས་བཅོལ་དུ་ཕེབས་དགོས་བྱུང་ཡོད།

ལྷག་དོན་རྒྱ་གར་གཞུང་ནས་ང་ཚོ་བོད་མི་རྣམས་ལ་སྡོད་གནས་གཞིས་ཆགས་དང། ཆོས་དང་རིག་གཞུང་གི་བསྟི་གནས་གསར་འཛུགས་ཆོག་པའི་འགན་དབང། ན་གཞོན་རྣམས་ལ་དེང་དུས་ཀྱི་ཤེས་ཡོན་སྦྱོང་སའི་ཚད་ལྡན་སློབ་གྲྭ། བོད་ཀྱི་སྐད་ཡིག་དང་རིག་གཞུང་སྦྱོང་སའི་མཐོ་སློབ་སོགས་ཀྱི་ཆ་རྐྱེན་བླ་ན་མེད་པ་གནང་བའི་རྒྱབ་རྟེན་འོག ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་སྐབས་དེའི་མི་ཐོག་རྒན་པ་དག་གིས་དཀའ་སྤྱད་འབད་བརྩོན་ཆེན་པོས་བོད་པའི་སློབ་ཕྲུག་མཐའ་དག་ལ་རང་རེའི་གནའ་རབས་ནས་བརྒྱུད་པའི་ཤེས་ཡོན་དང་དེང་དུས་ཀྱི་ཤེས་ཡོན་ཟུང་གི་འདབ་གཤོག་གཉིས་ལྡན་ཅིག་ཡོང་ཕྱིར་བོད་པའི་སློབ་གྲྭ་ཟུར་འཛུགས་གནང་ཡོད།

འོན་ཀྱང་གཞི་རིམ་སློབ་གྲྭ་ཁག་ནས་ཐོན་པའི་སློབ་ཕྲུག་རྣམས་རྒྱ་གར་མཐོ་སློབ་འདྲ་མིན་ནང་རང་རང་གི་མདུན་ལམ་དང་འཚམ་པའི་སློབ་སྦྱོང་གནང་རྒྱུའི་གོ་སྐབས་ཡོད་ཀྱང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་ཆ་ལག་དང་བཅས་པ་གཞན་གྱི་མཐོ་སློབ་དག་ནས་མུ་མཐུད་སློབ་སྦྱོང་གནང་རྒྱུའི་གོ་སྐབས་མེད་སྟབས་མི་རིགས་ཟུར་གསལ་གྱི་རྣམ་པ་ཡུན་གནས་ཐུབ་པར་འགོག་རྐྱེན་འཕྲད་བཞིན་པ་དངོས་འབྲེལ་ཡིན།

དོན་གྱི་གནད་འདི་ལ་གཟིགས་ནས་གངས་ཅན་བོད་ཀྱི་ཨ་མ་རྗེ་བཙུན་པདྨ་དང་བོད་ཁྱིམ་མཛད་གཙོ་རྣམ་པས་བོད་ཕྲུག་རྣམས་ལ་དེང་རབས་ཀྱི་ཆེས་མཐོའ་ིཤེས་ཡོན་དང་མཉམ་དུ་བོད་རང་ཉིད་ཀྱི་སྐད་ཡིག་དང་རིག་གཞུང་དག་ཀྱང་མཉམ་དུ་སྦྱོང་སྤེལ་རིག་གནས་རབ་འབྱམས་སྡེ་ཚན་།

གནང་ཐུབ་ན་མ་འོངས་པའི་མི་རབས་གསར་པ་དག་ངེས་པ་དོན་གྱི་འདབ་གཤོག་གཉིས་ལྡན་གྱི་བོད་རིགས་གཙང་མ་ཞིག་བསྐྱེད་བསྲིང་ཐུབ་པའི་དམིགས་འདུན་བཟུང་སྟེ་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་འདི་ཉིད་གསར་འཛུགས་གནང་བ་ཞིག་ཡིན། དགོས་དམིགས་གཙོ་གནད་འགའ་ཤས་ནི།

