སྦྱོང་ཚན་ཁག

ཕྱི་ལོ་༢༠༡༣ ཟླ་བཞི་པ་ནས་བཟུང་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་འདི་བཞིན་མེས་སོར་གཙུག་ལག་སློབ་གཉེར་ཁང་གི་ཁོངས་གཏོགས་ཆེད་ལས་དང་དམིགས་བསལ་རྣམ་གྲངས་གཉིས་ཀྱི་ངོ་བོར་ངོས་འཛིན་ཐོབ་ཡོད། མེས་སོར་གཙུག་ལག་སློབ་གྲྭ་ཆེན་མོ་ནི་དུས་ཡུན་རིང་པོའི་སྔོན་ནས་གནས་ཚད་ལྡན་པའི་གཙུག་ལག་སློབ་གྲྭ་ཆེན་མོ་ཞིག་རེད།

༡. མེས་སོར་གཙུག་ལག་སློབ་གྲྭ་ཆེན་མོའི་ཁོངས་གཏོགས་0utreachངོ་བོར་གནས་པའི་སྦྱོང་ཚན་ཁག

༢. མེས་སོར་གཙུག་ལག་སློབ་གྲྭ་ཆེན་མོའི་ཁོངས་གཏོགས་ཆེད་ལས་རང་བཞིན་གྱི་སྦྱོང་ཚན་ཁག

འཛུལ་ཞུགས་སྙན་ཞུའི་ཚད་འཛིན་ཁག

  1. CBSE གཞིར་བཟུང་ངམ་དེ་མིན་གྱི་སྒྲིག་འཛུགས་གཞན་ནས་འཛིན་རིམ་བཅུ་གཉིས་ཀྱི་ཆ་སྙོམས་སྐར་གྲངས་བརྒྱ་ཆ༦༠དང་ཡན་ལོན་པ་དག་གིས་འདིར་ཡོད་སྦྱོང་ཚན་ཁག་ཚང་མར་སྙན་ཞུ་འབུལ་ཆོག
  2. གློག་ཀླད་རབ་འབྱམས་པར་འཛུལ་ཞུགས་བྱེད་མི་དག་གིས་འཛིན་རིམ་བཅུ་གཉིས་སྐབས་ཚན་རིག་གམ་ཚོང་རིག་གང་རུང་ལ་ཆ་སྙོམས་བརྒྱ་ཆ་༦༠%ལོན་པ་དང་།གཤམ་འཁོད་ཀྱི་ཆ་རྐྱེན་དག་ཀྱང་འབྱོར་དགོས།

ཞིབ་གཟིགས། འདིེར་བཀོད་འཛུལ་ཞུགས་ཀྱི་ཚད་འཛིན་དག་མེས་སོར་གཙུག་ལག་སློབ་གཉེར་ཁང་གི་གློག་ཀླད་རབ་འབྱམས་པའི་སློབ་ཚན་བསྐྱར་བཅོས་དང་། སྒྲིག་གཞི་དང་། འཆར་བཀོད་ཡིག་ཆ་ནས་ཟུར་འདོན་བྱས་པ་ཡིན།

འདམིགས་བསལ་ཆེད་སྦྱོང་ཚན་པར་འཛུལ་ཞུགས་བྱེད་པའི་འོས་ཆོས།

  1. མཐོ་སློབ་ཏུ་འཛུལ་ཞུགས་བྱེད་པར་རང་ལོ་བཅུ་བདུན་ངེས་པར་དུ་ལོན་དགོས་པ་དང་།འཛུལ་ཞུགས་པ་གང་དེར་འཛིན་རིམ་བཅུ་གཉིས་སམ། ཡང་ན་དེ་དང་གནས་རིམ་མཉམ་པའི་ཤེས་ཚད་ལག་ཁྱེར་གྱི་ཆ་སྙོམས་བརྒྱ་ཆ་༦༠དང་བོད་ཡིག་དང་རྒྱ་ཡིག་ཆེད་སྦྱོང་སྡེ་ཚན་གང་དུ་འཛུལ་བའི་སྐད་ཡིག་ལ་མ་མཐའ་བརྒྱ་ཆ་༦༠ལོན་པ་ཞིག་དགོས་པ་ཡིན།ཤེས་ཡོན་གྱི་སྡེ་ཚན་གཞན་ནས་འཛུལ་ཞུགས་བྱེད་མཁན་( དཔེར་ན་དགོན་སྡེ་ཁག་ལྟ་བུ) དག་ལ་ཚུད་རྒྱུགས་ཡིག་ཚད་གཏོང་རྒྱུ་ཡིན་ཞིང་།ཚུད་རྒྱུགས་ཡིག་ཚད་ཀྱི་ལམ་ནས་མཐོ་སློབ་ཏུ་ཚུད་པར་ཉུང་མཐར་བརྒྱ་ཆ༦༠ལོན་དགོས་པ་ཡིན།
  2. ཚུད་རྒྱུགས་ནང་ཞུགས་མཁན་བོད་མི་སུ་རུང་གིས་གཤམ་གསལ་གྱི་ཡིག་ཆ་དག་བསྣམས་དགོས།:
    ཀ) འདི་གའི་སློབ་གླིང་གི་ཡིག་ཚང་ནས་ངོ་སྦྱོར་ཡི་གེ
    ཁ) བདེན་དཔང་བྱས་པའི་སྐྱབས་བཅོལ་ལག་དེབ་དང་དྭང་བླངས་དཔྱ་དངུལ་དེབ་གཉིས་ཀྱི་ངོ་བཤུས།
    ག) སློབ་གླིང་གཞན་ཞིག་ནས་རྒྱབ་གཉེར་ཡིག་ཆ་གང་རུང་ཞིག

