དཔེ་མཛོད།

  1. Home
  2. chevron_right
  3. ཤེས་ཡོན།
  4. chevron_right
  5. དཔེ་མཛོད།

མཐོ་སློབ་ཀྱི་དཔེ་མཛོད་ཁང་དུ་བོད་སྐད་དང་དབྱིན་སྐད།རྒྱ་ཡིག་བཅས་སྐད་ཡིག་གསུམ་གྱི་དཔེ་དེབ་ཚད་ལྡན་མང་པོ་ཉར་གསོག་བྱས་ཡོད་ལ་ཤེས་ཡོན་དང་དེང་དུས་གནས་འཕྲིན།གསར་འགྱུར་སོགས་ཀྱི་དུས་དེབ་དང་བོད་ཡིག་ཀྱི་གསར་ཤོག་དང་དུས་དེབ་ཁག་མངགས་ཉོ་བྱེད་ཀྱི་ཡོད།དཔེ་མཛོད་ཀྱི་དཔེ་དེབ་བཀའ་འགྱུར་དང་བསྟན་འགྱུར་པུ་ཏི་ཆ་ཚང་བ་ཡང་ཡོད།མཐོ་སློབ་ཀྱི་དཔེ་མཛོད་ནི་ཤེས་ཡོན་བསྟི་གནས་ཀྱི་དཔེ་མཛོད་ཞིག་ཡིན་སྟབས།དེང་དུས་ཌེཝེཡ་ལམ་ལུགས་གཞིར་བཟུང་སྐད་ཡིག་དང་རྩོམ་རིག།ཚན་རིག།ཨང་རྩིས།གློག་ལས།སྤྱི་ཚོགས་ཚན་རིག་བཅས་སྡེ་ཚན་ཁག་ཏུ་དབྱེ་བ་ཕྱེ་ཡོད།

དཔེ་མཛོད་ཀྱི་ལས་ཡུན།རེས་གཟའ་ཟླ་བ་ནས་པ་སངས།(སྔ་དྲོ་ཚོུད་༩:༠༠ནས་ཕྱི་དྲོ་ཚོུད་༥:༠༠) རེས་གཟའ་སྤེན་པ།(སྔ་དྲོ་ཚོུད་༨:༠༠ནས་ཕྱི་དྲོ་ཚོུད་༡༢:༣༠)

 

Read this post in: English

Menu