གཙུག་ལག་རབ་འབྱམས་ཀྱི་བསླབ་གཞི་གཏན་འབེབས་ཆེད་མཁས་པའི་བགྲོ་གླེང་ལྷན་ཚོགས།

གཙུག་ལག་རབ་འབྱམས་ཀྱི་བསླབ་གཞི་གཏན་འབེབས་ཆེད་མཁས་པའི་བགྲོ་གླེང་ལྷན་ཚོགས།
 ༼  ཕྱི་ལོ་ ༢༠༡༩ ཕྱི་ཟླ་  ༡༠  ཚེས་ ༢༩ – ༣༠ ༽

༈ ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོའི་མཛད་འཕྲིན་དང། བོད་ཀྱི་ཆོས་རིག་གི་གཟི་བྱིན་ལ་བརྟེན་ནས། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་འདི་བཞིན་མེས་སོར་དང་སྦེང་ལོར་གཙུག་ལག་སློབ་གཉེར་ཁང་གཉིས་ཀྱི་ངོས་འཛིན་ཡོད་པའི་མཐོ་རིམ་སློབ་གླིང་ཞིག་ཏུ་གྱུར་ཐུབ་པ་བྱུང་ཞིང། སློབ་གླིང་འདིར་བོད་ཀྱི་རིག་གནས་སྡེ་ཁག་དམིགས་བསལ་ཆེད་འཛུགས་བྱས་པ་དེའང་གཙུག་ལག་སློབ་གཉེར་ཁང་ཁག་དེ་གཉིས་ནས་བོད་ཀྱི་སྐད་ཡིག་ཉེ་བའི་གཙུག་ལག་རབ་འབྱམས་དང་། བོད་ཀྱི་རིག་གནས་(ནང་པའི་ལྟ་གྲུབ་གཙུག་ལག་རབ་འབྱམས། བོད་ཀྱི་སྐད་ཡིག་གཙུག་ལག་རབ་འབྱམས། བོད་ཀྱི་རྩོམ་ཡིག་གཙུག་ལག་རབ་འབྱམས། བོད་ཀྱི་ལོ་རྒྱུས་གཙུག་ལག་རབ་འབྱམས) ཐོག་གཙུག་ལག་རབ་འབྱམས། བོད་ཀྱི་རིག་གནས་ཉམས་ཞིབ་ལྟེ་གནས་ཁང་བཅས་ཀྱི་ཚད་འཛིན་ངོས་འཛིན་ཐོབ་ཐུབ་པ་བྱུང་ཡོད།

བོད་ཀྱི་སྐད་ཡིག་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་ཀྱི་བསླབ་གཞི་དེ་ཉིད་ཕྱི་ལོ་ ༢༠༡༠ ནས་ཐོག་མར་བོད་ཡིག་རིག་གནས་རབ་འབྱམས་འགོ་འཛུགས་སྐབས་ནས་བསླབ་གཞི་གཏན་འབེབས་ཞུས་ཤིང་། ཕྱི་ལོ་ ༢༠༡༣ ནས་མཱེ་སོར་གཙུག་སློབ་གཉེར་ཁང་གི་ངོས་འཛིན་ཡོད་པའི་མཁས་པའི་ལྷན་ཚོགས་(BOS)ཀྱིས་བསྐྱར་སྒྲིག་ཡང་སྒྲིག་གིས་ད་ཆ་གཞི་རྐང་ཚུགས་པའི་བསླབ་གཞིའི་ངོ་བོར་གྱུར་ཟིན་པ་དང་། སླར་ཡང་འདི་ལོ་ནས་སྦེང་ལོར་གཙུག་ལག་སློབ་གཉེར་ཁང་གི་མཁས་པའི་ལྷན་ཚོགས་(BOS) ནས་ཀྱང་ངོས་འཛིན་ཐོབ་ནས་སློབ་ཁྲིད་ལག་བསྟར་འགྲོ་མུས་ཡིན།

གཙུག་ལག་རབ་འབྱམས་ཀྱི་བསླབ་གཞི་ཁག་སྔ་ལོ་ནས་སྦེང་ལོག་གཙུག་ལག་སློབ་གཉེར་ཁང་གི་མཁས་པའི་ལྷན་ཚོགས་(BOS)ནས་ངོས་འཛིན་ཐོབ་སྟེ་སློབ་ཁྲིད་ལག་བསྟར་འགྲོ་མུས་དེ་ལྟར་ཡང་།

བཙན་བྱོལ་ནང་བོད་ཀྱི་རིག་གནས་ཐོག་དེང་དུས་ཀྱི་ཤེས་ཡོན་ལམ་སྲོལ་དང་མཐུན་པའི་མཐོ་རིམ་ཤེས་ཡོན་སྲིད་བྱུས་སམ་ལམ་ལུགས་གསལ་པོ་མེད་པ་དང་། མཐོ་རིམ་ཤེས་ཡོན་གྱི་ལྟ་གྲུབ་དང་སྲིད་བྱུས་ཀྱི་ལམ་ལུགས་གཞིར་བཟུང་གིས་བསླབ་གཞི་གཏན་འབེབས་དང་སློབ་ཁྲིད་ཐབས་ལམ་བཅས་ཀྱི་ཐད་ཀྱང་ཕྱོགས་མང་པོ་ནས་ཡར་རྒྱས་གཏོང་དགོས་པའི་གནས་ཧ་ཅང་མང་བའི་མྱོང་ཚོར་ཟབ་མོ་བྱུང་།