  • བོད་རང་གི་ཐུན་མིན་གྱི་སྐད་ཡིག་དང་རྩོམ་རིག རྒྱལ་རབས། ནང་དོན་རིག་པ་བཅས་ཀྱིས་གཙོ་བྱས་ཏེ་དེང་རབས་རིག་གནས་ཀྱིས་ཟུར་བརྒྱན་པའི་སློབ་གཉེར་གྱི་ཁ་ཕྱོཌ་འཛིན་པ།
  • མཐོ་སློབ་འདི་ག་ནས་ཐོན་རྗེས་ཡང་བསྐྱར་བོད་ཀྱི་རིག་གནས་བྱེ་བྲག་པའི་ཐོག་རིགས་གཅིག་རྐང་འཛིན་གྱི་སློབ་གཉེར བྱ་འདུན་ཡོད་པ་དག་ལ་གོ་སྐབས་བསྐྲུན་རྒྱུ།
  • མཐོ་སློབ་འདི་ག་ནས་ཐོན་པའི་སློབ་མ་དག་ནི་རང་གི་རིག་གནས་ལ་རང་རྐྱ་ཐུབ་པ་ཙམ་མ་ཟད་དེ་དག་འཛིན་སྐྱོང་སྤེལ་གསུམ་གྱི་ལས་གནས་ལ་རང་སྟོབས་ཀྱིས་འཇུག་ཐུབ་པ།
  • སོ་སོའ་ིམི་ཚེ་ལ་ཡང་རིག་གནས་ཀྱི་གདམ་ཀ་འདི་ལས་རྙེད་པའི་ཡིད་ཆེས་དང་གདེང་ཚོད་ཡོད་པར་བྱེད་པ།
  • སློབ་མའི་རང་གཤིས་ཀྱང་བོད་རང་གི་རིག་གནས་ཀྱིས་བསྐྱེད་པའི་མི་གཤིས་ཚད་ལྡན་ཞིག་ཏུ་གསོ་སྐྱོང་བྱ་རྒྱུ།
  • མི་རབས་གསར་པའི་དཔུང་ཁག་རང་ཉིད་ཀྱི་བླ་སྲོག་ལྟ་བུའི་བོད་ཀྱི་སྐད་ཡིག་རིག་གནས་ཁྲོད་ནས་འཚར་ལོངས་འབྱུང་བའི་དམིགས་ཡུལ་འཛིན་པ།
  • བོད་ཀྱི་རིག་གནས་ལ་དགའ་ཞེན་ཆེ་བའི་རྒྱ་གར་མཐོ་སློབ་ཁག་གམ་མི་སྡེའམ་མི་སྣ་གཞན་གང་ཡང་རུང་བ་སློབ་གླིང་འདི་ག་ནས་སློབ་སྦྱོང་གི་གོ་སྐབས་སྤྲོད་པའི་ལས་འགུལ་དུས་ངེས་མེད་དུ་རྩ་འཛུགས་བྱེད་པ།
  • མཐོ་སློབ་ཀྱི་དགེ་རྒན་སོགས་ནས་ཚོགས་སྡེའམ་ཤེས་ཡོན་གྱི་ཁོར་ཡུག་དག་ཏུ་བོད་ཀྱི་རིག་གནས་རྒྱུན་ཤེས་སམ་ཤེས་ཡོན་གྱི་འགན་འཁྲིར་དམིགས་པའི་ཟབ་སྦྱོང་སྤྲོད་པའི་ལས་གཞི་འདིང་བ།
  • སློབ་མའི་རང་དབང་གི་བསམ་བློའ་ིསྒོ་འཕར་འབྱེད་པ་དང་སྤྱི་ཚོགས་ཀྱི་འགན་འཁྲིའི་འདུ་ཤེས་ངོས་ཟིན་འཐོབ་ཕྱིར་དུས་དེབ་དང་ཚགས་ཤོག རིག་གནས་ཀྱི་ལས་འགུལ་རང་དབང་གིས་སྤེལ་བའི་མཐུན་རྐྱེན་བསྐྲུན་པ།
  • དེང་དུས་ཀྱི་སྤྱི་ཚོགས་གང་སར་ཤེས་ཡོན་ཡར་རྒྱས་ཚད་ལྡན་ཡོང་གི་ཡོད་ཀྱང་། མིའི་བཟང་སྤྱོད་ཉམས་ཉེས་ཀྱི་རྐྱེན་པས་སྤྱི་སྒེར་གཉིས་ལ་དཀའ་ངལ་སྣ་མང་ཞིག་བྱུང་དང་འབྱུང་བཞིན་པའི་དངོས་པོའ་ིགནས་ཚུལ་ལ་དཔག་སྟེ་མཐོ་སློབ་འདི་ག་ནས་ཤེས་ཡོན་ཙམ་མ་ཡིན་པར་མིའི་བཟང་སྤྱོད་གོང་འཕེལ་གཏོང་ཐབས་ལ་ཕྱོགས་ཡོངས་ནས་འབད་བརྩོན་བྱ་རྒྱུ་བཅས་ཀྱི་ཆེད་དུ་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་དམིཌ་བཀར་སློབ་སྦྱོང་སྤྲོད་པའི་མཐུན་རྐྱེན་དུ་མཐོ་སློབ་འདིར་སྡེ་ཚན་མ་ལག་ཚང་བ་ཞིག་ཡོངས་སུ་གྲུབ་པར་བྱས་ཡོད།

