མཐོ་སློབ་ཀྱི་ངོས་ནས་རྩེད་མོའི་རྣམ་གྲངས་དག་ཀྱང་སློབ་སྦྱོང་ལྟར་གལ་ཆེན་དུ་བརྩི་བཞིན་ཡོད། སློབ་མ་ཚོའི་ངོས་ནས་བདེ་ཐང་གིས་འཚོ་བ་དེ་ཆེས་གལ་ཆེའི་སློབ་ཚན་ཞིག་ཡིན་པའི་གོ་རྟོགས་ཡོང་བར་མཐོ་སློབ་ངོས་ནས་སྐུལ་སློང་དང་འབད་བརྩོན་བྱེད་ཀྱིན་ཡོད།

ད་ལྟའི་ཆར་སློབ་སྦྱོང་གི་བྱེད་སྒོ་གྲུབ་རྗེས་རྩེད་རིགས་ཀྱི་རྣམ་གྲངས་ཁག་སློབ་གཉེར་ལྷན་ཚོགས་ཀྱི་ངོས་ནས་གོ་སྒྲིག་བྱེད་བཞིན་ཡོད། མཐོ་སློབ་ཀྱི་ངོས་ནས་སྤུས་ཚད་ལྡན་པའི་རྐང་སྤོལ་དང་ལག་སྤོལ་རྩེད་ཐང་མཁོ་བསྐྲུན་བྱས་ཡོད། ལོ་ལྟར་མཐོ་སློབ་ཀྱི་རྩེད་འགྲན་རུ་ཁག་ཀྱང་འདེམས་སྒྲུག་བྱེད་ཀྱི་ཡོད་ཅིང། མཐོ་སློབ་གཞན་དང་མཉམ་དུ་བསྟུད་མར་རྩེད་འགྲན་གོ་སྒྲིག་ཀྱང་བྱེད་མུས་ཡིན།

ཁང་བའི་ནང་ལོགས་ཀྱི་རྩེད་མོའི་མཐུན་རྐྱེན་དུ་སྡོད་ཁང་སོ་སོར་པང་པོང་དང་ཕྷི་སྒྲིག མཛུབ་རྩེད་བཅས་མཁོ་སྤྲོད་བྱས་ཡོད་པས། སློབ་ཕྲུག་ཚོས་ཉིན་རྒྱུན་གྱི་རྩལ་སྦྱོང་དང་རྩེད་འགྲན་ནང་གང་འདོད་དུ་ཞུགས་ཆོག

Menu