འདི་ག་མཐོ་སློབ་ཀྱི་ངོས་ནས་བོད་ཀྱི་མཐོ་རིམ་རིག་གནས་སློབ་གླིང་ཁག་གི་སློབ་དཔོན་ཁག་གཙོ་བོར་གྱུར་བའི་འབྲེལ་ཡོད་ཆེད་མཁས་པར་རེ་བསྐུལ་གདན་ཞུས་ཀྱིས་ནང་པའི་ལྟ་གྲུབ་དང་། བོད་ཀྱི་སྐད་ཡིག བོད་ཀྱི་རྩོམ་རིག བོད་ཀྱི་ལོ་རྒྱུས་བཅས་ཀྱི་ཐོག་གཙུག་ལག་རབ་འབྱམས་ཀྱི་བསླབ་གཞིའི་ཐད་ཉིན་གཉིས་ཀྱི་བགྲོ་གླེང་ལྷན་ཚོགས་བསྐྱངས་ཏེ་གཞི་འཛིན་བསླབ་གཞི་གཏན་འབེབས་ཐུབ་པ་བྱུང་ཡོད་ཅིང་།   

བསླབ་གཞི་གཏན་འབེབས་བྱུང་བ་དེ་ཉིད་ངེས་པ་དོན་གྱི་མཁས་དབང་༸སྐྱབས་རྗེ་ཟབ་གདོང་རིན་པོ་ཆེ་མཆོག་ལ་སྤྱན་བསྟར་ཐུགས་ཞིབ་དང་ལམ་སྟོན་བཀའ་སློབ་ཡོང་བའི་སྐྱབས་འཇུག་སྙན་སྒྲོན་ཞུས་པ་བཞིན་ཞལ་བཞེས་བཟང་པོ་ཐོབ་པ་ལགས་ན། བརྒྱུད་རིམ་འདི་དག་གཞི་རྩར་བཟུང་ནས་མཐའ་མའི་གཏན་འབེབས་དང་ལག་བསྟར་ཞུ་འཆར་ཡིན།

བགྲོ་གླེང་ལྷན་ཚོགས་ཀྱི་མཛད་རིམ་སྙིང་བསྡུས།
༡        ཚེས་ ༢༩ ཞོགས་པ་ཕྱག་ཚོད་ ༩ པར་ལྷན་འཛོམས་ཀྱིས་ཐོག་སློབ་སྤྱི་འབུམ་རམས་པ་བོུ་ཚེ་རིང་ལགས་ནས་བགྲོ་གླེང་ལྷན་ཚོགས་ཀྱི་ངོ་སྤྲོད་དང་འཚམས་ཞུ་བཀའ་སློབ་གནང་།
༢        ཉམས་ཞིབ་དང་འཛིན་སྐྱོང་འགན་འཛིན་དགེ་བཤེས་བློ་བཟང་རྒྱལ་མཚན་ལགས་ནས་བོད་ཀྱི་རིག་གཞུང་དང་འབྲེལ་བའི་ཉེ་བའི་གཙུག་ལག་རབ་འབྱམས་དང་གཙུག་ལག་རབ་འབྱམས་བཅས་ཀྱི་ཐོག་མའི་རྒྱབ་ལྗོངས། བར་དུ་བསླབ་གཞི་གཏན་འབེབས་ཇི་ལྟར་བྱུང་བའི་རིམ་པ། ལྷག་པར་སྔ་ལོ་ནས་བོད་ཀྱི་རིག་གནས་ཐོག་སྦེང་ལོ་གཙུག་ལག་སློབ་གཉེར་ཁང་གིས་གཙུག་ལག་རབ་འབྱམས་ངོས་འཛིན་གྱིས་ལག་བསྟར་བསླབ་གཞི་གཏན་འབེབས་ཇི་ལྟར་བྱས་པའི་རིམ་པ། ཐེངས་འདིའི་ལྷན་ཚོགས་ཀྱི་དམིགས་ཡུལ་དང་བསྒྲུབ་བྱ་ཇི་ཡིན་བཅས་ཀྱི་ངོ་སྤྲོད་སྙིང་བསྡུས་ཞུས་མཚམས། ཚོགས་ཆུང་སོ་སོར་གྱེས་ནས་ཉིན་གཉིས་ཀྱི་རིང་འབྲེལ་ཡོད་བསླབ་གཞི་སོ་སོར་ཞིབ་ཕྲའི་བཀའ་བསྡུར་ལྷུག་པོ་གནང་ཐུབ་པ་བྱུང་ཡོད།