རྒྱུགས་དུས་ཀྱི་སྒྲོམ་གཞི།

  • རྒྱུགས་དུས་དང་པོ།
  1. ཉེ་བའི་འབྲིང་རིམ་གྱི་དབྱིན་ཇིའི་སྐད་ཡིག གནས་རིམ་དང་པོ།་-སྐད་ཡིག ༢
  2. རྒྱའི་སྐད་ཡིག་དང་པོ། – སྐད་ཡིག ༣
  3. བོད་ཀྱི་སྐད་ཡིག་རྨང་གཞིའི་བསླབ་གཞི། གནས་རིམ་དང་པོ། – གཙོ་བོ།
  4. སྙན་ངག་དང་རྩོམ་རིག་གི་རྨང་གཞིའི་བསླབ་གཞི། གནས་རིམ་དང་པོ། – གཙོ་བོ།
  5. བསྡུས་གྲྭ་དང་པོ། བཤེས་སྤྲིངས་དང་པོ། ནང་ཆོས་ངོ་སྤྲོད་སྙིང་བསྡུས། – གཙོ་བོ།
  • རྒྱུགས་དུས་གཉིས།
  1. ཉེ་བའི་འབྲིང་རིམ་གྱི་དབྱིན་ཇིའི་སྐད་ཡིག གནས་རིམ་གཉིས་པ། -སྐད་ཡིག ༢
  2. རྒྱའི་སྐད་ཡིག་གཉིས་པ། – སྐད་ཡིག ༣
  3. བོད་ཀྱི་སྐད་ཡིག་རྨང་གཞིའི་བསླབ་གཞི། གནས་རིམ་གཉིས་པ།- གཙོ་བོ།
  4. སྙན་ངག་དང་རྩོམ་རིག་རྨང་གཞིའི་བསླབ་གཞི། གནས་རིམ་གཉིས་པ།- གཙོ་བོ།
  5. བསྡུས་གྲྭ་གཉིས་པ། བཤེས་སྤྲིངས་གཉིས་པ། – གཙོ་བོ།
  • རྒྱུགས་དུས་གསུམ་པ།
  1. འབྲིང་རིམ་དབྱིན་ཇིའི་སྐད་ཡིག གནས་རིམ་དང་པོ།-སྐད་ཡིག ༢
  2. རྒྱའི་སྐད་ཡིག་གསུམ་པ།- སྐད་ཡིག ༣
  3. བོད་ཀྱི་སྐད་ཡིག་གནས་རིམ་བར་མའི་བསླབ་གཞི་དང་པོ།- གཙོ་བོ།
  4. སྙན་ངག་དང་རྩོམ་རིག་གནས་རིམ་བར་མའི་བསླབ་གཞི་དང་པོ།- གཙོ་བོ།
  5. བློ་རིག་དང་པོ། གྲུབ་མཐའ་དང་པོ། སྤྱོད་འཇུག་དུམ་བུ་དང་པོ།- གཙོ་བོ།
  6. བོད་ཀྱི་གནའ་བོའི་ལོ་རྒྱུས། སྟོད་ཆ། – གཙོ་བོ།
  • རྒྱུགས་དུས་བཞི་པ།
  1. འབྲིང་རིམ་དབྱིན་ཇིའི་སྐད་ཡིག གནས་རིམ་གཉིས་པ།-སྐད་ཡིག ༢
  2. རྒྱའི་སྐད་ཡིག་བཞི་པ།- སྐད་ཡིག ༣
  3. བོད་ཀྱི་སྐད་ཡིག་གནས་རིམ་བར་མའི་བསླབ་གཞི་གཉིས་པ། – གཙོ་བོ།
  4. སྙན་ངག་དང་རྩོམ་རིག་གནས་རིམ་བར་མའི་བསླབ་གཞི་གཉིས་པ།།- གཙོ་བོ།
  5. བློ་རིག་གཉིས་པ། གྲུབ་མཐའ་གཉིས་པ། སྤྱོད་འཇུག་དུམ་བུ་གཉིས་པ།- གཙོ་བོ།
  6. བོད་ཀྱི་གནའ་བོའི་ལོ་རྒྱུས། སྨད་ཆ། – གཙོ་བོ།
  • རྒྱུགས་དུས་ལྔ་པ།
  1. འབྲིང་རིམ་དབྱིན་ཇིའི་སྐད་ཡིག གནས་རིམ་གསུམ་པ། -སྐད་ཡིག ༢
  2. རྩ་ཁྲིམས་དང་མང་གཙོ། – སྤྱིར་བཏང་།
  3. ཁོར་ཡུག་རིག་པ། – སྤྱིར་བཏང་།
  4. བོད་ཀྱི་སྐད་ཡིག་གནས་རིམ་གོང་མའི་བསླབ་གཞི་དང་པོ། – གཙོ་བོ།
  5. སྙན་ངག་དང་རྩོམ་རིག་གནས་རིམ་གོང་མའི་བསླབ་གཞི་གསུམ་པ། – གཙོ་བོ།
  6. རྟགས་རིགས་དང་པོ། སྤྱོད་འཇུག་དུམ་བུ་གསུམ་པ། – གཙོ་བོ།
  7. བོད་ཀྱི་བར་མའི་ལོ་རྒྱུས། སྟོད་ཆ། – གཙོ་བོ།
  • རྒྱུགས་དུས་དྲུག་པ།
  1. འབྲིང་རིམ་གོང་མའི་དབྱིན་ཇིའི་སྐད་ཡིག གནས་རིམ་དང་པོ། -སྐད་ཡིག ༢
  2. གློག་ཀླད་བཀོལ་སྤྱོད། – སྤྱིར་བཏང་།
  3. བོད་ཀྱི་སྐད་ཡིག་གནས་རིམ་གོང་མའི་བསླབ་གཞི་གཉིས་པ། – གཙོ་བོ།
  4. སྙན་ངག་དང་རྩོམ་རིག་གནས་རིམ་གོང་མའི་བསླབ་གཞི་གཉིས་པ། – གཙོ་བོ།
  5. རྟགས་རིགས་དང་པོ། སྤྱོད་འཇུག་དུམ་བུ་བཞི་པ། – གཙོ་བོ།
  6. བོད་ཀྱི་བར་མའི་ལོ་རྒྱུས། སྨད་ཆ། – གཙོ་བོ།
  • རྒྱུགས་དུས་བདུན་པ།
  1. འབྲིང་རིམ་གོང་མའི་དབྱིན་ཇིའི་སྐད་ཡིག གནས་རིམ་གཉིས་པ། -སྐད་ཡིག ༢
  2. ཆོས་ལུགས་དང་མ་འདྲེས་པའི་བཟང་སྤྱོད། – སྤྱིར་བཏང་།
  3. བོད་ཀྱི་སྐད་ཡིག་མཐོ་རིམ་བསླབ་གཞི་དང་པོ། – གཙོ་བོ།
  4. སྙན་ངག་དང་རྩོམ་རིག་མཐོ་རིམ་བསླབ་གཞི་དང་པོ། – གཙོ་བོ།
  5. བྱང་ཆུབ་ལམ་སྒྲོན། སྤྱོད་འཇུག་དུམ་བུ་ལྔ་པ། – གཙོ་བོ།
  6. བོད་ཀྱི་དེང་རབས་ལོ་རྒྱུས། – གཙོ་བོ།
  • རྒྱུགས་དུས་བརྒྱད་པ།
  1. འབྲིང་རིམ་གོང་མའི་དབྱིན་ཇིའི་སྐད་ཡིག གནས་རིམ་གསུམ་པ། -སྐད་ཡིག ༢
  2. ཉམས་གསོག – གཙོ་བོ།
  3. ལས་འཆར། – གཙོ་བོ།

