གཙོ་ངོས།

  1. Home
  2. chevron_right
  3. གཙོ་ངོས།

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་།

རྒྱ་གར་ནང་གི་བོད་པའི་སྤྱི་ཚོགས་མ་ཟད་འཛམ་གླིང་ནང་དུ་འདི་ལྟ་བུའི་སློབ་གླིང་གི་ཆེས་ཐོག་མར་གྱུར་བའི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་ཕེབས་པར་དགའ་བསུ་ཞུ། སྐྱབས་བཅོལ་བོད་མིའི་སྤྱི་ཚོགས་ཀྱི་མི་རབས་གསར་པའི་གཞོན་སྐྱེས་ཀྱི་ཤེས་ཡོན་ཡར་རྒྱས་ལ་དམིགས་པའི་ང་ཚོའི་མ་འོངས་པའི་ལྟ་ཕྱོགས་དང་བྱེད་སྒོ་རྣམས་ཤེས་འདོད་ཡོད་ན་དྲ་ངོས་འདིར་གཟིགས་རོགས། སྐུ་ཉིད་ཀྱིས་དྲྭ་རྒྱ་འདི་ནས་སློབ་གླིང་འདིའི་དགོས་པ་དང་དམིགས་ཡུལ་རྣམས་ཤེས་རྗེས། ང་ཚོའི་སློབ་གླིང་འདིའི་འཕེལ་རྒྱས་དང་། ལྷག་པར་ཕུགས་རྒྱང་རིང་པོའི་ཡར་རྒྱས་ལ་སྨན་པའི་སྐུ་ཉིད་ཀྱི་དགོངས་འཆར་དང་། རྒྱབ་སྐྱོར་གནང་བར་ང་ཚོས་དགའ་བསུ་ཞུ་བཞིན་ཡོད།

སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐོག་མའི་དགོངས་དོན་ལྟར།བོད་ཁྱིམ་གྱི་དམིགས་ཡུལ་ནི་བོད་ཁྱིམ་རང་གི་ལྟ་རྟོག་འོག་ཡོད་པའི་བོད་ཕྲུག་དག་ལ་དེང་རབས་ཀྱི་ཤེས་ཡོན་ཚད་ལྡན་ཞིག་སྤྲོད་རྒྱུ་དང་། སོ་སོའི་རིག་གཞུང་གི་ངོ་བོའི་འདུ་ཤེས་བརྟན་པོ་ཞིག་འཇགས་པར་བྱ་རྒྱུ་དེ་ཡིན་ཞིང་། དེ་ལྟར་བྱེད་པའི་དམིགས་དོན་ཡང་བོད་ཕྲུག་རྣམས་རང་རྟེན་ཆགས་ཏེ། ཆུང་ས་ནས་སོ་སོའི་སྤྱི་ཚོགས་དང་། ཆེ་ས་ནས་འཛམ་གླིང་ལ་ཞབས་འདེགས་སྒྲུབ་ཐུབ་པའི་མི་བུ་ཞིག་ཏུ་འགྱུར་རྒྱུ་དེ་ཡིན།

མཐོ་རིམ་སློབ་གཉེར་ཁང་འདི་བཞིན་བྱིས་པར་ལྟ་སྐྱོང་དང་ཤེས་ཡོན་གྱི་མཐུན་རྐྱེན་བསྒྲུབ་པའི་གཞན་ཕན་གྱི་ཚོགས་པ་སྟེ་ཡོངས་གྲགས་སུ་བོད་ཕྲུག་ཁྱིམ་སྡེ་ཞེས་པ་དེའི་ཆ་ཤས་ཤིག་ཡིན། འདས་པའི་ལོ་ངོ་མང་པོའི་རིང་ནས་བོད་ཕྲུག་ཁྱིམ་སྡེ་འདི་བཞིན་སྐྱབས་བཅོལ་བོད་མིའི་སྤྱི་ཚོགས་ནང་གི་རང་དབང་ལྡན་པའི་ཤེས་ཡོན་གྱི་ཚོགས་སྡེ་ཆེ་ཤོས་ཤིག་ཏུ་གྱུར་ཡོད། ཐོག་མའི་དགོས་མཁོ་ལ་གཞིགས་ཏེ་བོད་ཕྲུག་ཁྱིམ་སྡེའི་ངོས་ནས་གཞི་རིམ་སློབ་གྲྭ་འཛུགས་གཉེར་ཞུས་ཏེ་མུ་མཐུད་ཡར་རྒྱས་གཏོང་རྒྱུར་འབད་བརྩོན་བྱས་པས། མཐོ་རིམ་གྱི་གནས་ཚད་ཡོད་པའི་སློབ་སྦྱོང་སྤྲོད་ཐུབ་པའི་དམིགས་ཚད་འཛིན་ཐུབ་པ་བྱུང་ཡོད། བྷེང་ལོར་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ནི་བོད་ཕྲུག་ཁྱིམ་སྡེའི་ཤེས་ཡོན་རང་བཞིན་གྱི་འབད་ཕྱོགས་ཤིག་དང། བོད་ཕྲུག་ཁྱིམ་སྡེའི་སྟངས་འཛིན་འོག་ཡོད་པའི་གལ་འགངས་ཆེ་ཤོས་ཀྱི་ལས་གཞི་ཁྲོད་གཅིག་ཡིན། སྐུ་ཉིད་ཀྱིས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ལ་དོ་སྣང་བྱེད་པར་ང་ཚོས་དགའ་བསུ་ཞུ་བཞིན་ཡོད།

Menu