ཤེས་ཡོན།

Information about the academic programs at DLIHE.

  1. Home
  2. chevron_right
  3. ཤེས་ཡོན།

བོད་ཕྲུག་ཁྱིམ་སྡེས་འདས་པའི་ལོ་ངོ་ལྔ་བཅུ་ང་བཅུ་ལྷག་གི་རིང་སྐྱབས་བཅོལ་ནང་གི་བྱིས་པ་དག་ལ་ལྟ་སྐྱོང་དང་སློབ་སྦྱོང་གི་གོ་སྐབས་དང་མཐུན་རྐྱེན་སྤྲད་ཡོད། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་འདི་བཞིན་སྔོན་འགྲོའི་སློབ་གྲྭ་ནས་གཙུག་ལག་སློབ་གཉེར་ཁང་གི་གནས་རིམ་དུ་ཕྱོགས་པའི་ལས་འཆར་ཞིག་ཡིན་ལ། མཐོ་སློབ་འདི་རང་རྐྱ་འཕེར་བའི་གཙུག་ལག་སློབ་གཉེར་ཁང་ཞིག་གི་ངོ་བོར་འགྱུར་རྒྱུ་དེ་བོད་ཕྲུག་ཁྱིམ་སྡེའི་རྒྱུན་རིང་གི་འབད་བརྩོན་ལས་བྱུང་བའི་ཕུགས་རེ་ཞིག་ཀྱང་ཡིན།

ད་ལྟའི་ཆར་མེས་སོར་གཙུག་ལག་སློབ་གཉེར་ཁང་དང་མཉམ་འབྲེལ་གྱི་ངོ་བོའི་ཐོག་ནས་དམིགས་བསལ་གྱི་ལས་འཆར་གྱི་ཁོངས་སུ་བོད་དང་རྒྱའི་སྐད་ཡིག་དང་རྩོམ་རིག་གི་རིག་གནས་རབ་འབྱམས་དང་། རྒྱུན་སྲོལ་སློབ་སྦྱོང་གི་འགྲོས་རིམ་ནང་། འབྱུང་རིག་དང་ཚོང་རིག་གློག་ཀླད་རིག་པ་བཅས་ཀྱི་རབ་འབྱམས་པ་བཅས་ཀྱི་སློབ་སྦྱོང་གི་གནས་རིམ་བཅས་མེས་སོར་གཙུག་ལག་སློབ་གཉེར་ཁང་གི་ཁོངས་གཏོགས་ཀྱི་ངོ་བོའི་ཐོག་ནས་འགྲོ་བཞིན་ཡོད་ལ། རང་རེའི་སྤྱི་ཚོགས་ཀྱི་དགོས་མཁོ་ལ་དམིགས་ཏེ་ལོ་རེ་བཞིན་སྦྱོང་ཚན་གསར་སྣོན་ཐུབ་པའི་རེ་བ་བྱེད་ཀྱིན་ཡོད། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་རེ་འདུན་ནི་རབ་ཏུ་ཕྱུག་པའི་རང་རེའི་རིག་གཞུང་དང་དེང་རབ་ཀྱི་ཤེས་ཡོན་སྡེ་ཁག་གཉིས་ཀ་རྒྱུད་ལ་འཇགས་པའི་འབྱུང་འགྱུར་གྱི་འགོ་ཁྲིད་དང་འགན་ཁུར་བ་བསྐྱེད་བསྲིང་བྱ་རྒྱུ་དེ་ཡིན། དེའི་ཕྱིར་སློབ་གླིང་འདི་ནས་སྲོལ་རྒྱུན་དང་དེང་རབས་ཀྱི་ཤེས་ཡོན་གཉིས་ཡང་དག་པའི་ཟུང་འབྲེལ་བྱེད་ཀྱི་ཡོད།

Read this post in: English

Menu