སློབ་ཡོན་དང་སློབ་རིན།

སློབ་ཡོན།

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་ཚུད་པའི་བོད་ཁྱིམ་གྱི་ལྟ་རྟོག་འོག་ལ་ཡོད་པའི་སློབ་ཕྲུག་དག་ལ་བོད་ཕྲུག་ཁྱིམ་སྡེའི་ངོས་ནས་སློབ་ཡོན་ཆ་ཚང་ནར་གཏོང་བྱེད་ཀྱི་ཡོད། བོད་ཕྲུག་ཁྱིམ་སྡེའི་སློབ་ཡོན་ཚན་པ་ནས་བོད་ཕྲུག་རྣམས་ལ་དུས་དུས་ནས་དམིགས་བསལ་སློབ་ཡོན་སོགས་ཀྱི་ལས་འཆར་གསལ་བསྒྲགས་བྱས་ངེས།

གཏན་སྲོལ་སློབ་ཚན་ཁག་ལ་ཐེངས་གཅིག་གི་སློབ་ཡོན་ཆ་ཚང་གནང་བ་དེ་བོད་ཁྱིམ་གྱི་སློབ་ཡོན་སྲིད་ཇུས་ཡིན། བོད་ཁྱིམ་གྱི་སློབ་ཡོན་འོག་སྦྱོང་བརྡར་དང་མཐོ་སློབ་ཐོན་ཟིན་པ་དག་གི་རང་གི་སྦྱང་འབྲས་སོགས་ཀྱི་ཞིབ་གནས་བོད་ཁྱིམ་སློབ་ཡོན་ཚན་པའི་ལས་ཁུངས་སུ་འབུལ་ཚེ། མཐོ་སློབ་ཐོན་ཟིན་པ་གང་དེར་བོད་ཁྱིམ་གྱི་ངོས་ནས་ལས་ཀའི་གོ་སྐབས་སྤྲོད་པའམ་ཡང་ན་བཙན་བྱོལ་བོད་མའི་སྤྱི་ཚོགས་ཀྱི་ལས་རིགས་ལ་མཚམས་སྦྱོར་བྱ་ཐུབ་པ་ཡིན།

གཟེངས་ཐོན་སློབ་ཡོན།

གཟེངས་ཐོན་སློབ་ཡོན་འདི་བཞིན་གཙུག་ལག་སློབ་གྲྭའི་གཏན་འབེབས་སློབ་སྐབས་ཀྱི་་(རྒྱུགས་དུས་གཉིས་བསྡོམས་པའི) ལོ་འཁོར་གཅིག་གི་རྒྱུགས་འབྲས་ཁྱད་འཕགས་བྱུང་རིགས་ལ་སྤྲོད་རྒྱུ་ཡིན། གཟེངས་ཐོན་སློབ་ཡོན་གྱི་ཚད་འཛིན་ནི་དམིགས་བསལ་ཆེད་སྦྱོང་ཡིན་ན་བརྒྱ་ཆ་༨༠%ལོན་པ་དང་། outreach ཡིན་ན་བརྒྱ་ཆ་༧༠% ལོན་དགོས།

སློབ་ཡོན་གྱི་སྤྱི་བབ། ཟླ་རེས་གཞིར་བཟུང་།

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ངོས་ནས་ཟླ་རེར་སློབ་ཡོན་ཆེས་ཉུང་ཐོག་ལ་བླངས་ཀྱི་ཡོད།(སློབ་ཡོན་གྱི་ཞིབ་གནས་རྗེས་སུ་གསར་འཇུག་བྱེད་རྒྱུ།)

  • སློབ་མ་ནས་ཟླ་བ་བཅུ་གཉིས་ཧྲིལ་བོའི་སློབ་རིན་བླངས་ཀྱི་ཡོད།
  • སློབ་རིན་ཆ་ཚང་མཉམ་དུ་སྤྲོད་ཆོག་ལ་དེ་མིན་གྲུབ་ཆ་གཉིས་ལ་བགོས་ཏེ་སྤྲད་ན་རུང་། གྲུབ་ཆ་གཉིས་སྤྲོད་དུས་ནི་ཕྱི་ཟླ་དང་པོ་དང་བདུན་པ་ནང་ཡིན།
  • སློབ་རིན་དུས་ཐོག་ལ་ངེས་པར་སྤྲོད་དགོས།
  • སློབ་རིན་དེ་དངུལ་རྐྱང་ངམ་ཡང་ན་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་མིང་ཐོག་ལ་དངུལ་ཁང་བརྒྱུད་གཏོང་ཆོག
  • སློབ་གཉེར་བ་ཚང་མས་བོད་ཁྱིམ་དང་མཉམ་རོགས་འཕྲོད་བསྟེན་ལྟ་རྟོག་གི་ཆེད་དུ་ཞུ་སྙན་འབུལ་འོས།

གསལ་བཤད།

སློབ་ཡོན་དང་འབྲེལ་བའི་གནས་ཚུལ་ཚང་མར་སློབ་སྤྱིར་འབྲེལ་གཏུགས་བྱེད་རོགས།

Menu