མཐོ་སློབ་ཏུ་ཕྱི་མིའི་ལྟ་བསྐོར།

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་ངོས་ནས་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་མི་སྣ་སུ་ཞིག་བྷེང་ལོར་གྲོང་ཁྱེར་གྱི་ཉེ་འཁྲིས་སུ་ཞི་འཇམ་གྱིས་ཁེངས་པའི་མཛེས་ལྗོངས་ལྟ་བུའི་སློབ་གླིང་འདིར་ཕེབས་བསུ་ཞུ་བཞིན་ཡོད། ཕུགས་བསམ་ལྡན་པའི་སློབ་ཕྲུག་ཅིག་ཡིན་ན་སློབ་གླིང་འདི་རང་ཉིད་འཚར་སྐྱེད་དང་སློབ་སྦྱོང་བྱེད་སའི་ཁོར་ཡུག་བཟང་པོ་ཞིག་ཏུ་མཐོང་ངེས། ས་ཁྱོན་སྤྱི་ལེ་གྲུ་བཞི་མ་བརྒྱ་ཕྲག་གིས་གྲུབ་པའི་སློབ་གླིང་འདི་ནི་ཁྱེད་ཀྱི་ཕུགས་རེ་དང་མཐུན་པའི་ཞི་འཇམ་བག་ཕེབས་ཀྱི་ཤེས་ཡོན་སློབ་གཉེར་བྱེད་ཡུལ་གྱི་ཁྱད་དུ་འཕགས་པའི་ས་ཁུལ་ཞིག་ཡིན།

ཕྱི་མི་སུ་རུང་སློབ་གླིང་འདིེར་གཟིེགས་བསྐོར་ཕེབས་འདོད་ཡོད་ཚེ་མཐོ་སློབ་ཀྱི་དྲུག་ཡིག་ལ་ཁ་པར། ཡང་ན་ཡིག་ལམ་བརྒྱུད་འབྲེལ་བ་གནང་རོགས། འབྲེལ་བ་བྱེད་སའི་བརྒྱུད་ལམ་ཁག

Phone:+91 9611655599, +91 080-22797799
Email: secretary (at) dalailamainstitute (dot) edu (dot) in

Menu