ཨ་མ་ལགས་ཀྱི་གསུང་འཕྲིན།

  1. Home
  2. chevron_right
  3. གཙོ་ངོས།
  4. chevron_right
  5. ཨ་མ་ལགས་ཀྱི་གསུང་འཕྲིན།

“ད་བར་དུ་གྲུབ་འབྲས་ངེས་ཅན་ཞིག་སོན་ཡོད་ཀྱང་ང་ཚོའི་དམིགས་ཡུལ་དང་བསྒྲུབ་བྱ་སྟེ། ཕྲུ་གུ་རྣམས་ལ་བྱམས་སྐྱོང་གིས་དགོས་ངེས་ཀྱི་མཐུན་རྐྱེན་དང་གོ་སྐབས་གསར་བསྐྲུན་གྱིས་ཁོ་ཚོའི་འཇོན་ཐང་ཡོངས་སུ་མངོན་ཐུབ་པ་བྱ་རྒྱུར་ད་དུང་ཡང་བར་ཐག་རིང་པོ་ལྷག་ཡོད། ༸གོང་ས་མཆོག་ནས་བོད་ཁྱིམ་དབུ་བརྙེས་ནས་ལོ་ངོ་ ༤༨་འཁོར་བའི་མཛད་སྒོའི་ཐོག་གསལ་སྟོན་མཛད་པ་བཞིན་མ་འོངས་པའི་ལས་གཞི་ཁག་གི་ཁ་ཕྱོགས་ནི་རིག་གནས་བྱེ་བྲག་པའི་ཁྱད་ལས་པ་ཐོན་ཐབས་ཀྱིས་བཙན་བྱོལ་སྤྱི་ཚོགས་ཀྱི་དགོས་མཁོ་བཀང་ཐུབ་ཞིག་དང་དེ་ལས་ཀྱང་གལ་ཆེ་བ་ཞིག་ལ་མ་འོངས་པར་བོད་དུ་ཕྱིར་ལོག་བྱེད་སྐབས་ཀྱི་དགོས་མཁོ་རྣམས་འགེངས་ཐུབ་དགོས། ངཚོས་ཕྲུ་གུའི་ཤེས་ཡོན་དང་རིག་གཞུང་། སྤྱི་ཚོགས་ཀྱི་འཚར་ལོངས་ཀྱི་གནས་བབས་ཡར་རྒྱས་གཏོང་དགོས་ཀྱང་ངེས་པར་དུ་ང་ཚོ་བཙན་བྱོལ་བའི་བབ་ཆགས་ཀྱི་མི་ཚེ་སྐྱེལ་སྟངས་དེ་བསྒྱུར་དགོས་དོན་མེད།”
ཨ་མ་རྗེ་བཙུན་པདྨ་མཆོག་ནས།     ཨ་མ་རྗེ་བཙུན་པདྨ་མཆོག་གི་གསུང་འཕྲིན།

Read this post in: English

Menu