དྭངས་བླངས་པ་ཚོའི་ངོ་སྤྲོད།

ལིནཌཱལིནནཱརཛ། Linda Linnartz

Linda Linnartz May 2013ཨ་རིའི་ཝརངིནིཡ་གཙུག་ལག་སློབ་ཁང།
ཕྱི་ལོ་༢༠༡༣ལོའི་ཕྱི་ཟླ་བཞི་པའི་ནང་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་ཡོང་ཏེ་འཛིན་སྐྱོང་གི་མི་སྣ་དང་ལྷན་དུ་ལས་གཞི་མང་པོའི་ནང་དུ་ལས་ཀ་བྱ་རྒྱུའི་གོ་སྐབས་ཐོབ་བྱུང།ཚུར་ལོག་རྗེས་ངས་བོད་ཀྱི་སྤྱི་ཚོགས་དང་རིག་གཞུང།དེ་བཞིན་རྒྱ་གར་ནང་གི་མཐོ་རིམ་སློབ་གསོ་བཅས་ཀྱི་སྐོར་ལ་ཤེས་རྟོགས་གང་མང་བྱུང།ང་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་ཡོང་དོན་གཙོ་བོ་ནི་ངའི་གྲོགས་མོ་བུ་མོ་ཚེ་རིང་དང་དུས་ཚོད་མང་ཙམ་འགྲོགས་རྒྱུ་དང་།མཐོ་སློབ་ཀྱི་ཀྱི་ཤེས་ཡོན་ལས་གཞི་ཁག་ཡར་རྒྱས་དང་འཕེལ་རྒྱས་གཏོང་བར་རོགས་རམ་བྱ་རྒྱུ་དེ་ཡིན།ང་ལ་མཐོ་རིམ་སློབ་གསོའི་འཛིན་སྐྱོང་དང་སྤུས་ཚད་ཐད་ལ་ཆེད་ལས་པའི་ཆ་རྐྱེན་ཚང་བ་དེས་དང་བླངས་ཀྱིས་དུས་ཚོད་ངེས་ཅན་ནང་མཐོ་སློབ་ཡར་རྒྱས་གཏོང་ཕྱོགས་དང་འཚམ་པོ་བྱུང་སོང།
ང་ཐོག་མར་འབྱོར་སྐབས་མཐོ་སློབ་ཀྱི་དྲོ་སྐྱིད་དང་བྱམས་བརྩེའི་རྣམ་པ་དེ་ལམ་སེང་མྱོང་ཐུབ་པ་བྱུང་ལ་རྒྱ་གར་གྱི་ཤེས་ཡོན་གནས་སྟངས་ཐོག་ལ་ས་ཁུལ་ལ་དངོས་སུ་བསྐྱོད་པ་ལྟ་བའི་མྱོང་ཚོར་ཟབ་མོ་བྱུང།ངས་མཐོ་སློབ་ཀྱི་འཛིན་སྐྱོང་དང་དཔུང་པ་མཉམ་གཤིབས་ཀྱིས་མཐོ་རིམ་ཤེས་ཡོན་གྱི་ལས་འཆར་ཁག་ཏུ་ལས་ཀ་བྱས་ཐུབ་པ་ཙམ་མ་ཟད།ཉིན་རྒྱབ་ཏུ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་པ་བོད་མིའི་བསམ་བློའི་གཞི་རྩ་དང་འབྲེལ་བའི་སློབ་ཚན་གྱི་འཛིན་གྲྭར་བསྐྱོད་པའི་གོ་སྐབས་རག་བྱུང།ང་གཟའ་འཁོར་སྡོད་རིང་དགེ་རྒན་དང་ལས་བྱེད་པའི་སྤུས་ཚད་དང་སློབ་གཉེར་བས་རང་འཁྲིའི་ཤེས་ཡོན་ཐོག་ལ་གྲུབ་འབྲས་སོན་པ་བྱ་རྒྱུའི་ཆོད་སེམས་དེ་གཉིས་ལ་ཡིད་སྨོན་སྐྱེས་བྱུང།
གལ་ཏེ་ཁྱེད་ཉིད་ལ་མཐོ་སློབ་དེར་དང་བླངས་ཞབས་ཞུའི་འདོད་མོས་ཡོད་པ་དང།གོ་སྐབས་ཐོབ་པ་དང།དེ་བཞིན་ཁྱད་དུ་འཕགས་པའི་མི་དེ་དག་བརྒྱུད་སྤྲོད་བྱ་ཐུབ་པའི་ལག་རྩལ་དེ་འདྲ་ཡོད་ཚེ།ངས་དེར་འཛུལ་ཞུགས་བྱ་དགོས་པའི་ངོས་སྦྱོར་བྱ་རྒྱུ་ཡིན།དེར་ཁྱེད་ལ་ནམ་ཡང་བརྗེད་ཐབས་མེད་པའི་མྱོང་ཚོར་ཞིག་ཐོབ་ངེས་ཡིན།

