འཛུལ་ཞུགས་སློབ་ཕྲུག

The Dalai Lama Institute for Higher Education (DLIHE) provides a holistic environment in which Tibetan students can explore both traditional and contemporary disciplines while staying connected to their culture and community.

  1. Home
  2. chevron_right
  3. འཛུལ་ཞུགས་སློབ་ཕྲུག

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གིས་སློབ་གླིང་འདིའི་ཁོངས་གཏོགས་སློབ་མ་རྣམས་ལ་སྲོལ་རྒྱུན་དང་དེང་དུས་ཀྱི་སྤྱི་ཚོགས་ཀྱི་གནས་བབ་གཉིས་ཀར་ཁྱབ་པའི་སློབ་གསོ་དང་རིག་གཞུང་གི་ཁོར་ཡུག་ཡངས་པོ་ཞིག་མཁོ་བསྐྲུན་བྱས་ཡོད། ཆ་རྐྱེན་འདིའི་འོག་ནས་སློབ་ཕྲུག་སྒེར་སོ་སོའི་ལྷན་གཤིས་དང་། རིག་སྟོབས། ཀུན་སྤྱོད་བཅས་འཕེལ་རྒྱས་ཡོང་རྒྱུ་མ་ཟད་བོད་ཀྱི་རིག་གཞུང་གི་རྨང་གཞི་བརྟན་པོ་ཞིག་ཚུགས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། སློབ་གླིང་འདིས་ཕྱི་ནས་གདན་དྲངས་པའི་གཏམ་བཤད་པ་དང་། དགེ་རྒན། དེ་བཞིན་རིག་གཞུང་ཐད་ནས་བྷེང་ལོར་དུ་ཡོད་པའི་མཐུན་རྐྱེན་དག་སྤྱོད་པའི་ཐོག་དང་། མཐའ་མའི་དངོས་སྦྱོང་བཅས་ལ་བརྟེན་ནས་བྱུང་བའི་གོ་རྟོགས་ཀྱིས་འཛམ་གླིང་གི་གནས་ལུགས་ལ་ངེས་ཤེས་ཐོབ་པར་གྱུར།

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་ཟུར་སྦྱོང་རིག་ཚན་ཁག་ནི་བོད་ཁྱིམ་གྱི་གཞི་རིམ་སློབ་གྲྭ་ཁག་དང་དེ་མིན་གྱི་བོད་མིའི་སློབ་གྲྭ་ཁག་ནས་ཐོབ་པའི་ཉམས་མྱོང་དག་ལ་གཞི་བཅོལ་ཏེ་བསྐྲུན་པ་ཡིན། སློབ་མ་ཚོས་རང་གི་མི་ཚེ་དང་མ་འོངས་པའི་ཤེས་ཡོན་ལ་བཟང་ཕྱོགས་ནས་འགན་ལེན་ཐུབ་ཐབས་སུ་དམིགས་པ་ཞིག་ཡིན།

སློབ་མའི་ངོས་ནས་སློབ་གླིང་ལ་ཞབས་འདེགས་ཞུ་བ་དེ་སློབ་མ་རང་ཉིད་འཚོ་གནས་བྱེད་སའི་འཇིག་རྟེན་གྱི་ཤེས་བྱ་རྒྱ་བསྐྱེད་དང་། འཇིག་རྟེན་འདིའི་ཐོག་རང་གིས་གནས་བབ་ཇི་བཟུང་མིན་ཤེས་པའི་ཕྱིར་བཟོ་འགོད་བྱས་པ་ཞིག་ཡིན། སློབ་གླིང་འདིའི་དམིགས་ཚད་ནི་སློབ་ཕྲུག་སོ་སོ་རང་མགོ་རང་ཐོན་དང་ཕན་ནུས་ལྡན་པའི་སྤྱི་ཚོགས་ཀྱི་ཁོངས་མི་འབའ་ཞིག་ཡོང་ཆེད་ཡིན། སློབ་མ་རྣམས་ལ་གཞན་གྱི་རིག་གཞུང་ངོ་སྤྲོད་དང་། དགེ་རྒན་དང་ལས་བྱེད་རྣམ་པའི་རམ་འདེགས་འོག་སློབ་མ་སྒེར་སོ་སོའི་དགའ་ཕྱོགས་འཚོལ་སྙེག་བྱེད་པ་བརྒྱུད་ད་གཟོད་སྤུས་ཚད་ལྡན་པའི་སློབ་གཉེར་བ་སྐྱེས་བསྲིང་ལ་འབད་བཞིན་ཡོད། སློབ་མ་རྣམས་བདེ་འཇགས་དང་སློབ་སྦྱོང་གི་ཁོར་ཡུག་ཅིག་ནང་ཞུགས་ཏེ་འཛམ་གླིང་གང་ས་ནས་ཕེབས་པའི་སྐུ་མགྲོན་མཁས་དབང་ཁག་དང་། དཔེ་མཛོད། དྲ་རྒྱའི་བརྒྱུད་ལམ་སོགས་ལ་བརྟེན་ནས་ཕྱིའི་འཛམ་གླིང་གི་ཤེས་བྱ་ལ་སྒོ་ཁ་ཕྱེ་ནས་ཡོད།

Read this post in: English

Menu