འཛིན་སྐྱོང།

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་འདི་བཞིན་ཨེ་ཁར་བཞི་བཅུའི་ས་ཁྱོན་དུ་གཞི་བཅས་ཏེ་མཐོ་སློབ་ཀྱི་དགེ་ལས་སློབ་ཕྲུག་དག་ལ་སྤྲོ་སྐྱིད་ལྡན་པའི་མཐུན་རྐྱེན་ཞིག་མཁོ་སྤྲོད་བྱས་ཡོད། འདི་ག་མཐོ་སློབ་ཀྱི་ངོས་ནས་མཐོ་སློབ་ཀྱི་དགེ་ལས་རྣམས་ཀྱི་ཆེད་དུ་རྨང་གཞིའི་ཆ་རྐྱེན་གང་ལེགས་ཀྱི་ལས་རིམ་བསྒྲུབས་དང་སྒྲུབ་བཞིན་པ་ཡིན། གཤམ་གསལ་ལྷན་ཚོགས་དང་ཚོགས་ཆུང་དག་གི་ངོ་ནས་ལས་འཆར་ཁག་འཕེལ་རྒྱས་དང་སྟངས་འཛིན་མཐུན་འགྱུར་གནང་བཞིན་ཡོད། མཐོ་སློབ་འདི་ལ་འགན་འཛིན་ལྷན་ཚོགས་དང། ཤེས་ཡོན་སློབ་སྟོན་ལྷན་ཚོགས། སྟངས་འཛིན་ཚོགས་ཆུང་། ཤེས་ཡོན་ཚོགས་ཆུང་། རྒྱུགས་སྤྲོད་ཚོགས་ཆུང་བཅས་སྐབས་སྐབས་སུ་མཐོ་སློབ་ཀྱི་བྱེད་སྒོ་ཁག་ལ་གྲོས་བསྡུར་དང་གཏན་འབེབས་བྱེད་ཀྱིན་ཡོད།

Read this post in: English

Menu