ང་ཚོས་རྒྱབ་ལྗོངས་དེ་གཞི་ལ་བཞག་པའི་ཐོག་ནས་གལ་གནད་ཆེ་བ་གཅིག་ནི་ཤེས་ཡོན་འདྲ་མིན་སྣ་ཚོགས་བསྐྲུན་དགོས་པ་དང་དེ་ཡང་སྤྱི་ཚོགས་མཐུན་ལམ་དང་ལས་རིགས་འདྲ་མིན་སྣ་ཚོགས་བརྒྱུད་དགེ་སློབ་གཉིས་ནས་བསམ་བློ་གཏང་རྒྱུ་གལ་ཆེན་པོ་ཆགས་ཡོད། ང་ཚོའི་མཐོ་སློབ་ནང་དུ་སློབ་ཚན་ཁྲིད་ནས་ཡིག་ཚད་ཙམ་མ་ཡིན་པར་ལས་རིགས་འདྲ་མིན་སྣ་ཚོགས་ནང་གོ་སྐབས་མང་པོ་ཞིག་བསྐྲུན་རྒྱུ་ནི་གལ་གནད་ཆེན་པོ་འདུག དེ་ནི་ང་ཚོ་ཚང་མ་མཐོ་སློབ་རང་གི་ནང་དུ་གནས་སྡོད་བྱེད་ཡོད་པས་སོ། ཤེས་ཡོན་པའི་སྡེ་ཅིག་ནས་རང་གི་རིག་པ་བེད་སྤྱོད་པ་དང་མི་དང་མིའི་བར་གྱི་འབྲེལ་ལམ་མཐུད་ཐབས་སུ་ལུས་སེམས་བདེ་ཐང་གི་སློབ་སྦྱོང་སོགས་མ་ཤེས་ན་དེ་ལ་དགོས་བ་ཅི་ཡང་མེད་པས་ཤེས་ཡོན་པའི་སྡེ་ནས་དེ་གསུམ་ཀ་ངེས་བར་དུ་ཚང་དགོས།དེར་བརྟེན་ཤེས་ཡོན་ཐད་ནས་ལས་རིགས་འདྲ་མིན་ཐོག་སློབ་མ་རྣམས་ལ་གོ་སྐབས་ཀྱི་ལྡིང་ཆ་བསྐྲུན་རྒྱུ་ནི་གལ་ཆེན་པོ་ཡིན་ལ། དེ་དག་ཡོད་པ་ཡིན་ན་ང་ཚོ་མཐོ་སློབ་འདིའི་ནང་དུ་སློབ་ཚན་གཅིག་པུ་ལ་སྦྱང་བ་ཙམ་མ་ཡིན་པར་སློབ་ཚན་ཡན་ལག་འདྲ་མིན་བསྐྲུན་རྒྱུ་ནི་ང་ཚོའི་མཐོ་སློབ་ལ་མཚོན་ན་གནད་འགག་ཆེན་པོ་ཞིག་ཆགས་ཡོད་པ་རེད། དེ་ལྟར་ཡོང་བར་ཚང་མས་བསམ་ཚུལ་འདོན་པ་དང་གྲོས་བསྡུར་བྱེད་པ་སོགས་བྱེད་རྒྱུ་ནི་ང་ཚོའི་མཐོ་སློབ་འདིའི་དམིགས་ཡུལ་ཡིན། ང་ཚོའི་མཐོ་སློབ་འདི་ནི་གཞན་དང་མ་འདྲེས་པར་གཅིག་པུར་གནས་ཡོད་དུས་ང་ཚོ་ཚང་མ་མཐུན་སྒྲིལ་མཉམ་རུབ་ཐོག་ནས་བསམ་གཞིག་བྱེད་དགོས་ཀྱི་ཡོད་པ་རེད། དེ་བས་ང་ཚོས་མཐོ་སློབ་འདིའི་ཁོར་ཡུག་གཙང་མ་ཉར་བར་སློབ་ཁང་དང་དཔེ་མཛོད་སོགས་ཀྱི་མཐུན་རྐྱེན་གང་མང་བསྐྲུན་དགོས།ལས་བྱེད་སྡོད་ཤག་དང་ཕོ་མོའི་སྡོད་ཁང་ཞལ་ལག་མཆོད་ས་སོགས་ལ་ང་ཚོ་རང་ཉིད་ཀྱིས་བདག་ཉར་བྱེད་དགོས། ང་ཚོས་མཐོ་སློབ་འདིའི་ནང་དུ་ཤིང་ནགས་འདེབས་འཛུགས་དང་འཕྲོད་བསྟེན་ལ་གནོད་པའི་རྩྭ་ལྡུམ་སོགས་གཙང་སེལ་བྱ་དགོས་པ་དང་དེ་འདྲའི་ལས་རིགས་ལ་ཚང་མས་མཉམ་རུབ་ཐོག་ནས་ཧུར་ཐག་གནང་ཐོག་ཚང་མས་ལག་པ་གཏོང་དགོས་པ་རེད། འདི་ནི་ཤེས་ཡོན་ལྟ་གྲུབ་ཀྱི་ཆ་ཤས་ཤིག་རེད།ང་ཚོས་ཤེས་ཡོན་གྱི་ཁོར་ཡུག་བསྐྲུན་པ་སོགས་ཅི་བྱས་ནའང་གཙོ་བོ་སློབ་མ་ཚོས་འདོད་མོས་ཡོད་མེད་གཞི་ལ་བཞག་ནས་ཟུར་སྦྱོང་རིག་ཚན་ཁག་བཀོད་སྒྲིག་བྱ་དགོས་པ་ལས་བཀའ་གཏོང་མི་རུང་ལ་ཤེས་ཡོན་གྱི་ལམ་བུ་ནས་བཀའ་གཏོང་རྒྱུ་ཡོད་པ་མ་རེད།སློབ་ཕྲུག་སོ་སོའི་འདོད་མོས་ལྟར་དགོས་པ་དང་རྒྱུ་མཚན་བཙལ་ནས་དེ་ལ་འཛུལ་དང་མ་འཛུལ་གྱི་གདམ་ཀ་སློབ་ཕྲུག་སོ་སོ་ལ་སྤྲོད་པ་ལས་འཛིན་སྐྱོང་གི་ངོས་ནས་གཏན་འབེབ་བྱས་ན་དགོས་པ་རྒྱུ་མཚན་ཅི་ཡང་ཡོད་མ་རེད།

Read this post in: English

Menu