ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་འཇུག་གསལ་བསྒྲགས།

སློབ་འཇུག་བརྒྱུད་རིམ།

  • ཕྱི་ལོ་ ༢༠༡༩-༢༠༢༠ ལོའི་ཉེ་བའི་གཙུག་ལག་རབ་འབྱམས་པའི་དྲ་ཐོག་སློབ་འཇུག་དེབ་སྐྱེལ་འགེངས་ཤོག་སང་ཉིན་ཚེས་ལྔ་ནས་སྒོ་ཕྱེ་ཡི་ཡོད་པས་མཐོ་སློབ་ཀྱི་གཤམ་གསལ་དྲ་བྱང་ཐོག་ནས་སློབ་འཇུག་དེབ་སྐྱེལ་བྱ་དགོས། དངོས་གཞིའི་སློབ་འཇུག་དེབ་སྐྱེལ་རྒྱལ་ཡོངས་ CBSE འཛིན་རིམ་བཅིུས་ཀྱི་ཡིག་རྒྱུགས་གྲུབ་འབྲས་གསལ་བསྒྲགས་ཐོན་པ་དང་དྲ་ཐོག་ནས་སློབ་འཇུག་དེབ་སྐྱེལ་བྱ་དགོས།
  • འཛིན་རིམ་བཅིུས་ཀྱི་ཡིག་རྒྱུགས་གྲུབ་འབྲས་གཞིར་བཞག་གིས་སློབ་འཇུག་འབུལ་གྱི་རེད། ཆ་རྐྱེན་ཚང་བ་རྣམས་ནས་རང་གི་སློབ་འཇུག་འགེངས་ཤོག་དྲ་ཐོག་བསྐུར་བ་དེས་འཐུས་པ་ལས། ཕབ་ལེན་བྱས་པའི་སློབ་འཇུག་འགེངས་ཤོག་གི་སྙན་ཞུ་མི་བརྒྱུད་དང་སྦྲག་བརྒྱུད་ནས་བསྐུར་གནང་མི་དགོས།
  • འཛིན་རིམ་བཅིུས་ཀྱི་ཡིག་རྒྱུགས་གསལ་བསྒྲགས་ཟིན་པའི་ཉིན་གྲངས་ ༢༠ ཡི་རྗེས་སུ་འབྱོར་བའི་སློབ་འཇུག་འགེངས་ཤོག་འབུལ་མཁན་རྣམས་ནས་འགྱངས་ཆད་ཧིན་སྒོར་ ༢༠༠ རེ་འབུལ་དགོས།
  • བདམས་ཐོན་བྱུང་བའི་སློབ་གཉེར་བའི་ཐོ་གཞུང་ཕྱི་ཟླ་དྲུག་པའི་བདུན་དང་པོ་དང་གཉིས་པའི་ནང་མཐོ་སློབ་ཀྱི་དྲ་རྒྱ་ནས་གཟིགས་ཐུབ།
  • ཉེ་བའི་གཙུག་ལག་རབ་འབྱམས་སློབ་འཇུག་གི་གཞི་རིམ་འོས་ཆོས་ཚད་འཛིན་ནི། ཀར་ན་ཊ་ཀ་མངའ་སྡེ་དང་། CBSE རྒྱལ་ཡོངས་འཛིན་རིམ་བཅིུས་ཐོན་པ་དང་། ཡང་ན་བྷེེང་ལོར་གཙུག་ལག་སློབ་གཉེར་ཁང་གི་ཚད་མཉམ་ངོས་འཛིན་ཡོད་ཁར་བརྒྱ་ཆ་དྲུག་བཅུ་ ༦༠% ཡན་གྱི་ལག་འཁྱེར་ཡོད་དགོས།

Related Posts

No results found.

Menu