ཟུར་སྦྱོང་རིག་ཚན་གྱི་ལས་རིམ།

དེ་ཡང་ང་ཚོའི་མཐོ་སློབ་འདི་གྲོང་ཁྱེར་དབུས་དང་ཅུང་ཁད་རིང་བ་དང་ལས་སློབ་གཉིས་ཀ་མཐོ་སློབ་རང་གི་ནང་དུ་སྡོད་ཀྱི་ཡོད་རྐྱེན་རྒྱུན་གཏན་དུ་ཕྱིའི་ཡུལ་མི་དང་འབྲེལ་བ་བྱེད་པའི་གོ་སྐབས་ཉུང་བ་དང་། ང་ཚོའི་སློབ་མ་དེ་དག་ཀྱང་བོད་པའི་གཞི་རིམ་སློབ་གྲྭ་ཁག་ནས་ཡོང་བ་ཡིན་པས་ཁོང་ཚོ་སློབ་གྲྭའི་འཚོ་བའི་བག་ཆགས་ལ་གོམས་ཡོད། གཞི་རིམ་སློབ་གྲྭའི་ནང་དུ་ཡོད་དུས་ཀྱང་བཙན་བྱོལ་བའི་དམིགས་བསལ་གནས་བབ་ཀྱི་དབང་གིས་དུས་ཚོད་མང་ཆེ་བ་སློབ་གྲྭ་ཁོ་ནར་བསྡད་པ་དང་འདིེར་མཐོ་སློབ་ནང་དུ་འཛུལ་དུས་ཀྱང་མཐོ་སློབ་རང་གི་ནང་དུ་སྡོད་ཀྱི་ཡོད་པའི་བཟང་ཕྱོགས་ཀྱི་ཆ་རྐྱེན་དེ་དག་ལ་ཁེན་ནས་སྡོད་པ་ལས་རང་མགོ་རང་འདོན་བྱེད་པ་སོགས་འགྲན་རྩོད་ཆེ་ལ་འགྱུར་བ་མགྱོགས་པའི་འཛམ་གླིང་གི་གནས་བབ་ཐད་གོ་རྟོགས་ལྡན་པར་བྱེད་རྒྱུའི་ཆ་རྐྱེན་ཧ་ཅང་དགོས་གལ་ཆེ་བར་མཐོང་ཡོད། དེར་བརྟེན་རང་ཉིད་རང་མགོ་ཐོན་པར་བྱེད་པ་དང་སློབ་སྦྱོང་དང་ལག་རྩལ་གྱི་ཐད་ནས་གོ་སྐབས་རྒྱ་ཆེ་རུ་གཏོང་བ་སོགས་ཀྱི་ཆེད་དུ་རང་ཉིད་ཀྱི་འཇོན་ཐང་དང་རང་དོན་ལྷུར་ལེན་ངང་སློབ་སྦྱོང་བྱ་རྒྱུའི་ངོས་འཛིན་དང་འདུན་པ་ཆེ་རུ་འགྲོ་བ་དང་། མཐོ་སློབ་ཏུ་འགྲིམ་དུས་ཀྱང་མཐོ་སློབ་ནང་དུ་རང་དབང་དང་གང་འདོད་ངང་འཚོ་བ་སྐྱེལ་ས་ཞིག་ལ་ངོས་འཛིན་བྱེད་པའི་ནོར་འཁྲུལ་ཅན་གྱི་བསམ་བློ་བཅོས་བསྒྱུར་གྱིས་མཐོ་སློབ་ནང་དུ་སློབ་སྦྱོང་བྱེད་པ་ནི་རང་དོན་རང་གཅེས་དང་རང་འགན་རང་ཁུར་གྱི་གོམས་གཤིས་འཇགས་བྱེད་རྒྱུ་དེ་སློབ་གླིང་འདིེར་ཟུར་སྦྱོང་རིག་ཚན་འཆར་འགོད་དང་གསར་འཛུགས་བྱེད་རྒྱུའི་རྒྱུ་མཚན་གྱི་གཞི་རྟེན་བཅོལ་ས་ཡིན།

Read this post in: English

Menu