སློབ་གཉེར་ལྷན་ཚོགས་ཞེས་པ་ནི་སློབ་གཉེར་བ་སྤྱི་ཡོངས་ཀི་ངོ་ཚབ་དང་སྣེ་ཁྲེད་དུ་ངོ་ཡོད་སློབ་ཕྲུག་དག་གིས་འོས་འདེམས་ཀྱི་ལམ་ནས་ཡོངས་དགོས་ཤིང་།ལྷན་ཚོགས་འདི་ནི་སློབ་གཉེར་བ་བྱིངས་དང་འཛིན་སྐྱོང་བར་གྱི་འབྲེལ་ཟམ་ཡིན།ལྷན་ཚོགས་འདིའི་ངོས་ནས་འཛིན་གྲྭ་སོ་སོ་དང་སློབ་གླིང་གི་བྱེད་སྒོ་ཚང་མ་གོ་སྒྲིག་སྣེ་ཁྲིད་བྱེད་དགོས། ལྷན་ཚོགས་འདིས་སློབ་མའི་ནུས་རྩལ་ངོ་རྟགས་ཆོད་ཕྱིར་དུས་སྐབས་སོ་སོར་རིག་གཞུང་བྱེད་སྒོ་དང་། བགྲོ་གླེང་། རིག་རྩལ་འགྲན་བསྡུར། ཤེས་ཡོན་འདུ་ཚོགས། རྩེད་རིགས་འགྲན་བསྡུར་སོགས་གོ་སྒྲིག་བྱེད་ཀྱི་ཡོད་ལ། ལྷན་ཚོགས་འདི་བརྒྱུད་ཚོགས་མི་དག་ལའང་འགོ་ཁྲིད་ཀྱི་ནུས་པ་སྐྱེ་བསྲིང་བྱེད་པ་ཡིན།

Menu