དང་བླངས་ཞབས་ཞུ་བ།

ཏཱ་ལའི་བླ་མ་མཐོ་རིམ་མཐོ་རིམ་སློབ་གཉེར་ཁང་ནས་གང་ཟག་རང་ཉིད་ཀྱི་ལས་རིགས་ཡར་རྒྱས་གཏོང་ཆེད་དང་བླངས་ཞབས་ཞུ་དང་ཉམས་གསོག་གི་གོ་སྐབས་འབུལ་གྱི་ཡོད། ཕན་ཚུན་གཉིས་མོས་ཐོག་མཐོ་སློབ་འདི་ལ་རང་ཉིད་ཀྱི་དམིགས་བསལ་རིག་རྩལ་ལམ་ལས་རིགས་ལག་ཤེས་ཀྱིས་ཞབས་འདེགས་ཞུ་ཐུབ་མཁན་རྣམས་ལ་ང་ཚོས་དགའ་བསུ་ཞུ་ཡི་ཡོད། མཐོ་སློབ་ཀྱི་ངོས་ནས་བོད་ཀྱི་སྐད་ཡིག་དང། ནང་ཆོས་ལ་སློབ་གཉེར་། དེ་བཞིན་བོད་ཀྱི་རིག་གཞུང་ལ་རྒྱུས་མངའ་བཅས་ཀྱི་མཐུན་རྐྱེན་སྦྱོར་གྱི་ཡོད། འདི་གར་གནས་སྡོོད་བྱེད་རིང་ང་ཚོས་རིན་མེད་ཀྱི་བཞུགས་ཁང་དང་ཞལ་ལག་ཀྱང་གོ་སྒྲིག་བྱེད་ཀྱི་ཡོད། འོན་ཀྱང་ཕར་ལམ་ཚུར་ལམ་གྱི་ལམ་གྲོན་དག་མཐོ་སློབ་ནས་འཇལ་ཐབས་མི་འདུག།

Read this post in: English

Menu