སྨན་བཅོས་མཐུན་རྐྱེན།

We provide every necessary medical service to this Institution’s staff and students, through a health clinic managed by Mr. Khetsun.

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་ངོས་ནས་བོད་ཕྲུག་ཁྱིམ་སྡེའི་སྨན་བཅོས་ལྟ་སྐྱོང་གི་སྲིད་ཇུས་གཞིར་བཟུང་ལས་བྱེད་དང་སློབ་ཕྲུག་དག་ལ་སྨན་བཅོས་མཐུན་རྐྱེན་སྐྲུན་བཞིན་ཡོད།  ནད་གཞི་དང་རྨས་སྐྱོན་ཆུང་རིགས་མཐོ་སློབ་ཀྱི་འཕྲོད་སྟེན་ཚན་པ་རང་གིས་གནང་གི་ཡོད་ཅིང་།  གལ་ཏེ་ནད་རྨས་དྲག་པོ་བྱུང་ཚེ་མཐོ་སློབ་ནས་སྐར་མ་བཅུ་ཡས་མས་ཀྱི་སར་ཡོད་པའི་རྒྱ་གར་གཞུང་འབྲེལ་སྨན་ཁང་དུ་བསྟེན་གཏུགས་བྱེད་ཀྱི་ཡོད།

དེ་བཞིན་དུ་བོད་སྨན་འཕྲོད་པའི་སློབ་མ་དང་ལས་བྱེད་དག་གི་ཆེད་དུ་མཐོ་སློབ་ཀྱི་ངོས་ནས་བྷེང་ལོར་ས་གནས་སྨན་རྩིས་ཁང་གི་སྨན་པ་གདན་འདྲེན་ཞུ་བཞིན་ཡོད།

དེ་ལས་གཞན་མཐོ་སློབ་ཀྱི་ངོས་ནས་སྨན་ཁང་ཏུ་ཉལ་བའི་སློབ་ཕྲུག་དག་ལ་དམིགས་བསལ་དགོས་ངེས་ཀྱི་ཟས་རིགས་མཁོ་སྤྲོད་བྱེད་ཀྱི་ཡོད།

Read this post in: English

Menu