 

སྙན་ཞུ།

འཛུལ་ཞུགས་བྱེད་མཁན་གྱི་སློབ་མས་སྙན་ཞུ་དྲ་ལམ་མམ་སྦྲགས་ཁང་བརྒྱུད་ཕྱི་ཟླ་ལྔ་པའི་ཚེས་སོ་གཅིག་གོང་ལ་འབྱོར་དགོས། སྙན་ཞུའི་འགེངས་ཤོག་དྲ་གནས་འདི་ན་ཡོད། སྙན་ཞུ་དུས་ཐོག་ལ་མ་འབྱོར་བར་རྗེས་ལུས་བྱུང་ན་དངུལ་ཆད་སྤྲོད་དགོས། སློབ་སྐབས་གསར་པ་ཕྱི་ཟླ་བརྒྱད་པའི་ཚེས་བཅུ་ནས་ནས་འགོ་འཛུགས་བྱེད་ཀྱི་ཡོད།

སྙན་ཞུ་དང་མཉམ་སྦྱར་དགོས་ངེས་ཀྱི་ཡིག་ཆ།

  1. འབྲེལ་ཡོད་སློབ་སྤྱིའི་དག་མཆན་འཁོད་པའི་འཛིན་རིམ་བཅུ་གཉིས་པའི་ཨང་ཤོག (དྲ་ཐོག་ལ་ཡིག་རྒྱུགས་གྲུབ་འབྲས་གསལ་བསྒྲགས་བྱས་རྗེས་ཀྱི་ཉིན་བདུན་ནང་ཚུན་ལ།)
  2. འབྲེལ་ཡོད་སློབ་སྤྱིའི་དག་མཆན་འཁོད་པའི་གནས་སྤོས་ལག་ཁྱེར།
  3. འབྲེལ་ཡོད་སློབ་སྤྱིའི་དག་མཆན་འཁོད་པའི་སྤྱོད་ལམ་ལག་ཁྱེར།
  4. དུས་འགྱངས་ཟིན་པའི་སྐྱབས་བཅོལ་ལག་དེབ་དང་དཔྱ་ཁྲལ་ལག་དེབ་ཀྱི་ངོ་བཤུས།

འདེམས་ཚུད་བྱུང་བའི་སློབ་ཕྲུག་དག་༢༠༡༥ ལོའི་ཕྱི་ཟླ་བརྒྱད་པའི་ཚེས་ལྔ་ལ་ངེས་པར་སློབ་གླིང་དུ་འབྱོར་དགོས། ( ཚེས་ལྔ་སྔོན་ལ་མ་ཕེབས་རོགས།)

འདེམས་ཚུད་བྱུང་བའི་སློབ་ཕྲུག་དག་གིས་ཏཱ་ལའི་བླ་མ་མཐོ་སློབ་ཏུ་འབྱོར་སྐབས་གཤམ་གསལ་ཡིག་ཆ་ངོ་མ་ཁག་ངེས་པར་དུ་ཡིག་ཚང་ལ་སྤྲོད་དགོས།

  • འཛིན་རིམ་བཅུ་བའི་ལག་ཁྱེར།
  • འཛིན་རིམ་བཅུ་གཉིས་ཀྱི་ཨང་ཤོག
  • འཛིན་རིམ་བཅུ་གཉིས་ཀྱི་གནས་སྤོས་ལག་ཁྱེར།
  • སློབ་ཡོན་འགེངས་ཤོག (བོད་ཕྲུག་ཁྱིམ་སྡེའི་སློབ་ཡོན་བཞེས་མཁན།)
  • ཐམ་གའི་ཆ་ཚད་ཀྱི་ཕྱེད་པར་བཅུ་གཉིས།

གནས་ཚུལ་གཞན།

སློབ་ཞུགས་བྱེད་འདོད་ཡོད་མཁན་དག་ལ་གནས་ཚུལ་གཞན་དགོས་ཚེ་ཁ་པར་བརྒྱུད་དྲུང་ཡིག་ལ་འབྲེལ་གཏུག་གནང་རོགས། འབྲེལ་མཐུད་ཁ་པར་ཨང།

Mobile +91 9611655599

སྙན་ཞུའི་འགེངས་ཤོག་གི་འབྲེལ་ཐག

Menu