ལས་འཆར་གྱི་རིམ་པ།

  1. Home
  2. chevron_right
  3. གཙོ་ངོས།
  4. chevron_right
  5. ལས་འཆར་གྱི་རིམ་པ།

ཤེས་ཡོན་ལས་འཆར།

ཕྱི་ལོ་ ༢༠༡༦ དང་ ༢༠༡༧ ལོའི་སློབ་དུས་གསར་བའི་ནང་གི་རྒྱུན་སྲོལ་ལག་ཁྱེར་གྱི་ལས་གཞི་སྒྱུ་རྩལ་རབ་འབྱམས་དང་། ཚོང་རིག་སྡེ་ཚན། གློག་ཀླད་སྡེ་ཚན་བཅས་གསུམ་དང་། བོད་དང་རྒྱའི་སྐད་ཡིག་དང་རྩོམ་རིག་ཆེད་སྦྱོང་རབ་འབྱམས་གཉིས་བཅས་ཀྱི་ནང་སློབ་ཕྲུག་བརྒྱ་བརྒྱ་ལྷག་གིས་འཛུལ་ཞུགས་མིང་ཐོ་བཀོད་དེ་ད་ལྟའི་ཆར་སློབ་གླིང་འདིེར་ཁྱོན་སློབ་མ་སུམ་བརྒྱ་ལྷག་ཡོད།

ཨར་ལས་འཛུགས་བསྐྲུན་གྱི་ལས་གཞི།

སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་འཛམ་གླིང་གང་སར་གནས་པའི་གཏོང་ཕོད་ཡངས་པའི་སྦྱིན་བདག་བརྒྱ་ཕྲག་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་ཐོག་མའི་འཛུགས་བསྐྲུན་གྱི་རིམ་པ་རྣམས་གྲུབ་ནས་ད་ལྟ་འཛུགས་བསྐྲུན་གྱི་རིམ་པ་གཉིས་པ་མྱུར་སྒྲུབ་བྱེད་ཀྱིན་པའི་སྐབས་ཡིན། ལས་འཆར་གྱི་གཞི་ཁྱོན་ཡོངས་རྫོགས་འབྱུང་འགྱུར་ལོ་གསུམ་གྱི་ནང་འགྲུབ་འཆར་ཡོད། མཐོ་སློབ་འདི་ཉིད་མ་འོངས་པའི་བོད་པའི་མི་རབས་དག་གི་ཆེད་དུ་རང་དབང་ལྡན་པའི་གཙུག་ལག་སློབ་གྲྭ་ཞིག་ཏུ་འགྱུར་བའི་ང་ཚོའི་རྨི་ལམ་མངོན་གྱུར་ཡོང་ཐབས་སུ་སྐུ་ཉིད་དང་ཡང་ན་ཁྱེད་ཅག་སུ་ཡིན་གྱིས་མུ་མཐུད་ནས་དཔལ་འབྱོར་གྱི་རྒྱབ་སྐྱོར་གནང་བར་ང་ཚོས་སྙིང་དབུས་ནས་བཀའ་དྲིན་ཞུ་བཞིན་ཡོད།

Read this post in: English

Menu