རྒྱུགས་དུས་གསར་བའི་གཏམ་བཟང་།

འདི༌ག༌མཐོ༌སློབ༌དང་བྷེང་ལོར་ཆེས་མཐོའི་གཙུག་ལག༌སློབ༌གྲྭ༌ཆེན༌མོ༌གཉིས་མཉམ་འདུས་ཀྱིས་ཕྱི་ལོ་གསར་པའི་རྒྱུགས་དུས་གསར་པ་འདིར། ལོ་རྒྱུས་རང་བཞིན་ཅན་གྱི་ཤེས་ཡོན་གྱི་ལས་གཞིའི་མཁའ་འགྲུལ་གསར་པའི་ས་ཚིགས་ལ་མགྱོགས་ཚད་གསར༌པ་ཞིག་དེ་རིང་ཡོངས་གྲགས་ཐུབ་པར་བཀའ་དྲིན་དང་དགའ་སྤྲོ་དཔག་མེད་དུ་འཕེལ།

དེ་ནི་དུས༌ཡུན་རིང་པོ༌ནས་ངང་བསྒུགས༌དང༌དུས་འགྱངས་སུ་ལུས་པའི་བོད་རིག༌པའི༌ཆེད་ལས་འབུམ་རམས་པའི་ཚུད་རྒྱུགས་དེ་བཞིན་དེ་རིང་བདེ༌བླག༌ངང༌ལེགས༌གྲུབ༌བྱུང༌བ༌དེ༌ཡིན།

རྒྱལ་སྤྱིའི་ཁྱོན་ལ་ངོས་འཛིན་ཡོད་པའི་བོད་རིག༌པའི༌ཐོག་འབུམ་རམས་པའི་སློབ༌གནས༌འགོ་འཛུགས་ཐུབ་པའི་བོད་པའི་སློབ་གཉེར་ཁང་འདི༌ཉིད༌ནས་བོད་མིའི་སྤྱི་ཚོགས་ནང་གི་སློབ་གཉེར་བ་དང་ཤེས་ཡོན་སྡེ་ཁག་ལ་དགོས་ངེས་ཅན་གྱི་གོ་སྐབས་གསར་པའི་ཤེས་ཡོན་གྱི་སྡིངས་ཆ༌གསར༌པ༌འདི༌སློབ༌གླིང༌འདིའི༌ཕྱིའི༌འཛུགས༌བསྐྲུན༌གྱི༌བཀོད༌མཛེས༌དང༌མཉམ༌དུ༌ལེགས༌གྲུབ༌བྱུང༌བར༌ང་ཚོ་སྤོབས༌པ༌དང༌་སྤྲོ་བས་ཁེངས་ཡོད།

མཐོ་སློབ་ཀྱིས་སྣེ་ཁྲིད་ཅིང་ངོས་འཛིན་ཆ་ཚང་ཡོད་པའི་ཆེས་ཐོག་མའི་འབུམས་རམས་པའི་ཚུད་རྒྱུགས༌ཐོག༌མའི༌ནང་རང་རེའི་ཤེས་ཡོན་སྡེ་ཁག་མ་འདྲ་ནས་ཡོངས་གྲགས་ཀྱི་མཁས་པ་དང་། བློ་གྲོས་ཀྱི་ནུས་པ་སྣ་མང་ཡིན་པའི་མི༌སྣ་དག༌ཕེབས༌ཡོད།

ལོ་རྒྱུས་རང་བཞིན་གྱི་ཚུད་རྒྱུགས་འདིའི༌ནང་དེབ་སྐྱེལ་གནང་མཁན་གྱི་འཛུལ༌ཞུགས༌པ༌ཁྱོན་བསྡོམས་བརྒྱད་ཡོད། དེ༌དག༌ནི༌བོད་ཀྱི་ལོ༌རྒྱུས་ཐོག་འབུམ་རམས་པ༌གནང་མཁན་གསུམ། བོད་ཀྱི་སྐད་ཡིག་ཐོག་གཉིས། བོད་ཀྱི་རྩོམ་རིག་ཐོག་གཅིག ནང༌པའི༌ལྟ༌གྲུབ༌ཐོག་གཉིས་བཅས་རེད།

མཐོ་སློབ་ནས་འབུམ་རམས་པའི༌སློབ༌གནས༌སུ༌ཞུགས༌པའི༌དོ་བདག་ཚང་མས་རང་གི་རིག་ཚན་ཐོག་ཁྱད་འཕགས་འབད་བརྩོན༌དང༌།མ༌འོངས༌པར༌འབུམ་རམས་པའི་སློབ༌གནས་ལ༌མཚན༌དོན༌མཚུངས༌པའི༌མིག་དཔེ་བཟང་པོ་ཞིག་འཇོག་པར་ཡིད་ཆེས་ཆ་ཚང་ཡོད།

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ནི་བོད་པའི་སྤྱི་ཚོགས་ནང་དུ་རྩོད་མེད་དམིགས་བསལ་ཅན་གྱི་ཤེས་ཡོན་སྡེ་ཁག་ཅིག་ཡིན་སྟབས། ང་ཚོས་ད་དུང་སྙིང་རུས་བསྐྱེད་ནས་རང༌རེའི༌སྤྱི༌ཚོགས༌ནང༌ཤེས་ཡོན་རྒྱུན་འཁྱོང་བྱ་བློ་ཡོད་མཁན་རྣམས་ལ་གོ་སྐབས་གསར་པའིི་སྡིངས་ཆ་བསྐྲུན་ནས་ཁོང༌ཚོའི༌ཤེས་ཡོན་གྱི་མངོན་འདོད་བསྒྲུབས༌པར༌འབད༌བརྩོན༌ཞུ༌ངེས་ཡིན།

Read this post in: English

Related Posts

No results found.

Menu