སློབ་སྦྱོང་གི་ཁྱབ་ཁོངས།

  • སློབ་ཚན་གཙོ་བོ་ཁག
  1. བོད་ཀྱི་སྐད་ཡིག
  2. བརྡ་སྤྲོད་རིག་པ། བྲིས་རྩོམ།
  3. བོད་ཀྱི་ལོ་རྒྱུས།
  4. བོད་ཀྱི་སྙན་ངག་དང་རྩོམ་རིག
  5. ནང་པའི་ལྟ་གྲུབ།
  • སློབ་ཚན་ཕལ་བ་ཁག
  1. དབྱིན་ཇི་བཤད་རྩལ།
  2. རྒྱའི་བཤད་རྩལ།
  3. གློག་ཀླད་ཀྱི་རྨང་གཞི་ཤེས་བྱ།

སློབ་ཡུན།

ཆེད་སྦྱོང་རིག་གནས་རབ་འབྱམས་པའི་སློབ་ཡུན་ལོ་བཞི་ཡིན། ཐོག་མའི་ལོ་གསུམ་ནང་སློབ་ཕྲུག་དག་གིས་གོང་འཁོད་སྦྱོང་ཚན་གྱི་ཁྱབ་ཁོངས་དག་དང་འབྲེལ་བའི་ཤེས་བྱ་དག་ལ་གཏིང་ཟབ་མོས་འཇུག་དགོས་ཤིང་། མཐའ་མའི་ལོ་གཅིག་གི་རིང་ལ་བོད་ཀྱི་སྐད་ཡིག་དང་རྩོམ་རིག་གི་ཁྱབ་ཁོངས་བྱེ་བྲག་པ་གཅིག་ལ་ཆེད་སྦྱོང་བྱ་དགོས་པ་ཡིན།

Read this post in: English

Menu