༣       ཚེས  ༣༠  ཉིན་རྒྱབ་སླར་ཡང་སློབ་སྤྱི་དབུ་བཞུགས་ཐོག་ལྷན་འཛོམས་ཀྱིས་ཚོགས་ཆུང་སོ་སོའི་སྐུ་ཚབ་ནས་འབྲེལ་ཡོད་བསླབ་གཞིའི་བརྒྱུད་རིམ་དང་། གཏན་འབེབས་ཇི་ལྟར་གནང་བའི་ཚུལ། བསླབ་གཞི་སོ་སོར་གདེང་འཇོག་ཇི་ལྟར་བྱ་འོས་སྐོར་ཞིབ་ཕྲ་སྙན་སྒྲོན་ཞུས།
༤       མཐའ་བསྡོམས་ཉམས་ཞིབ་དང་འཛིན་སྐྱོང་འགན་འཛིན་དགེ་བཤེས་བློ་བཟང་རྒྱལ་མཚན་ནས་ཐུགས་རྗེ་ཆེ་ཞུ་དང་། སླད་མ་འོངས་པར་ཡང་བསླབ་གཞི་དེ་དག་ལ་འགྱུར་བ་མུ་མཐུད་འགྲོ་དགོས་པ་དང་། ཡར་རྒྱས་སྣོན་འཇོག་གྱི་ལས་རིམ་དགོས་སྐོར་གྱི་གསལ་འདེབས་ཞུས་ནས་ལྷན་ཚོགས་འདི་ཉིད་རྒྱལ་ཁའི་ངང་གྲོལ།

ཀ༽    ནང་པའི་ལྟ་གྲུབ་གཙུག་ལག་རབ་འབྱམས་ཀྱི་བསླབ་གཞི་གཏན་འབེབས་ཚོགས་ཆུང་།
༡    དགེ་བཤེས་ལྷ་རབས་པ་རོང་པོ་བློ་བཟང་སྙན་གྲགས།

༢   འབྲས་བློ་གླིང་དགེ་བཤེས་ལྷ་རམས་པ་ཟླ་བ་ཚེ་རིང་།
༣    ལྟ་གྲུབ་སློབ་དཔོན་དགེ་བཤེས་ལྷ་རམས་པ་ཉི་མ་དབང་ཕྱུག
༤    ལྟ་གྲུབ་སློབ་དཔོན་དང་ཉམས་ཞིབ་འགན་འཛིན་དགེ་བཤེས་བློ་བཟང་རྒྱལ་མཚན།

ཁ༽    བོད་ཀྱི་རྩོམ་རིག་གཙུག་ལག་རབ་འབྱམས་ཀྱི་བསླབ་གཞི་གཏན་འབེབས་ཚོགས་ཆུང་།

༡      དགེ་བཤེས་ལྷ་རམས་པ་རོང་པོ་བློ་བཟང་སྙན་གྲགས།
༢      ཝ་ཎ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་དགེ་བཤེས་བེ་རི་འཇིགས་མེད།
༣      རྩོམ་རིག་སློབ་དཔོན་ཨ་འབྲུག་དཀོན་མཆོག
༤       བོད་ཡིག་སྡེ་ཚན་འགན་འཛིན་ཨཙརྱ་ཆོས་རྒྱལ་བཀྲིས།

ག༽    བོད་ཀྱི་སྐད་ཡིག་གཙུག་ལག་རབ་འབྱམས་ཀྱི་བསླབ་གཞི་གཏན་འབེབས་ཚོགས་ཆུང་།
          ༡      དགེ་བཤེས་ལྷ་རམས་པ་རོང་པོ་བློ་བཟང་སྙན་གྲགས།

          ༢      ཝ་ཎ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ལྷག་པ་ཚེ་རིང་།
          ༣     ས་རཱ་མཐོ་སློབ་ཀྱི་སློབ་དཔོན་བསོད་ནམས་རྒྱལ་མཚན།
          ༤      སྐད་ཡིག་སློབ་དཔོན་དགེ་བཤེས་བློ་བཟང་དངོས་གྲུབ།

ང༽    བོད་ཀྱི་ལོ་རྒྱུས་གཙུག་ལག་རབ་འབྱམས་ཀྱི་བསླབ་གཞི་གཏན་འབེབས་ཚོགས་ཚུང་།
༡        ཝ་ཎ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་དགེ་བཤེས་བེ་རི་འཇིཌ་མེད་དབང་རྒྱལ།

༢        ས་རཱ་མཐོ་སློབ་ཀྱི་སློབ་དཔོན་བསོད་ནམས་རྒྱལ་མཚན།
༣       ས་རཱ་མཐོ་སློབ་ཀྱི་སློབ་དཔོན་གཙང་སྟོབས་ལགས།
༣       ལོ་རྒྱུས་སློབ་དཔོན་གཉན་ཐར།
༤       ལོ་རྒྱུས་སློབ་དཔོན་ཨཙརྱ་བཀྲ་བཟང་།

Related Posts

No results found.

Menu