དགོས་པ་དང་དམིགས་ཡུལ།

  1. Home
  2. chevron_right
  3. གཙོ་ངོས།
  4. chevron_right
  5. དགོས་པ་དང་དམིགས་ཡུལ།

དམིགས་ཡུལ།

བོད་ཕྲུག་ཁྱིམ་སྡེ་ནི་གཅིག་སྡུད་ཉམ་སྐྱོང་ཚོགས་སྡེ་ཞིག་ཡིན་པས་དེའི་དམིགས་ཡུལ་ནི་ལྟ་སྐྱོང་འོག་ལ་ཡོད་པའི་བོད་ཕྲུག་རྣམས་ཚད་ལྡན་གྱི་ཤེས་ཡོན་དང་། རིག་གཞུང་གི་ངོ་བོ་བརྟན་པོ། རང་འཚོ་ཐུབ་ཅིང་ཆུང་ས་ནས་བོད་མིའི་སྤྱི་ཚོགས་དང་ཆེ་ས་ནས་འཛམ་གླིང་སྟེང་ལ་ཞབས་འདེགས་སྒྲུབ་ཐུབ་པའི་མི་སྣ་ཞིག་ཐུབ་པ་དེ་ཡིན།

 དགོས་པ།

༡༽གཞི་རྒྱ་ཆེ་ཞིང་འབྲེལ་མཐུད་རང་བཞིན་ཅན་གྱི་མཐོ་རིམ་སློབ་གཞི་སྒྲིག་རྒྱུ།
༢༽ཤེས་ཡོན་གྱི་གནས་ཚད་གཏིང་ཟབ་ཡོང་སླད་ཆེད་ལས་སློབ་སྦྱོང་གི་གོ་སྐབས་བསྐྲུན་རྒྱུ།
༣༽སློབ་སྦྱོང་བྱ་རྒྱུའི་འདུན་པ་ཆེར་བསྐྱེད་ནས་མི་ཚེ་ཧྲིལ་པོར་སློབ་གཉེར་ལ་འཇུག་མཁན་ཞིག་ཆགས་པ།
༤༽སློབ་གཉེར་བ་རྣམས་མ་འོངས་པར་ལས་རིགས་གང་འདྲ་ཞིག་གཉེར་བའམ་ས་གནས་གང་དུ་གནས་སྡོད་བྱས་རུང་སྤྱི་ཚོགས་ཐོག་ནུས་པ་ཐོན་མཁན་ཞིག་ཆགས་པ།
༥༽སློབ་གཉེར་བ་རང་ཉིད་ཀྱི་གདམ་ཁ་དང་བྱ་སྤྱོད་ལ་འགན་འཁུར་ཐུབ་པ།
༦༽གཏན་འབེབས་ལྟར་གྱི་སློབ་སྦྱོང་གནས་ཚད་ལོངས་དགོས།
༧༽བརྟག་དཔྱད་དང་ཞིབ་འཇུག་ཀྱི་ལམ་ནས་ཤེས་ཚད་རྩེར་སོན་ཡོང་བ།
༨༽མཐོ་སློབ་ནང་དུ་ཕན་ཚུན་གུས་བརྩི་དང་ཡིད་ཆེས་ལྡན་པའི་འཁོར་ཡུག་བསྐྲུན་རྒྱུ།

Menu