ཌེནཀརཊིན། Deane Curtin

Deane Curtin picརྒྱུ་རྩལ་རིག་པའི་ཧནསནཕེཊརསན་གྱི་སློབ་དཔོན་ཆེན་མོ།
གྷསཊཱཝཱསཨཌོལཕྷས་མཐོ་སློབ།
ངས་ལོ་གཅིག་རིང་དུ་རྒྱ་གར་དུ་Fulbright Nehru Fellowship ཉམས་ཞིབ་ཐོག་ལ་བཏང་བའི་ཆ་ཤས་སུ་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་སློབ་ཁྲིད་བྱས་པ་ཡིན།སློབ་སྤྱི་བུ་མོ་ཚེ་རིང་ལགས་ནས་གདན་ཞུ་གནང་བ་བཞིན་ངས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཕྱག་དེབ་ཆོས་ལས་འདས་པ་ཞེས་པ་དེ་གཞིར་བཞག་སྟེ་བཟང་སྤྱོད་ཀྱི་སློབ་གཞི་གཙོ་བོ་དེ་གསར་སྒྲིག་དང་སློབ་ཁྲིད་བྱས་པ་ཡིན།
༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་རང་གི་བདེ་རྩ་ནི་གཞན་ལ་དོ་འཁུར་བྱས་པ་ལས་བྱུང་བ་ཞིག་ཡིན་པ་ཤེས་རྟོགས་ཐུབ་པའི་ཐབས་ལམ་ལེགས་ཤོས་དེ་ཤེེས་ཡོན་ཡིན།མི་ཚང་མའི་ཁེ་ཕན་ཙམ་མ་ཟད།མི་ཚང་མའི་ལས་འགན་ཡིན་པའི་ཞི་བདེ་དང་བྱམས་བརྩེ་ཅན་གྱི་འཛམ་གླིང་ལེགས་པོ་ཞིག་བསྐྲུན་ཐུབ།ཅེས་གསུངས།ངས་དུས་རབས་ཉེར་གཅིག་འདིར་བོད་མི་ན་གཞོན་རྣམས་ལགཞན་ལ་ཕན་པ་སྒྲུབ་ནུས་པའི་དོན་སྙིང་ཅན་གྱི་མི་ཚེ་ཞིག་སྐྱེལ་དགོས་པའི་སློབ་གསོའི་འགན་གཙོ་བོ་དེ་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གིས་འཁུར་ཐུབ་པར་ཡིད་ཆེས་བྱེད་ཀྱི་ཡོད།
ཟླ་བ་གཉིས་རིང་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་ང་དང་དིལླི་བོད་ཁང་གི་འགན་འཛིན་དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་གཉིས་པོས་བཟང་སྤྱོད་ཀྱི་སློབ་གཞི་གཙོ་བོ་དེ་སློབ་ཁྲིད་བྱས་པ་ཡིན།
ང་ལ་གཏན་སྡོད་མ་ཡིན་པའི་གཙུག་ལག་སློབ་ཁང་ཞིག་ཏུ་ཐོབ་ཐབས་མེད་པའི་གོ་སྐབས་ཏེ་འཛིན་སྐྱོང་དང་དགེ་རྒན།སློབ་གཉེར་བ་བཅས་ཀྱི་སྐོར་ལ་ཤེས་རྟོགས་བྱུང།ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ནས་ཤེས་ཡོན་ཙམ་མིན་མི་ཆ་ཚང་བ་ཞིག་བསྐྲུན་པའི་རེ་དམིགས་དེ་ངས་མོས་མཐུན་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད།ང་ལ་རྒྱ་གར་དུ་གོ་སྐབས་ཁྱད་འཕགས་ཅན་མང་པོ་བྱུང་བའི་ཁྲོད་དུ་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་ཉམས་མྱོང་དེ་ཆེས་འབུར་དུ་ཐོན་པ་ཡིན།ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་སློབ་གཉེར་བ་རྣམས་ལ་ཆེས་ཚད་མཐའི་ཤེས་ཡོན་ཐོབ་ཀྱི་འདུག་པས།ངས་རང་ཉིད་གནས་སྐབས་དགེ་རྒན་ཞིག་བྱ་ཐུབ་པར་དགའ་སྣང

Menu