ཀྲེཊ་གཏམ་བཤད་མཐོ་སློབ་ཏུ་ཐོག་མར་གནང་སོང་། (TEDx REPLICA)

དེ་རིང་ ༢༠༡༩ ༢ ༢༣ ༡༡:༠༠ ཐོག་ཨིན་སྐད་སྡེ་ཚན་གྱི་སློབ་དགེ་རྒན་བསྟན་འཛིན་ཆོས་འཛིན་ལགས་དང་ཕྱག་རོགས་ཚོས་གོ་སྒྲིག་འོག་མཐོ་སློབ་ཏུ་ཆེས་ཐོག་མའི་ཀྲེཊ་ཨྶེ་གཏམ་བཤད་ཟེར་བའི་འདུ་འཛོམས་ཆེ་བའི་གཏམ་བཤད་ལེགས་པོ་ཞིག་གནང་སོང་།
འདི་ནང་སྒྱུ་རྩལ་སྡེ་ཚན་གྱི་སློབ་གཉེར་བ་ཕོ་མོ་བརྒྱད་དང་། ཨིན་ཇིའི་སྐད་ཡིག་སྦྱོང་མཁན་གྱི་དགེ་བཤེས་ལགས་གཅིག་དང་། དགེ་རྒན་གྱི་སྐུ་ཚབ་དགེ་བཤེས་ལགས་གཅིག་བཅས་ཀྱིས་མཉམ་ཞུགས་ཀྱང་གནང་སོང་།

ཀྲེཊ་ནི། ཕྱི་ལོ་ ༡༩༩༨ ལོར་ཨ་རིའི་མི་སེར་ཡིན་པ་ཁང་བཀོད་དང་བརྐོས་རིས་ཁྱད་ལས་པ་ ༡༩༣༥ ལོར་འཁྲུངས་པ་ (Ricky Wurman) ཟེར་བ་དེས་ཐོག་མར་འགོ་བཙུགས་ཀྱང་ལོ་ཤས་རིང་དེ་ཙམ་གྱི་ཡོངས་ཁྱབ་མ་ཆགས་བརྟེན། ཕྱི་ལོ་ ༢༠༠༨ ལོར་ (Marc Hodosh) ལ་ཀྲེཊ་ཁེ་ཚོང་བཙོངས་ནས་སླར་ཡང་བཟོས་བཅོས་ཀྱིས་འགོ་འཛུགས་བྱས་ནས་དར་ཁྱབ་སོང་།

ཀྲེཊ་ཟེར་བ་ནི་ཨིན་ཇིའི་བུ་མོ་ཆུང་ཆུང་ཞིག་གི་མིང་ཡིན་ཞིང་། ཨིན་ཇིའི་མིང་ཚིག་རྙིང་པར་ (TED) གི་དོན་ནི་ཕྱུག་བདག་དང་བདེ་སྐྱིད། བསོད་ནམས་དང་དབང་ཐང་སོགས་འཕེལ་བར་རྟེན་འབྲེལ་འགྲིག་པའི་དོན་ལ་ངོས་འཛིན་གནང་གི་འདུག

ཀྲེཊ་གཏམ་བཤད་བྱེད་སྟངས་ནི། ཚིག་ཉུང་དོན་བསྡུ་སྟེ་དུས་ཡུན་སྐར་མ་ལྔ་ནས་བཅོ་བརྒྱད་བར་དང་། གཏམ་བཤད་ཀྱི་ནང་དོན་ཧ་ཅང་ཁྱད་པར་གནད་བསྡུས་ཅན། ཚིག་འཕྲོས་མེད་ཅིང་ཚིག་དོན་རེ་རེའི་ནང་དོན་ལ་སྐར་གྲངས་ཀྱིས་མི་ཚེར་ཤུགས་རྐྱེན་སྤྲོད་ཐུབ་པའི་གཏམ་བཤད་ཀྱི་རང་བཞིན་ཞིག་ཡིན་དགོས་པ་རེད།

དེས་ན། ཀྲེཊ་ནི་སྤྱིར་བཏང་གི་གཏམ་བཤད་ལྟ་བུ་ཞིག་མིན་སྟབས་མི་མང་པོ་ཞིག་གིས་དགའ་མོས་དང་འདི་བརྒྱུད་ཁེ་ཕན་ཆེན་པོ་ཐོབ་པར་ངོས་འཛིན་གྱིས་ག་ལེར་ཡོངས་ཁྱབ་ཆེན་པོ་བྱུང་བ་ཞིག་རེད་འདུག

ཀྲེཊ་ནི་ཁེ་མེད་སྒྲིག་འཛུགས་ཤིག་དང་ཡང་སྒོས་བསམ་བློ་བརྗེ་ལེན་གྱི་སྟེགས་བུ་གལ་ཆེན་ཞིག་ལ་བརྩིས་པ་རེད།

ཕྱི་ལོ་ ༡༩༨༤ ཙམ་ནས་འཕྲུལ་ལས་བརྒྱུད་ཐོག་མར་སེམས་ཡང་འདུ་འཛོམས་ནས་འགོ་འཛུགས་ཀྱིས་དེང་སྐབས་རྒྱལ་སྤྱི་ཁྱོན་ལ་ཚན་འཕྲུལ་ནས་ཚོང་ལས་བར་གྱི་བརྗོད་གཞི་ཧ་ཅང་མང་པོར་དར་ཁྱབ་ཡོད་པ་ཞིག་རེད་འདུག

ཀྲེཊ་རྒྱལ་སྤྱིའི་སྐད་ཡིག་མ་འདྲ་བ་བརྒྱ་སྐོར་ནང་ཁྱབ་ནས་ཡོད་པ་ཞིག་ཀྱང་ཡིན་འདུག

Related Posts

No results found.

Menu